《ཤར་ཕྱོགས་སུ་ཉི་མ་ཤར》སྔ་མའི་པར་གཞི་དེ ལྷ་དབང་རྡོ་རྗེ།  ནས 2021-07-27 08:51ལ་འགྲུབ།

《ཤར་ཕྱོགས་སུ་ཉི་མ་ཤར》

《ཤར་ཕྱོགས་སུ་ཉི་མ་ཤར》
《ཤར་ཕྱོགས་སུ་ཉི་མ་ཤར》ཞེས་པ་འདི་ནི་ཀྲུང་གོ་གུང་ཁྲན་ཏང་འཁྲུངས་ནས་ལོ་འཁོར80ལོན་བའི་རིང་གསར་རྩོམ་བྱས་པའི་བརྙན་འཕྲིན་ཟློས་གར་ཞིག་ཡིན་པ་དང་དེའི་ནང་དོན་ནི་སྤྱི་ལོ1919ལོ་ནས་སྤྱི་ལོ1928ལོའི་བར་གྱི་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་འཐབ་རྩོད་དང་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ཅིན་ཀང་ཧྲན་དུ་མཉམ་འཛོམས་བྱེད་པའི་ལོ་རྒྱུས་ཀྱི་དོན་རྐྱེན་ཞིག་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
日出东方
ངོ་བོ།
ལོ་རྒྱུས། ཟློས་གར།
འཁྲབ་ཁྲིད་པ།
ཝང་ཅིན་དང་མཱ་རུང་ཧྲེང་།
གཙོ་འཁྲབ་པ།
ཝང་དབྱིན་དང་སུང་ཁའེ་སོགས།
གློག་བརྙན་འཕྲབ་ཡུལ།
ཀྲུང་གོའི་སྐམ་ས་ཆེན་མོ།
སྐད་རིགས།
རྒྱ་སྐད།
ཚོན་མདངས།
ཚོན་ལྡན།
1 ནང་དོན་མདོར་བསྡུས།

སྤྱི་ལོ1919ལོའི་ཟླ4བར་འཛམ་གླིང་འཁྲུག་ཆེན་ཐེངས་དང་པོ་མཇུག་རྫོགས་ཤིང་། རྒྱལ་ཁ་ཐོབ་པའི་རྒྱལ་ཁབ་ཀྱིས་བསྡུས་པའི“པ་ལི་ཞི་ཚོགས”སྟེང་། པེ་དབྱང་དམག་ཤེད་ཅན་སྲིད་གཞུང་གི་ཕྱི་འབྲེལ་དཔོན་གྱིས་རྒྱལ་ཁབ་ཀྱི་ལ་རྒྱ་དང་བདག་དབང་ཤོར་བའི་གནས་ཚུལ་རྒྱལ་ནང་དུ་ཕྱིར་བསྒྲགས་པ་དང་། པེ་ཅིང་སློབ་ཆེན་གྱི་དགེ་སློབ་རྣམས་ཁོང་ཁྲོ་ཆེན་པོ་ལངས། ཟླ5པའི་ཚེས4ཉིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྔམ་སྟོན་ཁྲོམ་སྐོར་བྱས་པས། དྲག་ཆས་ཉེན་རྟོག་པས་དྲག་གནོན་བྱས་ཤིང་། སློབ་མ་མང་པོ་འཛིན་བཟུང་བྱས། པེ་ཅིང་གི་སློབ་མ་རྣམས་ཀྱིས་སྐྱོ་གདུང་གི་འོག་ཏུ་ཐེན་ཅིང་དང་ཁྲང་ཧྲ། ཧྲང་ཧའེ་སོགས་རྒྱལ་ཡོངས་ཀྱི་ས་གནས་སོ་སོར་སོང་ནས་གཏམ་བཤད་བྱས་ཤིང་། སྲིད་གཞུང་གི་རྩུབ་སྤྱོད་ལ་ངོ་རྒོལ་བྱས་པས། ལྔ་བཞིའི་ལས་འགུལ་གྱི་མེ་ལྕེ་དྲག་པོ་མྱུར་དུ་རྒྱལ་ཡོངས་སུ་ཁྱབ།

