ཀུན་དབྱིངས་ཆོ་གའི་ལྷ་བཀོད།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ།  ནས 2021-09-27 08:35ལ་འགྲུབ།

ཀུན་དབྱིངས་ཆོ་གའི་ལྷ་བཀོད།

ཀུན་དབྱིངས་ཆོ་གའི་ལྷ་བཀོད།
ཞལ་ཐང་འདིར་ཀུན་དབྱིངས་ཆོ་གའི་ལྷ་བཀོད་ལས་འཁོན་བོན་ཉིད་དབྱིབས་ཀྱི་ལྷ་བརྒྱད་དང་འཁོར་རང་བཞིན་མཁའ་ལ་རྫོགས་པའི་གསས་བརྒྱད། འཁོར་མཉམ་ཉིད་ངང་དང་ལྡན་པའི་ལྷ་བརྒྱད། འཁོར་ཚོགས་བརྒྱད་རིག་པའི་ལྷ་བརྒྱད། འཁོར་འཕྲིན་ལས་མཐར་རུ་ཕྱིན་པའི་ལྷ་བརྒྱད། འཁོར་ཚད་མེད་འོད་དང་ལྡན་པའི་ལྷ་བརྒྱད་སོགས་ཀྱི་སྐོར་ངོ་སྤྲོད་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
耿央五尊佛
ཕྱི་ཡིག་གི་མིང་།
Kun Ying
ཁོངས་གཏོགས།
ཆོས་ལུགས།
ཆོས་ལུགས།
བོན་པོ།
རིགས་དབྱེ།
ཞལ་ཐང་།
ལྷ་རིས་པ།
མཛོ་ཚང་ལྷུན་གྲུབ།
དཀར་ཆག
1   ​ངོ་སྤྲོད་རགས་བསྡུས།
1.1 ཤར་ཕྱོགས་ཀྱི་གླང་ཆེན།
1.2 འཁོར་རང་བཞིན་མཁའ་ལ་རྫོགས་པའི་གསས་བརྒྱད། 
1.3 བྱང་ཕྱོགས་ཀྱི་གླིང་ཆེན།
1.4 འཁོར་མཉམ་ཉིད་ངང་དང་ལྡན་པའི་ལྷ་བརྒྱད།
1.5 ནུབ་ཕྱོགས་ཀྱི་གླིང་ཆེན།
1.6 འཁོར་ཚོགས་བརྒྱད་རིག་པའི་ལྷ་བརྒྱད། 
1.7 ལྷོ་ཕྱོགས་གླིང་ཆེན།
1.8 འཁོར་འཕྲིན་ལས་མཐར་རུ་ཕྱིན་པའི་ལྷ་བརྒྱད།  
1.9 ལྷོ་ཤར་གྱི་གླིང་ཆེན། 
1.10 འཁོར་ཚད་མེད་འོད་དང་ལྡན་པའི་ལྷ་བརྒྱད། 
1.11 བྱང་ཤར་གྱི་གླིང་ཆེན།
1.12 འཁོར་མཐའ་ཡས་རྫུ་འཕྲུལ་ལྡན་པའི་ལྷ་བརྒྱད། 
1.13 བྱང་ནུབ་ཀྱི་གླིང་ཆེན།
1.14 འཁོར་མཐུ་དབང་ལྡན་གྱི་ལྷ་བརྒྱད། 
1.15 ལྷོ་ནུབ་ཀྱི་གླིང་ཆེན།
1.16 འཁོར་སྣང་སྲིད་འཇིག་རྟེན་སྐྱོང་བའི་ལྷ་བརྒྱད། 
1.17 ཤར་གཡུང་དྲུང་རིགས་ཀྱི་སེམས་དཔའ་བརྒྱད། 
1.18 བྱང་ལས་ཀྱི་རིགས་ཀྱི་སེམས་དཔའ་བརྒྱད། 
1.19 ནུབ་པད་མ་རིགས་ཀྱི་སེམས་དཔའ་བརྒྱད། 
1.20 ལྷོ་རིན་ཆེན་རིགས་ཀྱི་སེམས་དཔའ་བརྒྱད། 
1.21 སྒོ་འབྱེད་སེམས་དཔའ་བཞི། 
1.22 སྒོ་སྲུང་ཁྲོ་བོ་བཞི། 
1 ​ངོ་སྤྲོད་རགས་བསྡུས།

