བདེ་སྐྱོང་དོ་དོམ་རིག་པ།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2021-05-18 15:17ལ་འགྲུབ།

བདེ་སྐྱོང་དོ་དོམ་རིག་པ།

བདེ་སྐྱོང་དོ་དོམ་རིག་པ།
བདེ་སྐྱོང་དོ་དམ་རིག་པ་ཞེས་པ་ནི་སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་ཚོགས་ཀྱི་བདེ་འཇགས་སྒྲིག་ལམ་སྲུང་སྐྱོང་དང་། སྤྱི་པའི་བདེ་འཇགས་འགན་སྲུང་། སྤྱི་དམངས་ཀྱི་མི་ལུས་དང་རྒྱུ་ནོར་གྱི་ཁེ་དབང་སྲུང་སྐྱོང་བཅས་བྱེད་ཆེད་ཁྲིམས་ལྟར་ཡོངས་བསྒྲགས་བྱས་པའི་རྒྱལ་ཁབ་ཀྱི་སྲིད་འཛིན་དོ་དམ་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
治安管理学
དབྱིན་ཡིག་གི་མིང་།
Public security management
1 རིག་ཚན་ཁྱད་ཆོས།

བདེ་འཇགས་དོ་དམ་རིག་པ་ནི་བདེ་འཇགས་དོ་དམ་ལས་སྒོ་སློབ་ཁྲིད་བྱེད་པའི་ཆེད་ལས་ཀྱི་གཞི་རིམ་སློབ་ཚན་ཞིག་རེད། དེའི་ཁྱད་ཆོས་ནི། 

གཅིག བདེ་འཇགས་དོ་དམ་རིག་པ་ནི་སྤྱི་ཚོགས་ཚན་རིག་ཅིག་ཡིན་ཞིང་སྤྱི་བདེའི་ལས་དོན་ཁྲོད་ཀྱི་བདེ་འཇགས་དོ་དམ་གྱི་གཞི་རྩའི་ལས་སྒོར་ཞིབ་འཇུག་གཙོ་བོ་བྱེད་ཀྱིན་ཡོད། དེའི་ནང་སྤྱི་བདེའི་མི་འབོར་དོ་དམ་དང་། དམིགས་བསལ་ལས་རིགས་དོ་དམ། བདེ་འཇགས་སྒྲིག་ལམ་དོ་དམ། ཉེན་ཆེའི་དངོས་རྫས་དོ་དམ། གཙོ་གནད་ལས་རིགས། གཙོ་གནད་དངོས་རྫས་བཅས་ཀྱི་བདེ་འཇགས་སྒྲིག་ལམ་དོ་དམ་སོགས་ཚུད་ཡོད། དེ་དང་ཆབས་ཅིག་དེའི་ནང་ད་དུང་སྤྱི་བདེ་ལས་ཁུངས་ཀྱི་སྲིད་འཛིན་ཁྲིམས་འཛིན་བྱེད་སྒོ་དང་སྤྱི་པའི་བདེ་འཇགས་ཀྱི་ཉམས་ཉེན་དོན་རྐྱེན་ཐག་གཅོད་དང་ཐག་གཅོད་བྱེད་སྟངས་ལ་བརྒྱུད་རིམ་ལྡན་པའི་ཞིབ་འཇུག་བྱ་རྒྱུ་ཚུད་ཡོད། 

གཉིས། བདེ་འཇགས་དོ་དམ་རིག་པ་ནི་བཀོལ་སྤྱོད་ཅན་གྱི་རིག་ཚན་ཞིག་ཡིན་ལ། དེས་བདེ་འཇགས་དོ་དམ་གྱི་གཞུང་ལུགས་ཤེས་བྱ་དང་ལག་ལེན་བྱ་བ་གཉིས་ཟུང་འབྲེལ་དམ་ཚགས་བྱས་ཏེ། བདེ་འཇགས་དོ་དམ་གྱི་གཞུང་ལུགས་ཀྱིས་སྤྱི་བདེའི་བྱ་བར་མཛུབ་སྟོན་བྱེད་ཀྱིན་ཡོད། བདེ་འཇགས་དོ་དམ་གྱི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་བགྲོ་གླེང་གཙོ་བོ་དང་བདེ་འཇགས་དོ་དམ་གྱི་ལས་འགན་གཏན་འཁེལ་དང་། ལས་སྒོ་དབྱེ་བ། མཛུབ་ཁྲིད་བསམ་བློ། བྱེད་ཕྱོགས་རྩ་དོན། བཅའ་ཁྲིམས་ཁྲིམས་སྲོལ། འགན་སྲུང་དང་ལྟ་སྐུལ། དེ་བཞིན་རྒྱལ་ཁབ་ཕྱི་ནང་གི་བདེ་འཇགས་དོ་དམ་གྱི་ལོ་རྒྱུས་དང་ད་ལྟའི་གནས་བབ་དང་མ་འོངས་པའི་འཕེལ་ཕྱོགས་སོགས་རྒྱས་བཤད་བྱས་པ་དེ་དག་གིས་སྤྱི་བདེའི་ལས་དོན་དངོས་ལ་མཛུབ་ཁྲིད་བྱེད་པར་མཛུབ་ཁྲིད་ཀྱི་དོན་སྙིང་ལྡན་ཡོད། 

