ས་སེར།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2021-05-17 15:59ལ་འགྲུབ།

ས་སེར།

ས་སེར།
《ས་སེར》ཞེས་པ་ནི་ཁོ་ལན་གྱི་བརྩམས་སྒྲུང《ལུང་བའི་བྲག་ཆ》ཞེས་པ་བཅོས་སྒྲིག་བྱས་པའི་རིག་རྩལ་བརྗོད་བྱར་བྱས་པའི་གློག་བརྙན་ཞིག་ཡིན། ཁྲེན་ཁའེ་ཀེ་ཡིས་འཁྲབ་ཁྲིད་བྱས་པ་དང་། ཝང་ཞུའེ་ཆི་དང་ཞུའེ་པའེ་ཡིས་གཙོ་འཁྲབ་བྱས་པ་ཡིན། གློག་བརྙན་དེའི་ནང་ཧྲའན་པེའི་གྲོང་གསེབ་ཀྱི་བུད་མེད་དབུལ་པོ་ཚེའེ་ཆོ་ཡི་གནས་ཚུལ་སྐོར་གླེང་ཡོད། ཆུང་དུས་ནས་ཕ་མས་བྱིས་པའི་ཉེ་དོན་གཏན་འཁེལ་བྱས་པ་དང་། ཁོ་མོ་རྐྱེན་ངན་ལས་ཐར་ཐབས་མེད་པས། གླུ་གཞས་ལ་བརྟེན་ནས་སེམས་ནང་གི་སྡུག་བསྔལ་བརྗོད་ཡོད། གློག་བརྙན་འདིར་སྤྱི་ལོ1985ལོར་སྐབས་ལྔ་པའི་ཀྲུང་གོའི་གློག་བརྙན་གྱི་གསེར་བྱའི་བྱ་དགའ་དང་སྤྱི་ལོ1985ལོར་སུའེ་ཙེར་གྱི་སྐབས38པའི་ལུའོ་ཀ་ནུའོ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་དངུལ་གྱི་བྱ་དགའ་ཐོབ་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
黄土地
དབྱིན་ཡིག་གི་མིང་།
Yellow Earth
ཀུང་སི།
ཀོང་ཞིའི་གློག་བརྙན་བཟོ་གྲྭ།
གློག་བརྙན་འཁྲབ་ཡུལ།
ཀྲུང་གོའི་སྐམ་ས་ཆེན་པོ།
འཁྲབ་ཁྲིད་པ།
ཁྲེན་ཁའེ་ཀེ།
འཁྲབ་གཞུང་།
ཀྲང་ཙི་ལེང་། ཁོ་ལན།
རིགས།
ཟློས་གར།
གཙོ་འཁྲབ་པ།
ཝང་ཞུའེ་ཆི། ཞུའེ་པའེ།
རིང་ཚད།
སྐར་མ89
སྟོན་དུས།
སྤྱི་ལོ1985ལོའི་ཟླ9པའི་ཚེས10ཉིན།
སྐད་རིགས།
རྒྱ་སྐད།
ཚོན་མདངས།
ཚོན་ལྡན།
1 ​ནང་དོན་མདོར་བསྡུས།

ཧྲའན་པེའི་གྲོང་གསེབ་ཀྱི་བུད་མེད་དབུལ་པོ་ཚུའེ་ཆའོ་ཆུང་དུས་ནས་ཨ་ཕས་བྱིས་པའི་གཉེན་སྒྲིག་ཏགན་ལ་ཕབ་ཡོད་པས། ཁོ་མོ་རྐྱེན་ངན་ལས་ཐར་ཐབས་མེད། དེ་བས་ཁོ་མོས་གླུ་གཞས་ལ་བརྟེན་ནས་སེམས་ནང་གི་སྡུག་བསྔལ་བརྗོད་པ་རེད། ཧྲའན་ཞི་ཡན་ཨན་གྱི་པ་ལུའུ་དམག་གི་རིག་རྩལ་མཁས་པ་ཀུའུ་ཆིང་གིས་དམངས་གཞས་འཚོལ་བསྡུ་བྱེད་ཆེད་ཚུའེ་ཆའོ་ཡི་ཁྱིམ་དུ་སླེབས། དུས་ཚོད་ངེས་ཅན་ཞིག་རིང་གི་འཚོ་བ་དང་ངལ་རྩོལ་ བརྒྱུད་ཚུའེ་ཆའོ་ཡི་ཁྱིམ་མིས་ཁོ་རང་གི་ཁྱིམ་མིར་བརྩི་བཞིན་ཡོད།