1.དབུས། ཀུན་ཁྱབ་དབྱིངས་ཀྱི་གཙོ་བོ་ཀུན་ཏུ་བཟང་པོ། ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་གསལ། གཡས་མི་ནུབ་རྒྱལ་མཚན་དང་གཡོན་མཉམ་བཞག་ཡི་གེ་ཨ་ཡིས་མཚོན་པ། དབུ་ལ་གསེར་གྱི་.jpgཐོད་རྡིང་དང་རིན་ཆེན་སྣ་ལྔའི་རྒྱན་གྱིས་བརྒྱན་ཅིང་། སེང་ཁྲི་ཟླ་པད་མའི་གདན་ལ་བཞུགས་པ། རྒྱབ་ཡོལ་ལ་ན་དྲུག་གི་རྒྱན་དང་བཅས་པའོ།། འཁོར་བོན་ཉིད་དབྱིབས་ཀྱི་ལྷ་བརྒྱད། 

2. ཤར། ལྷ་ཆེན་གསལ་བ་རང་འབྱུང་སེར། གཡས་གསེར་གྱི་ཆག་ཤིང་དང་། གཡོན་གསེར་གྱི་གཡུང་དྲུང་བསྣམས་པའོ།། 3.བྱང་། ལྷ་ཆེན་དགེ་ལྷ་གར་ཕྱུག་ལྗང་། གཡས་གཡུ་ཡི་ཆག་ཤིང་དང་། གཡོན་གཡུ་ཡི་འཁོར་ལོ་བསྣམས་པའོ།། 4. ནུབ། ལྷ་ཆེན་བྱེ་བྲག་དངོས་མེད་དམར། གཡས་ཟངས་ཀྱི་ཆག་ཤིང་དང་། གཡོན་ཟངས་ཀྱི་པད་མ་བསྣམས་པའོ།། 5.ལྷོ། ལྷ་ཆེན་དགའ་བ་དོན་གྲུབ་སྔོ། གཡས་མཐིང་གི་ཆག་ཤིང་དང་། གཡོན་མཐིང་གི་ནོར་བུ་འཛིན་པའོ།། 6.ལྷོ་ཤར། ལྷ་ཆེན་བདུད་རྩི་རྒྱལ་བ་དཀར་ལྗང་། ཕྱག་མཚན་བདུད་རྩི་བུམ་པ་བསྣམས་པའོ།། 7. བྱང་ཤར། ལྷ་ཆེན་ཞི་དུལ་ཀུན་སྙོམས་སྔོ་ལྗང་། ཐབས་ཀྱི་ཞགས་པ་བསྣམས་པའོ།། 8.བྱང་ནུབ། ལྷ་ཆེན་གཙུག་ཕུད་རྒྱལ་བ་དམར་ལྗང་། མེ་ཏོག་བསྣམས་པའོ།། 9.ལྷོ་ནུབ། ལྷ་ཆེན་བྱམས་པ་གདར་གཅོད་སྔོ་དམར། ཐུགས་རྗེའི་ལྕགས་ཀྱུ་བསྣམས་པའོ།།

1_1 ཤར་ཕྱོགས་ཀྱི་གླང་ཆེན།

10.དབུས། གླིང་ཆེན་བསྣོལ་བའི་ཁྲི་དང་ཉི་ཟླ་པད་མའི་གདན་ལ། ལྷ་ཆེན་གཤེན་ལྷ་འོད་དཀར་སྐུ་མདོག་དཀར་པོ། དབུ་ལ་རིན་ཆེན་ཐོད་རྡིང་དང་། གཡས་གསེར་གྱི་གཡུང་དྲུང་། གཡོན་མཉམ་བཞག་ཡི་གེ་ཨཱོྃ་གྱིས་མཚོན་པའོ།།

1_2 འཁོར་རང་བཞིན་མཁའ་ལ་རྫོགས་པའི་གསས་བརྒྱད། 

11.ཤར། ལྷ་ཆེན་གར་གསས་བཙན་པོ་སེར། ཕྱག་མཚན་མི་འགྱུར་གཡུང་དྲུང་བསྣམས་པའོ།། 12.བྱང་། ལྷ་ཆེན་རྒོད་གསས་ཁམ་པ་ལྗང་། དབང་བསྒྱུར་འཁོར་ལོ་བསྣམས་པའོ།། 13.ནུབ། ལྷ་ཆེན་གནམ་གསས་དབྱིངས་རུམ་དམར།  སྐྱོན་བྲལ་པད་མ་བསྣམས་པའོ།། 14. ལྷོ། ལྷ་ཆེན་གསས་རྗེ་རྨང་པོ་མཐིང་། ཡིད་བཞིན་ནོར་བུ་བསྣམས་པའོ།། 15.ལྷོ་ཤར། ལྷ་ཆེན་གར་བུ་ཤང་རྒྱལ་དམར་སྐྱ། གར་གྱི་མདུངས་མོ་བསྣམས་པའོ།། 16.བྱང་ཤར། ལྷ་ཆེན་རྒོད་བུ་འཕར་དྲག་དམར་ལྗང་། དུང་ཕོ་ཨང་གྲགས་བསྣམས་པའོ།། 17.བྱང་ནུབ། ལྷ་ཆེན་གནམ་བུ་ཕྱོད་པ་སྔོ་ལྗང་། དཔག་བསམ་ལྗོན་པ་བསྣམས་པའོ།། 18.ལྷོ་ནུབ། ལྷ་ཆེན་གསས་བུ་ཚོན་གང་དམར་ལྗང་། གསལ་བའི་སྒྲོན་མེ་བསྣམས་པའོ།།

