ལམ་ལུང་ཀླུ་བཙན་མཐོན་པོ།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2021-09-28 11:08ལ་འགྲུབ།

ལམ་ལུང་ཀླུ་བཙན་མཐོན་པོ།

ལམ་ལུང་ཀླུ་བཙན་མཐོན་པོ།
དེ་ནི་དགའ་བདེ་རྫོང་ཁོ་ཆུ་གྲོང་རྡལ་གྱི་ངམ་འབྲིང་སྡེ་བའི་ཁོངས་སུ་ཡོད་ཅིང་། རྫོང་མཁར་ནས་སྤྱི་ལེ30མཚམས་སུ་ཡོད། མཚོ་འཕགས་སྨི4152ཡོད། སའི་གོ་ལའི་ཤར་གྱི་གཞུང་ཚད100°02′དང་། བྱང་གི་འཕྲེད་ཚད33°37′གྱི་མཚམས་སུ་ཡོད།
གཞི་རྩའི་གནས་ཚུལ།

རིགས་དབྱེ།
གནས་རི།
སྲིད་འཛིན་ཁོངས་གཏོགས།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་།
གནས་ཚད།
ཤར་གྱི་གཞུང་ཚད100°02′དང་། བྱང་གི་འཕྲེད་ཚད33°37′གྱི་མཚམས་སུ་ཡོད།
གནས་ཡུལ།
དགའ་བདེ་རྫོང་ཁོ་ཆུ་གྲོང་རྡལ་གྱི་ངམ་འབྲིང་སྡེ་བ།
1 ​གནས་ཡུལ།

དེ་ནི་དགའ་བདེ་རྫོང་ཁོ་ཆུ་གྲོང་རྡལ་གྱི་ངམ་འབྲིང་སྡེ་བའི་ཁོངས་སུ་ཡོད་ཅིང་། རྫོང་མཁར་ནས་སྤྱི་ལེ30མཚམས་སུ་ཡོད། མཚོ་འཕགས་སྨི4152ཡོད། སའི་གོ་ལའི་ཤར་གྱི་གཞུང་ཚད100°02′དང་། བྱང་གི་འཕྲེད་ཚད33°37′གྱི་མཚམས་སུ་ཡོད།

2 ངག་རྒྱུན་དང་གཏམ་རྒྱུད།

ལམ་ལུང་ཀླུ་བཙན་མཐོན་པོའམ་ཀླུ་བཙན་ཐོག་ལྷ་མེ་འབར་ཞེས་པའི་རི་འདི་ནི། རྨ་ཁོག་ལམ་ལུང་གི་མདོའི་རྨ་འགྲམ་ན་ཡོད་པའི་རྫ་བྲག་སྤང་ནགས་འཛོམས་པའི་རི་མཐོན་པོ་ཞིག་སྟེ། ཡུལ་དེར་གནས་པའི་རི་སྐྱེས་སྲོག་ཆགས་ཀྱི་རིགས་ལ། གནའ་བ། དགོ། འཕར་སྤྱང་། ཝ། སྦྲེ། གཡི་སོགས་མང་བོ་ཡོད་ལ། རྩི་ཤིང་སྨན་ལྡུམ་གྱི་རིགས་ལ། བྱ་རྒོད་སུག་པ། སྲོ་ལོ་དཀར་དམར། གཟའ་བདུད་ནག་པོ། ཨུཏྤལ་སྔོན་པོ། དབྱར་རྩ་དགུན་འབུ་སོགས་རྩི་སྨན་དང་སྔོ་སྨན་གྱི་དྲི་བསུང་འཐུལ་བཞིན་ཡོད། ངག་རྒྱུན་ལ་གླིང་ཇོ་རུས་རྨ་ཁོག་ལ་དབང་སྒྱུར་སྐབས་རྫུ་འཕྲུལ་སྣ་ཚོགས་ཀྱིས་གཞི་བདག་མི་མ་ཡིན་མང་བོ་བྲན་ལ་བཀོལ་ཞིང་། དེའི་དུས་སུ་རྨ་ཁོག་འདིར་ལྷ་ཀླུ་བདུད་གཉན་གྱི་རིགས་བཙན་པོ་སོ་སོར་བཅུ་གསུམ་རེ་བགྲང་རྒྱུ་ཡོད་པའི་ནང་ཀླུ་བཙན་ཐོགས་པ་བཅུ་གསུམ་གྱི་ནང་གི་གཅིག་ཡིན་པར་བཤད། གཞན་ཡང་གཏེར་སྟོན་ཀློང་ཡངས་ཚང་གིས་སྟོད་ཉ་མཚོའི་གཞི་བདག་ནག་ཕྱོགས་པ་ཞིག་དམ་ལ་འདོགས་སྐབས་གཞི་བདག་དེས་ཁོ་རང་སྒྲོག་གསུམ་ལག་ཐང་ལ་འཕངས་འདྲའི་ས་ཞིག་ལ་བཞག་ན་ནུས་མཐུ་ཇེ་ཆེར་འགྲོ་ལ་སྡོངས་གྲོགས་དུས་ལྟར་བྱེད་ནུས་ཞེས་དམ་བཅས་པ་ནང་བཞིན་ལམ་ལུང་གི་རི་འདིར་བཅུག་པའི་ངག་རྒྱུན་དང་། ཡང་བཤད་སྲོལ་གཞན་ཞིག་ལ། ཀིརྟི་བློ་བཟང་འཕྲིན་ལས་ཀྱིས་བཀའ་བསྒོས་དམ་བཞག་བྱས་པའི་སྲུང་མ་ཞིག་ཡིན་ཟེར་བ་དང་། ཡང་རྒྱ་ནག་གི་ཡུལ་ལྷ་ཞིག་རོང་བཙན་ཁ་བ་དཀར་པོའི་འཁོར་དུ་འགྲོ་སྐབས་གཏེར་ཀློང་དང་འཕྲད་ནས་དམ་ལ་བཏགས་ཤིང་གནས་འདིའི་བདག་པོ་རུ་བསྐོས་ཏེ་མགོན་ཚང་ཆོས་འཛིན་ལ་གཏད་པ་སོགས་ལོ་རྒྱུས་མང་བོ་ཞིག་ཡོད་པ་རེད། རི་འདི་སྡེ་བ་མགོན་ཚང་དང་། རྒྱབ་སྐོར་གྱི་ཁྱིམ་ཚང་རེ་འགས་མཆོད་བསྟོད་བྱེད་ལ། མགོན་ཚང་གིས་ལོ་རེར་སྐྱ་མི་མང་བོ་འོངས་ནས་མཆོད་བསྟོད་བྱེད་ཅིང་། མཉམ་དུ་རྟ་རྒྱུག་མདའ་འཕེན་སོགས་རྩེད་མོ་ལ་རོལ་བའི་སྲོལ་ཡོད། ཡུལ་དེར་གནས་པའི་མི་རྣམས་ཀྱིས་སྔོན་ནས་ད་ལྟའི་བར་དུ་ས་རྐོ་རྡོ་སློག་དང་རྩི་ཤིང་འབྲེག་གཅོད་སོགས་མི་བྱེད་པར་ཁོར་ཡུག་སྲུང་སྐྱོབ་ལེགས་པོ་བྱེད་བཞིན་ཡོད།