སྤྱི་བདེ་དོ་དམ་རིག་པའི་ཆེད་ལས། སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2021-06-15 10:03ལ་འགྲུབ།

སྤྱི་བདེ་དོ་དམ་རིག་པའི་ཆེད་ལས།

སྤྱི་བདེ་དོ་དམ་རིག་པའི་ཆེད་ལས།
སྤྱི་བདེ་དོ་དམ་རིག་པའི་ཆེད་ལས་ཀྱིས་སྤྱི་བདེ་ལས་ཁུངས་ཀྱི་ཕྱོགས་བསྡུས་དོ་དམ་དང་། ཆབ་སྲིད་ལས་དོན། ཁྲིམས་ལུགས་ལས་དོན། རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་སོགས་སྡེ་ཚན་དུ་དོ་དམ་དང་ཁྲིམས་ལུགས་ལས་ཀ་བྱེད་ཐུབ་པ་དང་། སྤྱི་བདེའི་ལས་སྒོའི་སྡེ་ཚན་དུ་ཉེན་རྟོག་ལས་དོན་བཀོད་འདོམས་དང་། རྩ་འཛུགས་དོ་དམ། ཆ་འཕྲིན་བརྟག་ཞིབ་ལས་དོན་བཅས་དང་དེ་བཞིན་འབྲེལ་ཡོད་ཁྱབ་ཁོངས་སུ་སློབ་ཁྲིད་དང་ཚན་ཞིབ་ལས་ཀ་བྱེད་མཁན་གྱི་མཐོ་རིམ་སྣ་འཛོམས་ཅན་གྱི་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
公安管理学专业
ཕྱི་ཡིག་གི་མིང་།
Public Security Management Science
ཆེད་ལས་ཚབ་ཨང་།
030612TK
སློབ་ཡུན།
ལོ4
བསླབ་གནས།
ཁྲིམས་རིག་ཤེས་རམས་པ།
ཆེད་ལས་རིམ་པ།
དངོས་གཞི།
1 གཙོ་རྐང་བསླབ་ཚན།

སྤྱི་བདེ་དོ་དམ་གྱི་ཁ་ཕྱོགས། ཆབ་སྲིད་རིག་པ་དང་། དོ་དམ་རིག་པ། སྤྱི་བདེ་དོ་དམ་རིག་པ། སྤྱི་བདེ་ཇུས་ཐག་གཅོད་རིག་པ། སྤྱི་བདེ་བཀོད་འདོམས་རིག་པ། སྤྱི་བདེ་ཆབ་སྲིད་བཟོ་རིག ཉེན་རྟོག་མི་ཤུགས་ཐོན་ཁུངས་དོ་དམ། ཉེན་རྟོག་པའི་རྩ་འཛུགས་ཀྱི་བྱ་སྤྱོད་སློབ་སྦྱོང་། སྤྱི་བདེ་ཆ་འཕྲིན་མ་ལག་དོ་དམ། ཉེན་རྟོག་པའི་སྤྱི་པའི་འབྲེལ་བ་སོགས་ཡིན།

སྤྱི་བདེ་ཁྲིམས་ལུགས་ཀྱི་ཁ་ཕྱོགས། ཁྲིམས་ལུགས་རིག་པ་དང་། ཀྲུང་གོའི་ཁྲིམས་ལུགས་ལོ་རྒྱུས། རྩ་ཁྲིམས་རིག་པ།ཉེས་དོན་ཁྲིམས་ལུགས་རིག་པ། ཉེས་དོན་གཏུག་བཤེར་ཁྲིམས་ལུགས་རིག་པ། སྲིད་འཛིན་བཅའ་ཁྲིམས་དང་སྲིད་འཛིན་གཏུག་བཤེར་ཁྲིམས་ལུགས་རིག་པ། དམངས་དོན་གཏུག་བཤེར་ཁྲིམས་ལུགས་རིག་པ། ཚོང་ལས་ཁྲིམས་ལུགས་རིག་པ། རྒྱལ་སྤྱིའི་བཅའ་ཁྲིམས། རྒྱལ་སྤྱིའི་དཔལ་འབྱོར་ཁྲིམས་ལུགས་རིག་པ། ཉེན་རྟོག་པའི་ཁྲིམས་ལུགས་རིག་པ། ཉེས་གསོག་རིག་པ། ཉེས་དོན་མྱུལ་ཞིབ་རིག་པ། བདེ་འཇགས་དོ་དམ་རིག་པ་སོགས་ཡིན།