1_3 བྱང་ཕྱོགས་ཀྱི་གླིང་ཆེན།

19.དབུས། རྟ་མཆོག་བསྣོལ་བའི་ཁྲི་དང་ཉི་ཟླ་པད་མའི་གདན་ལ། ལྷ་ཆེན་ཨ་ཏི་མུ་ཝེར་སྐུ་མདོག་སེར། དབུ་ལ་གཡུ་ཡི་ཐོད་རྡིང་དང་། གཡས་འཁོར་ལོ་གཡོན་མཉམ་བཞག་ཡི་གེ་ཧཱུཾ་གིས་མཚོན་པའོ།།

1_4 འཁོར་མཉམ་ཉིད་ངང་དང་ལྡན་པའི་ལྷ་བརྒྱད།

20.ཤར། ལྷ་ཆེན་ཀུ་བྱི་མང་སྐེ་སེར། གཡས་རལ་ཀྱུ་དང་གཡོན་སྟོང་ཕྲག་པོ་ཏི་བསྣམས་པའོ།། 21.བྱང་། ལྷ་ཆེན་ཀུ་བྱི་མང་ཀེ་ལྗང་། མཉམ་ཉིད་ཡི་གེ་བསྣམས་པའོ།། 22.ནུབ། ལྷ་ཆེན་མཉམ་ཉིད་རྒྱལ་པོ་དམར། ཕྱག་གཉིས་མཉམ་པར་བཞག་པའོ།།

23. ལྷོ། ལྷ་ཆེན་ཏིང་འཛིན་རྒྱལ་པོ་མཐིང་། ཕྱག་རྒྱ་ཐུགས་ཁར་ཏིང་ངེ་འཛིན་མཛད་པའོ།། 24.ལྷོ་ཤར། ཀུན་མཁྱེན་རིག་པའི་རྒྱལ་པོ་དཀར་ལྗང་། ཕྱག་མཚན་རིག་པའི་ལྡེ་མིག་བསྣམས་པའོ།། 25.བྱང་ཤར། ཀུན་དབང་འཕྲུལ་གྱི་རྒྱལ་པོ་སྔོ་ལྗང་། དབུང་བསྒྱུར་འཁོར་ལོ་བསྣམས་པའོ།། 26.བྱང་ནུབ། ལྷ་ཆེན་འཕྲུལ་གསས་ངང་རིང་དམར་ལྗང་། རྫུ་འཕྲུལ་དྲྭ་བ་བསྣམས་པའོ།། 27.ལྷ་ནུབ། ལྷ་ཆེན་ཡིད་བཞིན་ནོར་བུ་སྔོ་སྐྱ། ཡིད་བཞིན་ནོར་བུ་བསྣམས་པའོ།།

1_5 ནུབ་ཕྱོགས་ཀྱི་གླིང་ཆེན།

28.དབུས། གཡུ་འབྲུག་བསྣོལ་བའི་ཁྲི་དང་ཉི་ཟླ་པད་མའི་གདན་ལ། ལྷ་ཆེན་ཁྲི་བཞི་ནམ་ཏིང་དམར། དབུ་ལ་ཤེལ་གྱི་ཐོད་རྡིང་དང་། ཕྱག་གཡས་པད་མ་དམར་པོ་བསྣམས་ཤིང་། གཡོན་མཉམ་བཞག་ཡི་གེ་རོྃ་གྱིས་མཚོན་པའོ།།