ཀུའུ་ཆིང་གིས་ཡན་ཨན་བུད་མེད་ཀྱི་གཉེན་སྒྲིག་རང་དབང་གླེང་སྐབས། ཚུའེ་ཆའོ་ཡིས་ཉན་རྗེས་ཡིད་སྨོན་གཏིང་ནས་སྐྱེས་བཞིན་ཡོད། ཨ་ཕ་བློ་སེམས་དཀར་ཡང་བླུན་རྨོངས་ཆེ་བས། ཁོས་ཚུའེ་ཆའོ་ཟླ་བཞི་བའི་ནང་དུ་གཉེན་སྒྲིག་ནས་ཚར་དགོས་ཟེར་བཞིན་ཡོད། ཀུའུ་ཆིན་འགྲོ་གྲབས་ཡོད་པས། རྒན་པོས་ཀུའུ་ཆིན་ལ་སྐྱེལ་མ་བྱས་ཤིང་། བུད་མེད་ཀྱི་ལས་དབང་བརྗོད་པའི་གླུ་དབྱངས་ཤིག་བླངས་པས། ཀུའུ་ཆིན་ལ་སེམས་འགུལ་ཆེན་པོ་ཐེབས། ཚུའེ་ཆའོ་ཡི་ནུ་བོས་ཕུ་བོ་ཀུའུ་ལགས་ལ་སྐྱེལ་མ་བྱས། རི་བོ་ཞིག་བརྒལ་རྗེས། ཀུའུ་ཆིན་གྱིས་ཚུའེ་ཆའོ་རི་རྩེ་ཞིག་ཏུ་འགྲེང་ཡོད་པ་མཐོང་། ཁོ་མོས་སྙན་ཞིང་འཇེབས་པའི་གླུ་དབྱངས་ཤིག་བླངས་ཏེ། གུང་ཁྲན་ཏང་ལ་བཅངས་པའི་བརྩེ་སེམས་དང་རང་དབང་དང་འོད་སྣང་ལ་བཅངས་པའི་རེ་བ་མཚོན་པར་བྱས།  ཁོ་མོས་ཕུ་བོ་ཀུའུ་ཡི་རྗེས་སུ་འབྲངས་ནས་ཡན་ཨན་ལ་འགྲོ་དགོས་ཟེར། ཀུའུ་ཆིན་གྱིས་སྐབས་དེར་ཁོ་མོ་ཁྲིད་ནས་འགྲོ་མི་ཐུབ་པས་ཁོ་ཚོ་དང་ཁ་གྱེས།

ཟླ4པར་ཚུའེ་ཆའོ་ཡིས་གཉེན་སྒྲིག་བྱས་ཚར་བའི་ཉིན་མོར། ཁྱོ་གའི་ཁྱིམ་ནས་བྲོས་ཏེ་གྲུ་ཆུང་བཏང་སྟེ་ཤར་ཕྱོགས་ཀྱི་རྨ་ཆུ་བརྒལ་ནས་འཚོ་བ་གསར་པ་རོལ་རྒྱུ་ཐག་གིས་བཅད། ཆུ་ངོས་སུ་རླུང་འཚུབ་ཆེ་ཞིང་རྦ་རླབས་འཕྱུར།  མཚམས་རེར་གྲུ་ཆུང་གི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མི་འདུག ཟླ་གཉིས་ཀྱི་རྗེས་སུ། ཀུའུ་ཆིན་ཡང་བསྐྱར་གཞི་རིམ་དུ་སོང་ནས། ཚུའེ་ཆའོ་ཡི་ནུ་བོ་མི་ཚོགས་ལས་ཕྱིར་བུད་དེ་ཁོའི་ཕྱོགས་སུ་བརྒྱུགས།

2 གློག་བརྙན་གདེང་འཇོག

གལ་སྲིད《གཅིག་དང་བརྒྱད》ནི་ཀྲུང་གོའི་རབས་ལྔ་པའི་འཁྲབ་ཁྲིད་པ་ཚོའི་གསར་གཏོད་བརྩམས་ཆོས་ཤིག་ཡིན་ཚེ། 《ས་སེར》ནི་རབས་ལྔ་པའི་རྩེར་སོན་པའི་གློག་བརྙན་བརྩམས་ཆོས་ཤིག་རེད། ཁྲེན་ཁའེ་ཀོ་ཡི《ས་སེར》ཞེས་པའི་གློག་བརྙན་གྱི་ཉམས་འགྱུར་དང་སྐད་ཆའི་ཐོག་ནས་གཟུགས་བརྙན་གསར་པ་ཞིག་ཐོན་ཡོད་པ་མ་ཟད། རབས་ལྔ་པའི་འཁྲབ་ཁྲིད་པའི་ཐོག་མའི་དོན་བརྗོད་ཀྱི་བསམ་ཕྱོགས་དང་ཉམས་འགྱུར་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། ནུབ་བྱང་གི་ས་གཞི་སེར་པོའི་དམངས་སྲོལ། དེ་བཞིན་ཀྲུང་གོའི་རིག་གནས་ལ་བསམ་གཞིག་རང་བཞིན་གྱི་གནས་ཚུལ་བརྗོད་པ་བཅས་ལས་ཀྲུང་གོའི་གློག་བརྙན་ལ་ཉམས་འགྱུར་མི་འདྲ་བ་གཞན་ཞིག་མངོན་པ་མ་ཟད། མི་རབས་ལྔ་པའི་མཐོང་རྒྱ་དང་དེ་སྔའི་ཀྲུང་གོའི་འཁྲབ་ཁྲིད་པའི་ལོ་རྒྱུས་ཀྱི་མཐོང་ཟུར་མི་འདྲ་བ་ཡང་མཚོན་པ་རེད།(ཀྲུང་གོའི་ཉིན་རེའི་ཚགས་པར་གྱི་དྲ་བ)

《ས་སེར》ཞེས་པས་རབས་ལྔ་པའི་འཁྲབ་ཁྲིད་པའི་ཚོགས་སྤྱི་དབུ་བརྙེས་པ་མཚོན་པ་མ་ཟད། ཀྲུང་གོའི་རིག་གནས་ལ་བསམ་གཞིག་དང་དོན་བརྗོད་བྱས་པ་དང་ཚད་བརྒལ་རང་བཞིན་དང་ཐ་ན་གསར་བརྗེའི་རང་བཞིན་གྱི་གློག་བརྙན་སྐད་ཆས་ཀྲུང་གོའི་དེང་རབས་གློག་བརྙན་གྱི་འཕེལ་རྒྱས་ལ་ཁ་ཕྱོགས་རང་བཞིན་གྱི་ཤུགས་རྐྱེན་ཐེབས་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་སེར། གློག་བརྙན། གསར་བརྗེ།