ཉེན་རྟོག་ལས་དོན་འགན་ལེན་ཁ་ཕྱོགས། སྲིད་གཞུང་དཔལ་འབྱོར་རིག་པ་དང་། སྤྱི་བདེ་དོ་དམ་རིག་པ། ཉེན་རྟོག་ལས་དོན་འགན་ལེན་རིག་པ། སྤྱི་བདེ་ནོར་དོན་དོ་དམ། སྤྱི་བདེ་སྒྲིག་ཆས་དོ་དམ། སྤྱི་བདེ་ལས་ཁུངས་ཀྱི་ལས་དོན་དོ་དམ། སྤྱི་བདེའི་རྨང་གཞིའི་སྒྲིག་བཀོད་དོ་དམ། སྤྱི་བདེ་རྒྱུ་ནོར་དོ་དམ། སྤྱི་བདེ་སྲིད་གཞུང་གི་ཉོ་སྒྲུབ་དོ་དམ་སོགས་ཡིན། 

2 གསོ་སྐྱོང་དམིགས་ཡུལ།

ཆེད་ལས་དེས་སྤྱི་བདེ་ལས་ཁུངས་ཀྱི་ཕྱོགས་བསྡུས་དོ་དམ་དང་། ཆབ་སྲིད་ལས་དོན། ཁྲིམས་ལུགས་ལས་དོན། རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་སོགས་སྡེ་ཚན་དུ་དོ་དམ་དང་ཁྲིམས་ལུགས་ལས་ཀ་བྱེད་པ་དང་། སྤྱི་བདེའི་ལས་སྒོ་སྡེ་ཚན་དུ་ཉེན་རྟོག་བཀོད་འདོམས་དང་། རྩ་འཛུགས་དོ་དམ། ཆ་འཕྲིན་བརྟག་ཞིབ་བཅས་ཀྱི་ལས་ཀ་བྱེད་པ་དང་དེ་བཞིན་འབྲེལ་ཡོད་ཁྱབ་ཁོངས་སུ་སློབ་ཁྲིད་དང་ཚན་ཞིབ་ལས་ཀ་བྱེད་མཁན་མཐོ་རིམ་ཤེས་ལྡན་མི་སྣ་གཙོ་གནད་ཐོག་གསོ་སྐྱོང་བྱེད་རྒྱུ།

3 ཤེས་ཡོན་གྱི་རྩལ་ནུས། 

1 ཆེད་ལས་དེའི་ངེས་པར་དུ་རྨང་གཞིའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ཤེས་བྱ། གཞི་རྩའི་ནུས་རྩལ་བཅས་རྒྱུད་རིམ་ལྡན་པའི་སྒོ་ནས་ཁོང་དུ་ཆུད་པ་བྱེད་དགོས། 

2 ཁྱོན་ཡོངས་ནས་དམག་འཐབ་དང་། ཕན་ཚུན་མཉམ་ལས། འགན་ལེན་ནུས་ལྡན་བཅས་ཀྱི་དེང་རབས་ཉེན་རྟོག་བཀོད་འདོམས་འདུ་ཤེས་ལྡན་པ།

3 དེང་རབས་ཅན་གྱི་བཀོད་འདོམས་བྱེད་ཐབས་ཁོང་དུ་ཆུད་པ།

4 རྩ་འཛུགས་ཀྱི་སྒྲིག་ཁྲིམས་སྤྱོད་ཚུལ་བཟང་པོ་ལྡན་པ།

5 སྐད་བརྡའི་མཚོན་ནུས་དང་ཡི་གེའི་མཚོན་ནུས། གསར་གཏོད་བྱེད་ནུས། རྩ་འཛུགས་དོ་དམ་ནུས་པ་བཅས་ལྡན་དགོས།

དཔྱད་གཞིའི་ཡིག་ཆ།