1_6 འཁོར་ཚོགས་བརྒྱད་རིག་པའི་ལྷ་བརྒྱད། 

29.ཤར། ལྷ་ཆེན་ཐང་མ་མེ་སྒྲོན་དཀར། གསལ་བའི་སྒྲོན་མེ་བསྣམས་པའོ།། 30.བྱང་། ལྷ་ཆེན་ཁ་ཏེ་མུ་ཡ་སེར། འཕྲུལ་གྱི་རྔ་གཤང་བསྣམས་པའོ།། 31.ནུབ། ལྷ་ཆེན་ཁྲི་རྨང་གཤེན་ཆེན་དམར། དྲི་ཞིམ་སྤོས་མེ་བསྣམས་པའོ།། 32.ལྷོ། ལྷ་ཆེན་ལྡེ་བོ་གསུང་ཆེན་མཐིང་། བདུད་རྩིའི་བུམ་པ་བསྣམས་པའོ།། ༼ཀུན་དབྱིངས་དཔེ་གཞན་ཞིག་ནང་ཕྱག་མཚན་ལྷུབ་ལྷུབ་ན་བཟའ་བསྣམས་ཞེས་གསུངས།༽ 34.ལྷོ་ཤར། ལྷ་ཆེན་བ་རབ་གླིང་བཞི་སྔོ་ལྗང་། བདུད་རྩིའི་བུམ་པ་བསྣམས་པའོ།། 34.བྱང་ཤར། ལྷ་ཆེན་བ་རབ་གླིང་རྩོལ་དམར་ལྗང་། མེ་ཏོག་ཧ་ལོ་བསྣམས་པའོ།། 35.བྱང་ནུབ། ལྷ་ཆེན་སྣང་བ་མདོག་ཅན་དཀར་ལྗང་། ཐུགས་རྗེའི་མདའ་གཞུ་བསྣམས་པའོ།། 36.ལྷོ་ནུབ། ལྷ་ཆེན་གཙུག་གཤེན་རྒྱལ་བ་སྔོ་སྐྱ། རིན་ཆེན་གཏེར་བརྒྱད་བསྣམས་པའོ།།

1_7 ལྷོ་ཕྱོགས་གླིང་ཆེན།

37.དབུས། བྱ་ཁྱུང་བསྣོལ་བའི་ཁྲི་དང་ཉི་ཟླ་པད་མའི་གདན་ལ། ལྷ་ཆེན་མ་པང་དབྱིངས་ཆེན་སྐུ་མདོག་མཐིང་། དབུ་ལ་གསེར་གྱི་ཐོད་རྡིང་དང་། གཡས་ཡིད་བཞིན་ནོར་བུ་དང་། གཡོན་མཉམ་བཞག་ཡི་གེ་ཛ་ཡིས་མཚོན་པའོ།།

1_8 འཁོར་འཕྲིན་ལས་མཐར་རུ་ཕྱིན་པའི་ལྷ་བརྒྱད།  

38.ཤར། ལྷ་ཆེན་ཡེ་སྲིད་ཕྱུ་ཆེན་དཀར། འཕྲུལ་གྱི་མེ་ལོང་བསྣམས་པ། 39. བྱང་། ལྷ་ཆེན་ཡེ་དབང་རྒྱལ་པོ་ལྗང་། དབང་བསྒྱུར་འཁོར་ལོ་བསྣམས་པ། 40.ནུབ། ལྷ་ཆེན་ཡེ་འབུམ་རྒྱལ་པོ་དམར། ཐབས་ཀྱི་ཞགས་པ་བསྣམས་པ། 41.ལྷོ།  ལྷ་ཆེན་ཡེ་དག་རྒྱལ་པོ་མཐིང་ཀ ནམ་མཁའི་བ་དན་བསྣམས་པ།  42. ལྷོ་ཤར། ལྷ་ཆེན་ཡེ་ཤེས་རྒྱལ་པོ་དཀར་ལྗང་། སྲིད་པའི་བ་དན་བསྣམས་པ། 43.བྱང་ཤར། ལྷ་ཆེན་ཡེ་ཁྱབ་རྒྱལ་པོ་སྔོ་ལྗང་། ཕྱག་མཚན་སྲིད་པའི་རུ་མཚོན་བསྣམས་པ། 44.བྱང་ནུབ། ལྷ་ཆེན་ཡེ་གདལ་རྒྱལ་པོ་དམར་ལྗང་། ཐུགས་རྗེའི་ལྕགས་ཀྱུ་བསྣམས་པ། 45.ལྷོ་ནུབ། ལྷ་ཆེན་ཡེ་ཁྲི་མཐའ་ཡས་སེར་ལྗང་། སྐོས་ཀྱི་དྲང་ཤིང་བསྣམས་པའོ།།