ལྔ་བཞིའི་ལས་འགུལ་གྱི་རྗེས་སུ། སྤྱི་ཚོགས་རིང་ལུགས་ཀྱི་གཞུང་ལུགས་དེ་བསམ་པའི་རླབས་རྒྱུན་གསར་པའི་འཕེལ་ཕྱོགས་གཙོ་བོར་གྱུར་ཏེ། སྔོན་ཐོན་གཞོན་ནུ་འབོར་ཆེན་ཞིག་གི་ཡིད་དབང་བཀུག་ཅིང་། ལི་ཏ་ཀྲའོ་དང་ཁྲེན་ཏུའུ་ཞིའུ་ཡི་སྐུལ་འདེད་དང་དྲིལ་བསྒྲགས་ཤུགས་ཆེན་བྱས་པའི་འོག་ཏུ། མར་ཁེ་སི་རིང་ལུགས་ཀྱི་ངོ་སྤྲོད་དང་དྲིལ་བསྒྲགས་དུས་རིམ་གསར་པ་ཞིག་ཏུ་སླེབས། ལི་ཏ་ཀྲའོ་དང་ཁྲེན་ཏུའུ་ཞིའུ་ཡིས་གུང་ཁྲན་རྒྱལ་སྤྱིའི་འཐུས་མི་ཝེ་ཅིན་སི་ཅི་དང་གླེང་མོལ་ཐེངས་མང་བྱས་རྗེས། མྱུར་དུ་ཧྲང་ཧའེ་ཡི་གུང་ཁྲན་ཏང་རྩ་འཛུགས་འཛུགས་རྒྱུའི་ཐག་བཅད། སྤྱི་ལོ1920ལོའི་ཟླ8པའི་ཚེས22ཉིན། ཁྲེན་ཏུའུ་ཞིའུ་ཡི་འགོ་འཛིན་འོག་ཀྲུང་གོའི་གུང་ཁྲན་རིང་ལུགས་ཀྱི་ཚོ་ཆུང་དང་པོ་ཧྲང་ཧའེ་ནས་དབུ་བརྙེས་པ་དང་། དེའི་རྗེས་སུ་པེ་ཅིང་དང་ཧུའུ་ནན། ཝུའུ་ཧན། ཀོང་ཏུང་། ཧྲན་ཏུང་བཅས་སུ་སྔ་རྗེས་སུ་གུང་ཁྲན་རིང་ལུགས་ཀྱི་ཚོ་ཆུང་བཙུགས།

སྤྱི་ལོ1921ལོའི་ཟླ7པའི་ཚེས23ཉིན་གྱི་དགོང་མོའི་ཆུ་ཚོད8པར། ཀྲུང་གོའི་ལོ་རྒྱུས་འཕེལ་རིམ་ཁྲོད་ཀྱི་ཆེས་གལ་ཆེ་བའི་རྣམ་པ་ཞིག་སྟེ། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོ་དེ་ཧྲང་ཧའེ་ཡི་ཧྥ་རན་སེའི་བཙན་གཡར་ས་ཆའི་ཝང་ཧྲན་ལམ་ཨང106པ་རུ་བརྗིད་ཉམས་ལྡན་པའི་ངང་འགོ་ཚུགས།

སྤྱི་ལོ1921ལོའི་ཟླ12པར། མའོ་ཙེ་ཏུང་དང་ལི་ལི་སན་གཉིས་ཨན་ཡོན་རྡོ་སོལ་གཏེར་ཁར་རྟོག་ཞིབ་གནང་བར་ཕེབས་པ་དང་། ལུའུ་ཧྲའོ་ཆི་ཡང་མོ་སི་ཁོ་ནས་ཕྱིར་རྒྱལ་ནང་དུ་ལོག་ནས་ཧུའུ་ནན་དུ་མངགས་ནས་མའོ་ཙེ་ཏུང་གི་བྱ་བར་རམ་འདེགས་བྱས།

