1.ལྟེ་བའི་བསླབ་ཚན། བདེ་འཇགས་ཉེན་ཟོན་གྱི་ལས་དོན་དང་མི་འབོར་དོ་དམ། མང་ཚོགས་ཀྱི་ལས་དོན་དངོས་ཀྱི་ལས་དོན། སྐོར་ཞིབ་ལས་དོན། ལས་རིགས་གནས་ཡུལ་གྱི་བདེ་འཇགས་དོ་དམ། བདེ་འཇགས་སྲིད་འཛིན་གྱི་གྱོད་གཞི་སྒྲུབ་པ། བྱེད་སྒོ་ཆེ་གྲས་ཀྱི་བདེ་འཇགས་དོ་དམ། བདེ་འཇགས་སྡེ་ཚན་གྱི་དོ་དམ་བྱེད་ཁོངས་བཅས་ཀྱི་ཉེས་དོན་གྱོད་གཞིའི་མྱུལ་ཞིབ་སོགས་ཡིན།
2.དངོས་སྦྱོང་སྦྱོང་བརྡར་ཏེ། སློབ་གྲྭའི་ནང་དུ་ལད་ཟློས་དངོས་སྦྱོང་བྱེད་ས་སྣ་ཚོགས་བེད་སྤྱད་ནས་མང་ཚོགས་ཀྱི་ལས་ཀ་དང་། སྐོར་ཞིབ། ཉེན་རྟོག་པའི་གནས་ཚུལ་ཐག་གཅོད་སོགས་ཀྱི་དངོས་སྦྱོང་བྱེད་དགོས་ཤིང་། གཞི་རིམ་སྤྱི་བདེ་ལས་ཁུངས་ཀྱི་བདེ་སྐྱོང་དོ་དམ་ལས་གནས་སུ་དངོས་སྦྱོང་བྱ་ཆོག
རང་གི་ཆེད་ལས་ཀྱིས་ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་གཏོང་བ། ཉེན་རྟོག་པའི་ལས་རིགས་ཀྱི་ཀུན་སྤྱོད་དང་ལས་རིགས་ཀྱི་བྱང་ཚད། མི་ཆོས་བྱང་ཚད་བཅས་ལེགས་པོ་ལྡན་པ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་སྤྱོད་ཚུལ་བཟང་བ། “བློ་དཀར་དམངས་གཅེས། དྲང་གཞགསྤྱོད་གཙང”བཅས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རང་རྟོགས་ངང་ལག་ལེན་བསྟར་བ། སྤྱི་བདེའི་གཞི་རྩའི་རིགས་པའི་གཞུང་ལུགས་དང་ཉེན་རྟོག་པའི་ལས་དོན་སྒྲུབ་པའི་ཚད་གཞི་ཁོང་དུ་ཆུད་པར་བྱས་ཏེ། སྤྱི་བདེའི་རྒྱུན་སྤྱོད་བཅའ་ཁྲིམས་ཁྲིམས་སྲོལ་དང་བདེ་འཇགས་ལས་དོན་གྱི་གཞི་རྩའི་ཤེས་བྱར་རྒྱུས་མངའ་ཡོད་པ་དང་། བདེ་འཇགས་དོགས་ཟོན་དང་མི་འབོར་དོ་དམ། སྐོར་ཞིབ། རྒྱུན་མཐོང་ཉེན་རྟོག་གནས་ཚུལ་ཐག་གཅོད། ལས་རིགས་གནས་ཡུལ་གྱི་བདེ་འཇགས་དོ་དམ། བདེ་འཇགས་སྲིད་འཛིན་གྱོད་གཞི་སྒྲུབ་གཉེར་བཅས་དང་བདེ་འཇགས་སྡེ་ཚན་གྱི་དོ་དམ་ཁོངས་གཏོགས་ཀྱི་ཉེས་དོན་གྱོད་གཞི་མྱུལ་ཞིབ་བྱེད་པའི་ནུས་པ་ལྡན་པ། གཞི་རིམ་གྱི་བདེ་འཇགས་དོ་དམ་དང་ཁྲིམས་འཛིན་གྱོད་སྒྲུབ་སོགས་ཀྱི་ལས་དོན་སྒྲུབ་མཁན་བྱང་ཚད་མཐོ་བའི་དངོས་འཐབ་རིགས་ཀྱི་ཉེན་རྟོག་ཤེས་ལྡན་པ་བཅས་ཡོད་པ་རེད།