1_9 ལྷོ་ཤར་གྱི་གླིང་ཆེན། 

46.དབུས། ར་སྐྱེས་བསྣོལ་བའི་ཁྲི་དང་ཉི་ཟླ་པདྨའི་གདན་ལ། ཡེ་ཤེས་མེ་ལྷ་སྐུ་མདོག་དམར་པོ། དབུ་ལ་མེ་ཡི་མཆོད་རྟེན་ཅན། གཡས་མེ་ཡི་རྒྱལ་མཚན་དང་། གཡོན་གསལ་བའི་སྒྲོན་མེ་བསྣམས་པའོ།།

1_10 འཁོར་ཚད་མེད་འོད་དང་ལྡན་པའི་ལྷ་བརྒྱད། 

47.ཤར། ཚད་མེད་འོད་ལྡན་དམར། དབང་བསྒྱུར་འཁོར་ལོ་བསྣམས་པ། 48.བྱང་། འཕྲུལ་སྣང་འོད་ལྡན་དཀར། བདུད་རྩིའི་བུམ་པ་བསྣམས་པ། 49.ནུབ། ཀུན་སྣང་འོད་ལྡན་དམར། རིག་པའི་ལྡེ་མིག་བསྣམས་པ། 50.ལྷོ། ཀུན་དགའ་འོད་ལྡན་མཐིང་། ཤེལ་གྱི་གབ་ཙེ་བསྣམས་པ། 51.ལྷོ་ཤར། དགའ་བ་འོད་ལྡན་དཀར་ལྗང་། ཕྱག་རྒྱ་དགའ་མགུའི་བརྡ་སྟོན་པ། 52.བྱང་ཤར། བྱམས་པ་འོད་ལྡན་སྔོ་ལྗང་།  ཕྱེ་མ་འཕུར་མ་བསྣམས་པ། 54.ལྷོ་ནུབ། དོན་གྱི་འོད་ལྡན་སྔོ་སྐྱ། ཡི་གེ་ཨང་དཀར་བསྣམས་པའོ།།

1_11 བྱང་ཤར་གྱི་གླིང་ཆེན།

55.དབུས། ཆུ་སྲིན་བསྣོལ་བའི་ཁྲི་དང་ཉི་ཟླ་པད་མའི་གདན་ལ། ལྷ་ཆེན་མཁའ་འགྱིང་དཀར་པོ། སྐུ་མདོག་ཆུ་ཤེལ་མདོག་ཅན། དབུ་ལ་མུ་མེན་ཐོད་རྡིང་དང་། གཡས་སུ་ཆུ་ཤེལ་འཁོར་ལོ། གཡོན་བདུད་རྩི་བུམ་པ་བསྣམས་པའོ།།

1_12 འཁོར་མཐའ་ཡས་རྫུ་འཕྲུལ་ལྡན་པའི་ལྷ་བརྒྱད། 

56. ཤར། ལྷ་ཆེན་ཁྲི་འོད་དཀར་པོ་དཀར། འོད་ཀྱི་འཁོར་ལོ་བསྣམས་པ། 57.བྱང་། ལྷ་ཆེན་ཁྲི་རྒྱལ་ཁུག་པ་ལྗང་། འཕྲུལ་གྱི་དྲིལ་ཞགས་བསྣམས་པ། 58.ནུབ། ལྷ་ཆེན་ཁྲི་འོད་གསལ་འབར་དམར། གསེར་གྱི་གཤང་ཆུང་བསྣམས་པ། 59.ལྷོ། ལྷ་ཆེན་ཀུན་འོད་སྒྲོན་མ་མཐིང་། ཡེ་ཤེས་སྒྲོན་མེ་བསྣམས་པ། 60.ལྷོ་ཤར། ལྷ་ཆེན་མུ་ཡང་དེ་བ་དཀར་ལྗང་། ཤེས་རབ་རལ་ཀྱུ་བསྣམས་པ། 61.བྱང་ཤར། ལྷ་ཆེན་མུ་རྒྱུང་མཐའ་ཡས་སྔོ་ལྗང་། པོ་ཏི་བསྣམས་པ། 62.བྱང་ནུབ། ལྷ་ཆེན་མུ་སངས་གུང་རྒྱལ་དམར་ལྗང་། རྫུ་འཕྲུལ་ཞགས་པ་བསྣམས་པ། 63.ལྷོ་ནུབ། ལྷ་ཆེན་མུ་མེད་མཐའ་རྒྱས་སྔོ་དམར། མཐིང་གི་ཕུར་པ་བསྣམས་པའོ།།