སུན་ཀྲུང་ཧྲན་གྱིས་གོ་གུང་མཉམ་ལས་ལ་སྐུལ་འདེད་བྱེད་ཆེད། གོ་མིན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་བསྡུས་ནས་གོ་མིན་ཏང་བཅོས་སྒྲིག་བྱས་ཏེ། གོ་གུང་ཏང་ནང་གི་མཉམ་ལས་དངོས་སུ་མངོན་འགྱུར་བྱས།

སྤྱི་ལོ1924ལོའི་ཟླ6པའི་ཚེས16ཉིན་ཧོང་ཕུའུ་དམག་དཔོན་སློབ་གྲྭར་སློབ་འགོ་ཚུགས་པའི་མཛད་སྒོ་གཟབ་རྒྱས་ངང་འཚོགས་པ་དང་། སྤྱི་ལོ1924ལོའི་དབྱར་ཁར་ཀྲི་ཧྥེང་དམག་འཁྲུག་ཐེངས་གཉིས་པ་ལངས་པ་དང་། ཟླ10པའི་ཚེས23ཉིན། ཧྥེང་ཡུས་ཞང་གིས་པེ་ཅིང་སྲིད་འགྱུར་བསླངས་ཤིང་། དེ་དང་མཉམ་དུ་ཀོང་ཀྲོའུ་ཚོང་ཚོགས་ལ་དྲག་པོའི་ཟིང་འཁྲུག་བྱུང་། སུན་ཀྲུང་ཧྲན་གྱིས་ཅང་ཅེ་ཧྲིས་ཧོང་ཕུའུ་དམག་དཔོན་སློབ་གྲྭའི་སློབ་མའི་དམག་དཔུང་ཁྲིད་དེ་ཕར་རྒོལ་བྱས་པས་ངོ་ལོག་དམག་ཕམ་པར་བྱས། དེས་བྱང་འདུལ་དམག་འཁྲུག་ཆེན་པོ་རྒྱག་པར་རྨང་གཞི་བརྟན་པོ་བཏིང་། སྤྱི་ལོ1926ལོའི་ཟླ10བར་མའོ་ཙེ་ཏུང་གིས་ཀྲུང་གུང་ཀྲུང་དབྱང་ཞིང་ལས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས་པ་དང་། སྤྱི་ལོ1927ལོའི་ཟླ1པོ་ནས་ཟླ2པའི་ཚེས5ཉིན་ཞང་ཐན་ཞང་སོགས་རྫོང་ལྔའི་ཞིང་པས་ཡུལ་གྱི་གཤེད་མ་གཏོར་བ་དང་། ས་ཞིང་བགོ་བཤའ་བརྒྱབ་ནས་ཞིང་ཚོགས་བཙུགས་པའི་ཞིང་པའི་ལས་འགུལ་ལ་རྟོག་ཞིབ་གནང་། ཟླ3པར། མའོ་ཙེ་ཏུང་གིས《ཧུའུ་ནན་ཞིང་བའི་ལས་འགུལ་ལ་རྟོག་ཞིབ་བྱས་པའི་སྙན་ཞུ》ཞེས་པ་སྤེལ། ཟླ4བའི་ཚེས7ལ། ཁོས་ཀྲུང་གུང་ཚོགས་ཆེན་ལྔ་བར་ཡང་བསྐྱར་ས་ཞིང་བགོ་བའི་ཇུས་གཞི་ཕུལ་བར་ཁྲེན་ཏུའུ་ཞིའུ་ཡིས་དང་ལེན་མ་བྱས།