1.བསམ་བློ་ཀུན་སྤྱོད་བཟང་པོ་འཛོམས་དགོས་པ་དང་སྤྱི་བདེའི་བྱ་གཞག་ལ་དགའ་ཞེན་ཆེ་ཞིང་ལེགས་སྐྱེས་སུ་འབུལ་བའི་སྙིང་སྟོབས་ཡོད་དགོས།
2.བདེ་ཐང་གི་གཟུགས་གཞི་དང་སེམས་ཁམས་ཀྱི་བྱང་ཚད་ཡག་པོ་ལྡན་དགོས་པ་དང་། ཉེན་རྟོག་པའི་གཟུགས་པོའི་སྦྱོང་བརྡར་གྱི་ཚད་གཞིར་སླེབས་དགོས་པ། ཉེན་རྟོག་པའི་རླངས་འཁོར་གཏོང་བ་དང་དྲག་ཤུགས་སྤྱོད་པ་སོགས་ཀྱི་གཞི་རྩའི་ཉེན་རྟོག་པའི་རྩལ་ནུས་ཁོང་དུ་ཆུད་དགོས་པ། སྤྱི་བདེའི་དངོས་འཐབ་ལ་མཁོ་བའི་གཞུང་ཡིག་རྩོམ་འབྲི་དང་། རྩིས་རྒྱག་འཕྲུལ་འཁོར་བཀོལ་སྤྱོད། ཉེན་དོན་དབྱིན་ཡིག་སོགས་ཀུན་སྤྱོད་ནུས་པ་ལྡན་དགོས།
3.སྤྱི་བདེའི་ལས་ཀའི་གཞི་རྩའི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་སྤྱི་བདེའི་བདེ་འཇགས་དོ་དམ་ལས་ཀའི་འབྲེལ་ཡོད་བྱེད་ཕྱོགས་དང་སྲིད་ཇུས་ལ་རྒྱུས་མངའ་ཡོད་པ། སྤྱི་བདེ་མང་ཚོགས་ཀྱི་ལས་དོན་དང་ཆ་འཕྲིན་ཅན་གྱི་བཀོལ་སྤྱོད། བཅའ་ཁྲིམས་ཀྱི་ཡིག་ཆ་བཟོ་བ། རྩོད་གཞི་འདུམ་གཅོད། ཚོགས་སྤྱིའི་རང་བཞིན་གྱི་དོན་རྐྱེན་ཐོན་སར་དུས་འགོའི་ཐག་གཅོད། དེ་བཞིན་ཉེན་དོན་ལག་རྩལ་དང་འཐབ་རྩལ་སོགས་ཀུན་སྤྱོད་ཀྱི་རྩལ་ནུས་ཁོང་དུ་ཆུད་པ་བྱས་ནས་བདེ་འཇགས་དོགས་ཟོན་དང་། མི་འབོར་དོ་དམ། སྐོར་ཞིབ། རྒྱུན་མཐོང་ཉེན་རྟོག་གནས་ཚུལ་ཐག་གཅོད། ལས་རིགས་གནས་ཡུལ་གྱི་བདེ་འཇགས་དོ་དམ། གྱོད་གཞི་ཐག་གཅོད་སོགས་ལྟེ་བའི་ནུས་པ་ལྡན་པ།
4.རང་གི་ཆེད་ལས་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞན་དག་དང་། སྤྱི་བདེའི་རྨང་གཞིའི་རིགས་པའི་གཞུང་ལུགས་དང་ཉེན་རྟོག་པའི་ལས་སྒྲུབ་ཚད་གཞི་ཤེས་རྟོགས།འབྲེལ་ཡོད་ལས་ཀའི་གོ་རིམ་གཏན་འབེབས་རྒྱུས་མངའ་ཡོད་པ། ཁྲིམས་འཛིན་དོ་དམ་གྱི་ཆུ་ཚད་ཅུང་མཐོ་བ་བཅས་ཡིན་དགོས།