2 གསོ་སྐྱོང་དམིགས་ཡུལ།

ཆེད་ལས་འདིས་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་བརྟན་པོ་དང་རྩ་འཛུགས་ཀྱི་སྒྲིག་ཁྲིམས་འདུ་ཤེས་ནན་མོ། ལས་རིགས་ཀྱི་ཀུན་སྤྱོད་བཟང་པོ་བཅས་གསོ་སྐྱོང་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་ཆེད་རང་སྲོག་བློས་གཏོང་བའི་སྙིང་སྟོབས་ཡོད། རང་རྒྱལ་གྱི་སྤྱི་བདེའི་ལས་ཀའི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས། བདེ་འཇགས་དོ་དམ་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་བཅས་ལ་ཆ་རྒྱུས་ཡོད་པ། བདེ་འཇགས་རིག་པའི་ཆེད་ལས་ཀྱི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ཤེས་བྱ། གཞི་རྩའི་ནུས་རྩལ་བཅས་རྒྱུད་རིམ་ལྡན་པའི་སྒོ་ནས་ཁོང་དུ་ཆུད་པ། སྤྱི་བདེ་དང་མཐའ་སྲུང་། རྒྱལ་ཁབ་བདེ་འཇགས་སོགས་སྡེ་ཚན་དུ་བདེ་འཇགས་དོ་དམ་དང་། རྒྱལ་མཚམས་ནས་འགྲོ་འོང་དོ་དམ། གཞུང་ལམ་འགྲིམ་འགྲུལ་དོ་དམ།  བདེ་འཇགས་སྲུང་སྐྱོབ། ཉེས་གསོག་སྔོན་འགོག ཚོད་འཛིན་བཅས་དང་དེ་བཞིན་བདེ་འཇགས་རིག་པའི་སློབ་ཁྲིད་དང་ཚན་ཞིབ་སོགས་ཐད་ཀྱི་མཐོ་རིམ་ཆེད་ལས་ཀྱི་ཤེས་ལྡན་མི་སྣ་བཅས་ཚུད་ཡོད། 

3 མཐར་ཕྱིན་སློབ་མའི་ནུས་པ།

1.བདེ་འཇགས་རིག་པ་དང་སྲིད་འཛིན་ཁྲིམས་ལུགས་རིག་པ། སྲིད་འཛིན་དོ་དམ་རིག་པ། བདེ་འཇགས་ཉེན་ཟོན་ལག་རྩལ་རིག་པ། མྱུལ་ཞིབ་རིག་པ་སོགས་ཐད་ཀྱི་གཞི་རྩའི་རིགས་པའི་གཞུང་ལུགས་དང་གཞི་རྩའི་ཤེས་བྱ་ཁོང་དུ་ཆུད་པ་བྱེད་དགོས། 

2.བདེ་འཇགས་དོ་དམ་བྱེད་ཐབས་དང་བདེ་འཇགས་ཉེན་ཟོན་ལག་རྩལ་ཁོང་དུ་ཆུད་པ། 

3.གྲོང་ཁྱེར་གྱི་སྤྱི་ཚོགས་བདེ་འཇགས་ལ་དོ་དམ་དང་། བདེ་འཇགས་ཀྱི་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་པའི་ཐོག་མའི་ནུས་པ་ལྡན་པ། 

4.ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྤྱི་བདེའི་ལས་དོན་དང་སྤྱི་ཚོགས་བདེ་འཇགས་ལས་དོན་གྱི་བྱེད་ཕྱོགས་དང་། སྲིད་ཇུས། ཁྲིམས་སྲོལ་བཅས་ལ་རྒྱུས་མངའ་ཡོད་པ། 

5.འཕྲིན་གཏོང་དང་ཁ་ལོ་བསྒྱུར་བ། མེ་མདའ། རང་སྲུང་དགྲ་འཛིན་སོགས་ཀྱི་རྩལ་ནུས་ཁོང་དུ་ཆུད་པ་བྱས་ནས་གཟུགས་པོའི་སྤུས་ཚད་དེ་གཏན་འབེབས་ཀྱི་ཚད་གཞིར་སླེབས་པ། 

6.སྤྱི་བདེའི་ཞིབ་འཇུག་གི་གཞི་རྩའི་བྱེད་ཐབས་ཁོང་དུ་ཆུད་པ་བྱས་ཏེ་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག ལས་ཀ་དངོས་བཅས་ཀྱི་ནུས་པ་ངེས་ཅན་ལྡན་དགོས། 

4 བསླབ་ཚན་གཙོ་བོ།

སྤྱི་བདེའི་རིག་པའི་རྨང་གཞིའི་རིགས་པའི་གཞུང་ལུགས་དང་ཉེས་གསོག་རིག་པ། སྤྱི་བདེ་དོ་དམ་རིག་པ། མྱུལ་ཞིབ་རིག་པའི་སྤྱི་བཤད། ཉེས་ཁྲིམས། ཉེས་དོན་གཏུག་བཤེར་བཅའ་ཁྲིམས། སྲིད་འཛིན་བཅའ་ཁྲིམས་དང་སྲིད་འཛིན་གཏུག་བཤེར་བཅའ་ཁྲིམས། རང་སྲུང་དགྲ་འཛིན། མེ་མདའ།བདེ་འཇགས་ཉེན་ཟོན་ལག་རྩལ། བགྲོད་ལམ་འགྲིམ་འགྲུལ་དོ་དམ་རིག་པ་སོགས་ཡིན། 

དཔྱད་གཞིའི་ཡིག་ཆ།