1_13 བྱང་ནུབ་ཀྱི་གླིང་ཆེན།

64.དབུས། རྨ་བྱ་བསྣོལ་བའི་ཁྲི་དང་ཉི་ཟླ་པད་མའི་གདན་ལ། ལྷ་ཆེན་སྣང་བ་འོད་ལྡན་དམར་ལྗང་། དབུ་ལ་ཡིད་བཞིན་གྱི་གཙུག་ཕུད་དང་། གཡས་ཤེས་རབ་རལ་ཀྱུ་དང་། གཡོན་རླུང་གི་འཁོར་ལོ་བསྣམས་པའོ།།

1_14 འཁོར་མཐུ་དབང་ལྡན་གྱི་ལྷ་བརྒྱད། 

65.ཤར། ལྷ་ཆེན་དབང་ལྷ་འོད་དཀར་སྐུ་མདོག་དཀར། དབང་གི་ཟེའུ་པྲོག་བསྣམས་པ། 66.བྱང་། ལྷ་ཆེན་འོད་ལྷ་སངས་པོ་ལྗང་། སྐོས་ཀྱི་ཆག་ཤིང་བསྣམས་པ། 67.ནུབ། ལྷ་ཆེན་ཁྲི་འདུལ་ཐང་པོ་དམར། དབང་བྱེའུ་འཕུར་མ་བསྣམས་པ། 68.ལྷོ། ལྷ་ཆེན་འབར་བ་ནག་པོ་མཐིང་། གསེར་གྱི་ཛ་དམར་བསྣམས་པ། 69.ལྷོ་ཤར། དབལ་ཆེན་སྣང་བ་ཀུན་ཁྱབ་དཀར་ལྗང་། ཁྱུང་གི་རྒྱལ་མཚན་བསྣམས་པ། 70.བྱང་ཤར། ཡོངས་རྗེ་ཉི་མའི་དབུ་རྒྱན་དམར་སེར། ཉི་མའི་འཁོར་ལོ་བསྣམས་པ། 71.བྱང་ནུབ། ཡོངས་ཕུད་ཟླ་བའི་གཙུག་ཏོར་དཀར་སེར། ཟླ་བའི་འཁོར་ལོ་བསྣམས་པ།  72.ལྷོ་ནུབ། ཡོངས་གཙུག་སྐར་མའི་དོ་ཤལ་དམར་ནག རྒྱུ་སྐར་རྩ་བརྒྱད་འཛིན་པའོ།།

1_15 ལྷོ་ནུབ་ཀྱི་གླིང་ཆེན།

73.དབུས། ཤང་ཤང་བསྣོལ་བའི་ཁྲི་དང་ཉི་ཟླ་པད་མའི་གདན་ལ། ལྷ་ཆེན་མགོན་ལྷ་དཀར་པོ་དམར་སྐྱ། དབུ་ལ་བྱུ་རུའི་ཐོད་རྡང་དང་། གཡས་ཁྱུང་གི་རུ་མཚོན་དང་། གཡོན་འབྱུང་བའི་འཁོར་ལོ་བསྣམས་པའོ།།

1_16 འཁོར་སྣང་སྲིད་འཇིག་རྟེན་སྐྱོང་བའི་ལྷ་བརྒྱད། 

74.ཤར། ས་ལྷ་ཀུན་འབྱུང་ཡིད་བཞིན་སེར། ཕྱག་མཚན་རིན་ཆེན་སྣ་ལྔ་བསྣམས་པ། 75. བྱང་། རླུང་ལྷ་འདེགས་པའི་སྟོབས་ལྡན་ལྗང་། རླུང་གི་བ་དན་བསྣམས་པ། 76.ནུབ། མེ་ལྷ་དྲོད་ཆེན་སྨིན་པ་དམར། མེ་ཡི་བ་དན་བསྣམས་པ། 77. ལྷོ། ཆུ་ལྷ་ཀུན་བསྡུད་བདུད་རྩི་སྐུ་མདོག་སྔོ། ཆུ་ཡི་འཁོར་ལོ་བསྣམས་པ། 78. ལྷོ་ཤར། ལྷ་ཆེན་ཕུ་ཝེར་དཀར་པོ་དཀར་ལྗང་། འཕྲུལ་གྱི་ཇུ་ཐིག་བསྣམས་པ། 79. བྱང་ཤར། ལྷ་ཆེན་སེལ་གསས་དྲལ་བརྒྱད་སྔོ་ལྗང་། སྤྲུལ་པའི་མདའ་དར་བསྣམས་པ། 80.བྱང་ནུབ། ལྷ་ཆེན་འདུར་གསས་རྨ་བོ་དམར་ལྗང་། རྒོད་གཤོག་ལྡེམ་པ་བསྣམས་པ། 81.ལྷོ་ནུབ། ལྷ་ཆེན་དུས་ཀྱི་འཁོར་ལོ་སྔོ་སྐྱ། འབྱུང་བའི་གབ་ཙེ་བསྣམས་པ།

