འཇིག་ཚོགས་ལ་ལྟ་བ་དྲུག་ཅུ་རྩ་གཉིས།སྔ་མའི་པར་གཞི་དེ སེམས་ཀྱི་ལོ་མ།  ནས 2021-05-18 10:14ལ་འགྲུབ།

འཇིག་ཚོགས་ལ་ལྟ་བ་དྲུག་ཅུ་རྩ་གཉིས།

ཡེ་ཤེས་ཀྱི་སྙིང་པོ་ཀུན་ལས་བཏུས་པ་ཞེས་བྱ་བའི་བཤད་སྦྱར་དང་རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ་གཉིས་ལས་བྱུང་བའི་ཕྱི་རོལ་པའི་ལྟ་བ་སྟེ་འཇིག་ཚོགས་ལ་ལྟ་བ་དྲུག་ཅུ་རྩ་གཉིས་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《བསྟན་འགྱུར་དབུ་མ་ཚ་པ》ཤ44བ2དང《བསྟན་འགྱུར་སེམས་ཙམ་ཟི་པ》ཤ156ན4གཉིས་ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ། 

འདི་ལ་ཁག་གཉིས་ཡོད།  

1_1 ཁག་དང་པོ།

ཡེ་ཤེས་ཀྱི་སྙིང་པོ་ཀུན་ལས་བཏུས་པ་ཞེས་བྱ་བའི་བཤད་སྦྱར་ལས་བྱུང་བ་ཕྱི་རོལ་པའི་འདོད་པ་སྟེ།

1.རྟག་པར་སྨྲ་བ་བཞི།

2.ཡང་རྟག་པར་སྨྲ་བ་བཞི།

3.མཐར་སྨྲ་བ་བཞི།

4.ཀུན་འབྱུང་བར་སྨྲ་བ་གཉིས།

5.ཚིག་འཁྲུལ་པ་བཞི།

6.འདུ་ཤེས་སུ་སྨྲ་བ་བཅུ་དྲུག

7.འདུ་ཤེས་ཡོད་པ་མ་ཡིན་པར་སྨྲ་བ་བརྒྱད།

8.འདུ་ཤེས་ཡོད་པའང་མ་ཡིན་མེད་པའང་མ་ཡིན་པར་སྨྲ་བ་བརྒྱད།

9.མཐོང་བའི་ཆོས་ལ་ཡིད་འབྱུང་བར་སྨྲ་བ་ལྔ།

10.ཆད་པར་སྨྲ་བ་བདུན་བཅས་སོ༎

1_2 ཁག་གཉིས་པ།

རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ་ལས་བྱུང་བ་ཕྱི་རོལ་པའི་ལྟ་བ་སྟེ།

དང་པོ།

1.རྟག་པར་སྨྲ་བ་རྣམས་ཀྱི་བཞི།

2.ཁ་ཅིག་རྟག་པར་འཛིན་པ་རྣམས་ཀྱི་བཞི།

3.རྒྱུ་མེད་པར་སྨྲ་བ་རྣམས་ཀྱི་གཉིས།

4.མཐའ་དང་མཐའ་མེད་པར་འདུ་ཤེས་པ་རྣམས་ཀྱི་བཞི།

5.རྣམ་པར་མི་གཡེང་བའི་ལྷ་རྣམས་ཀྱི་བཞི་བཅས་ལྟ་བར་གྱུར་པ་བཅོ་བརྒྱད་པོ་འདི་དག་ནི་སྔོན་གྱི་མཐའ་ལ་རྟོག་པའི་བདག་ཏུ་སྨྲ་བ་རྣམས་ཀྱིས་འདོད་པའོ༎

གཉིས་པ།

1.དེ་ལ་སྲེད་པའི་ལྟ་བ་ཅན་འདུ་ཤེས་ཡོད་པར་སྨྲ་བ་རྣམས་ཀྱི་བཅུ་དྲུག

2.འདུ་ཤེས་མེད་པར་སྨྲ་བ་རྣམས་ཀྱི་བརྒྱད།

3.འདུ་ཤེས་ཡོད་པ་ཡང་མ་ཡིན་འདུ་ཤེས་མེད་པ་ཡང་མ་ཡིན་པར་སྨྲ་བ་རྣམས་ཀྱི་བརྒྱད།

4.ཆད་པར་སྨྲ་བ་རྣམས་ཀྱི་བདུན།

5.ཚེ་འདི་ལ་མྱ་ངན་ལས་འདས་པར་སྨྲ་བ་རྣམས་ཀྱི་ལྔ་བཅས་ལྟ་བར་གྱུར་པ་བཞི་བཅུ་རྩ་བཞི་པོ་འདི་དག་ནི་ཕྱི་མའི་མཐའ་ལ་རྟོག་པའི་བདག་ཏུ་སྨྲ་བ་རྣམས་ཀྱི་འདོད་པའོ༎