གནས་བབ་མྱུར་དུ་ཇེ་སྡུག་ཏུ་སོང་ནས། ཟླ5བའི་ཚེས21ཉིན་ཁྲང་ཧྲ་ཡི་ཞུས་ཁེ་ཞང་གིས་མར་འཇའ་དུས་འགྱུར་བསླངས་ཤིང་། ཅང་ཞིའི་ཀྲུའུ་ཕེ་ཏེས་གུང་ཁྲན་ཏང་ཡོན་དང་གོ་མིན་ཏང་གི་གཡོན་ཕྱོགས་མི་སྣ་འབོར་ཆེན་མཐར་སྐྲོད་བཏང་། ཟླ7པའི་ཚེས15ཉིན། ཝང་ཅིན་ཝེ་ཡིས་གུང་ཁྲན་ཏང་དང་འབྲེལ་ཐག་བཅད་པ་དངོས་སུ་ཁྱབ་བསྒྲགས་བྱས། སྤྱི་ལོ1925ལོ་ནས་སྤྱི་ལོ1927ལོའི་བར་གྱི་ཚ་ཚ་འུར་འུར་གྱི་གསར་བརྗེ་ཆེན་པོ་ཕམ་པར་བྱས།

ཟླ8པའི་ཚེས1ཉིན་གྱི་ཐོ་རེངས་སུ། ནན་ཁྲང་དུ་གློ་བུར་དུ་མེ་མདའི་སྒྲ་གྲགས་པ་དང་། ཀྲོའུ་ཨེན་ལའེ་དང་ཀྲུའུ་ཏེ་སོགས་ཀྱི་འགོ་ཁྲིད་འོག་ཀྲུང་གོ་གུང་ཁྲན་ཏང་གིས་དྲག་ཤུགས་ཀྱིས་གོ་མིན་ཏང་ལོག་སྤྱོད་ཕྱོགས་ཁག་ལ་ངོ་རྒོལ་བྱེད་པའི་མེ་མདའ་དང་པོ་བརྒྱབ། འོས་ལངས་ལ་རྒྱལ་ཁ་ཐོབ་པ་དང་། ཀྲུང་གོ་གུང་ཁྲན་ཏང་ལ་ཐེངས་དང་པོར་རང་ཉིད་ཀྱི་དམག་དཔུང་བྱུང་། དམག་དཔུང་མྱུར་དུ་ལྷོ་ཕྱོགས་སུ་བསྐྱོད་དེ། ཧན་ཁོའུ་རུ་བརྒྱད་བདུན་གྲོས་ཚོགས་བསྡུས་ཏེ། ཁྲེན་ཏུའུ་ཞིའུ་ཡི་གཡས་ལྷུང་རིང་ལུགས་ཀྱི་ནོར་འཁྲུལ་ཡོ་བསྲང་བྱས་པ་དང་། ས་ཞིང་གསར་བརྗེ་དང་དྲག་ཤུགས་ཀྱིས་གོ་མིན་ཏང་ལོག་སྤྱོད་ཕྱོགས་ཁག་ལ་ངོ་རྒོལ་བྱེད་པའི་བྱེད་ཕྱོགས་གཏན་ཁེལ་བྱས། ཟླ9བའི་ཚེས9ཉིན་སྟོན་བསྡུའི་འོས་ལངས་ལངས་ཤིང་། དགྲ་བོ་སྟོབས་ཆེ་ལ་རང་སྟོབས་ཞན་པའི་རྐྱེན་གྱིས། མའོ་ཙེ་ཏུང་གིས་ཁྲང་ཧྲ་ལ་ཕར་རྒོལ་བྱེད་པའི་འཆར་གཞི་མེད་པར་བཟོས། སྤྱི་ལོ1927ལོའི་ཟླ10བར། མའོ་ཙེ་ཏུང་གིས་དམག་དཔུང་ཁྲིད་དེ་རྒྱལ་ཁའི་ངང་ཅིན་ཀང་ཧྲན་ལ་སླེབས་ཤིང་། ཅིང་ཀང་ཧྲན་གསར་བརྗེའི་གནས་གཞིའི་ས་ཁུལ་འཛུགས་འགོ་བརྩམས།

དཔྱད་གཞིའི་ཡིག་ཆ།