1_17 ཤར་གཡུང་དྲུང་རིགས་ཀྱི་སེམས་དཔའ་བརྒྱད། 

82.ཡེ་གཤེན་གཡུང་དྲུང་འོད་གསལ་དཀར། གཡུང་དྲུང་རྒྱ་གྲམ་བསྣམས་པ། 83. ཡེ་གཤེན་གཡུང་དྲུང་འོད་ལྡན་ལྗང་། གཡུང་དྲུང་བསྣོལ་མ་བསྣམས་པ། 84.ཡེ་གཤེན་གཡུང་དྲུང་འོད་འབར་དམར། གཡུང་དྲུང་འཁྱིལ་བ་བསྣམས་པ།  85. ཡེ་གཤེན་གཡུང་དྲུང་གཙུག་ཕུད་སྔོ། གཡུང་དྲུང་འཁོར་ལོ་བསྣམས་པ། 86.ཡེ་གཤེན་གཡུང་དྲུང་དཔའ་བོ་དཀར་ལྗང་། གཡུང་དྲུང་ཕུར་པ་བསྣམས་པ། 87. ཡེ་གཤེན་གཡུང་དྲུང་ལེགས་པ་དམར་ལྗང་། གཡུང་དྲུང་ཤུག་པ་བསྣམས་པ།  88. ཡེ་གཤེན་གཡུང་དྲུང་གྲུབ་པ་སྔོ་ལྗང་། གཡུང་དྲུང་བུམ་པ་བསྣམས་པ།  89. ཡེ་གཤེན་གཡུང་དྲུང་འགྱུར་མེད་སེར། གསེར་གྱི་གཡུང་དྲུང་བསྣམས་པའོ།།

1_18 བྱང་ལས་ཀྱི་རིགས་ཀྱི་སེམས་དཔའ་བརྒྱད། 

90.ཡེ་གཤེན་འཁོར་ལོ་བདེ་རྒྱལ་དཀར། འཁོར་ལོ་རྩིབས་བཅུ་བསྣམས་པ། 91. ཡེ་གཤེན་འཁོར་ལོ་བདེ་སྤྱོད་ལྗང་། འཁོར་ལོ་རྩིབས་བརྒྱད་བསྣམས་པ། 92.ཡེ་གཤེན་འཁོར་ལོ་བདེ་ལྡན་དམར། འཁོར་ལོ་རྩིབས་དྲུག་བསྣམས་པ། 93. ཡེ་གཤེན་འཁོར་ལོ་བདེ་མཆོག་མཐིང་། འཁོར་ལོ་རྩིབས་བཞི་བསྣམས་པ།  94.ཡེ་གཤེན་འཁོར་ལོ་དབང་བསྒྱུར་དཀར་ལྗང་། གསེར་གྱི་འཁོར་ལོ་བསྣམས་པ། 95. ཡེ་གཤེན་འཁོར་ལོ་སྣང་ལྡན་སྔོ་ལྗང་། གཡུ་ཡི་འཁོར་ལོ་བསྣམས་པ། 96. ཡེ་གཤེན་འཁོར་ལོ་དབང་ཕྱུག་དམར་ལྗང་། ཆུ་ཤེལ་འཁོར་ལོ་བསྣམས་པ། 97.ཡེ་གཤེན་འཁོར་ལོ་རྨད་བྱུང་སེར་ལྗང་། མེ་ཤེལ་འཁོར་ལོ་བསྣམས་པ།

1_19 ནུབ་པད་མ་རིགས་ཀྱི་སེམས་དཔའ་བརྒྱད། 

98.ཡེ་གཤེན་པད་མ་འཁྱིལ་པ་དཀར། པད་མ་འཁྱིལ་པ་བསྣམས་པའོ། 99.ཡེ་གཤེན་པད་མ་འོད་མཛེས་ལྗང་། པད་མ་མཛེས་པ་བསྣམས་པ། 100.ཡེ་གཤེན་པད་མ་གཟི་ལྡན་དམར། པདྨ་དམར་པོ་བསྣམས་པ། 101.ཡེ་གཤེན་པད་མ་གར་དབང་མཐིང་། པད་མ་གཡུ་ལོ་བསྣམས་པ། 102.ཡེ་གཤེན་པད་མ་དམ་པའི་དཔལ་དཀར་ལྗང་། པད་མ་ལྗང་ཁུ་བསྣམས་པ། 103. ཡེ་གཤེན་མེ་ཏོག་སྙིང་པོ་སྔོ་ལྗང་། པད་མའི་ཟེའུ་བསྣམས་པ། 104.ཡེ་གཤེན་ཨུད་འབར་གཙུག་སྐྱེས་དམར་ལྗང་། ཨུད་དུ་འབར་བ་བསྣམས་པ། 105. ཡེ་གཤེན་དྲི་མེད་སྐྱོན་བྲལ་སྔོ་དམར། འདམ་གྱི་པད་མོ་བསྣམས་པའོ།

1_20 ལྷོ་རིན་ཆེན་རིགས་ཀྱི་སེམས་དཔའ་བརྒྱད། 

106.ཡེ་གཤེན་འདོད་པ་དགུ་འགྱུར་དཀར། ཡིད་བཞིན་ནོར་བུ་བསྣམས་པ། 107.ཡེ་གཤེན་རིན་ཆེན་འོད་འཕྲོ་ལྗང་། བསམ་འཕེལ་ནོར་བུ་བསྣམས་པའོ།། 108.ཡེ་གཤེན་རིན་ཆེན་གཙུག་ཕུད་དམར།  དགོས་འདོད་ནོར་བུ་བསྣམས་པ།  109.ཡེ་གཤེན་རིན་ཆེན་གཏེར་རྒྱལ་མཐིང་། འདོད་འབྱུང་ནོར་བུ་བསྣམས་པའོ།། 110. ཡེ་གཤེན་ཡིད་བཞིན་འབྱུང་གནས་དཀར་ལྗང་། རིན་ཆེན་གའུ་བསྣམས་པ།  111. ཡེ་གཤེན་ཡིད་བཞིན་འདོད་སྤྱོད་སྔོ་ལྗང་། རིན་ཆེན་ཟ་མ་ཏོག་བསྣམས་པ། 112.ཡེ་གཤེན་ཡིད་བཞིན་གྲུབ་པ་དམར་ལྗང་། རིན་ཆེན་བུམ་པ་བསྣམས་པ།  113. ཡེ་གཤེན་ཡིད་བཞིན་དབང་ཕྱུག་སྔོ་དམར། རིན་ཆེན་ཕྲེང་བ་བསྣམས་པའོ།།

1_21 སྒོ་འབྱེད་སེམས་དཔའ་བཞི། 

114. ཤར། ཡེ་གཤེན་མ་རིག་མུན་སེལ་དཀར། གཡས་ཐུགས་རྗེའི་ལྕགས་ཀྱུ་དང་། གཡོན་གསལ་བའི་སྒྲོན་མེ་ཐོགས་པ།  115. བྱང་། ཡེ་གཤེན་བྱམས་པ་སྒྲོན་སེལ་ལྗང་། གཡས་གླང་རེ་འཁྲོལ་མོ་དང་། གཡོན་བདུད་རྩིའི་བུམ་པ་བསྣམས་པ། 116. ནུབ། ཡེ་གཤེན་ཉོན་མོངས་དུག་སེལ་དམར། གཡས་ལྕགས་སྒྲོག་རྒྱུད་མ་དང་། གཡོན་སྨན་གྱི་སྡོང་པོ་བསྣམས་པ། 117. ཡེ་གཤེན་དབུལ་འཕོང་ནད་སེལ་མཐིང་། གཡས་རྫུ་འཕྲུལ་ཞགས་པ་དང་གཡོན་ཡིད་བཞིན་ནོར་བུ་བསྣམས་པའོ།།

1_22 སྒོ་སྲུང་ཁྲོ་བོ་བཞི། 

118.ཤར། ཁྲོ་ཆེན་དྲུང་མུ་ཡ་གསེར་མདོག་མེ་གཤོག་ཅན། གསེར་གྱི་ཙཱོ་དམར་བསྣམས་པ། 119. བྱང་། ཁྲོ་ཆེན་ཙཀྲ་ཡ་ལྗང་མདོག་མེ་གཤོག་ཅན། མཚེ་ཡི་མི་བོ་བསྣམས་པ། 120. ནུབ། ཁྲོ་ཆེན་ཧ་ལ་ཡ་ཟངས་མདོག་མེ་གཤོག་ཅན། ཏིལ་གྱི་མེ་དཔུང་བསྣམས་པ། 121. ལྷོ། ཁྲོ་ཆེན་ཀི་ལ་ཡ་མཐིང་ནག་མེ་གཤོག་ཅན། ཉུངས་ཀྱི་རྦབ་རྒོད་བསྣམས་པའོ།། དེ་དག་ཁྲོ་བོའི་ཆ་ལུགས་གཡས་བསྐུམ་གཡོན་བརྐྱང་ཅན་བཞེངས་པའོ།།