སྟོང་སྡེ་དྲུག་ཅུ་རྩ་གཅིག་གི་སྟོང་དཔོན་དང་།རུ་རྟ།རུ་དར་སོགས་ཚན་པ་ལྔ།སྔ་མའི་པར་གཞི་དེ སེམས་ཀྱི་ལོ་མ།  ནས 2021-05-18 10:19ལ་འགྲུབ།

སྟོང་སྡེ་དྲུག་ཅུ་རྩ་གཅིག་གི་སྟོང་དཔོན་དང་།རུ་རྟ།རུ་དར་སོགས་ཚན་པ་ལྔ།

《ལྡེའུ་ཆོས་འབྱུང》ལས་བྱུང་བའི་སྟོང་སྡེ་དྲུག་ཅུ་རྩ་གཅིག་གི་སྟོང་དཔོན་དང་། རུ་རྟ། རུ་དར་སོགས་ཚན་པ་ལྔ་ཞེས་པ་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《ལྡེའུ་ཆོས་འབྱུང》དེབ་ཤ259.16ལས་བཏུས།
རིགས་དབྱེ།
ལོ་རྒྱུས།
1 རྣམ་གྲངས་འདྲེན་པ། 

1.རུ་ལག་གི་སྟོང་སྡེ་བརྒྱད་ལ།

(1)ང་དཀར་ཁྲི་བོམ་འབྲོའི་སྟོང་སྡེ་ལགས།

(2)སྒྲོམ་པ་ལྷ་རྩེ་སྒྲོའི་སྟོང་སྡེ་ལགས།

(3)དེ་བཞིའི་རུ་པའི་རུ་དཔོན་ནི། འབྲོ་རྒྱལ་མཚན་སེང་གེ་ལགས། རུ་རྟ་ནི་ངང་པ་ཕུན་དམར་ལགས། རུ་དར་ནི་སེང་གེ་དཀར་པོ་གནམ་དུ་འགྲེང་པ་ཐོགས་པ་ལགས། ཡིག་ཚང་ཟངས་ཀྱི་ཡི་གེ་ཐོབ་པ་ལགས། རུ་དཔོན་གྱི་རྟིང་གནོན་ནམ་དཔའ་ཟླ་ནི་གནམ་ཏེ་གུ་རུ་ཚབ་ལགས།

2.རུ་ལག་སྨད་ཀྱི་སྟོང་སྡེ་བཞི་ནི།

(1)མྱང་རོ་འབྲོའི་སྟོང་སྡེ་ལགས།

(2)ཁྲི་ཐང་ཁྱུང་པོའི་སྟོང་སྡེ་ལགས།

(3)གད་སྲམ་མགོས་ཀྱི་སྟོང་སྡེ་ལགས།

(4)མཁར་གསར་ཤུད་ཀེའི་སྟོང་སྡེ་ལགས།

(5)མཚོ་ངམ་སྟོང་བུ་ཆུང་སྒྲོའི་སྟོང་སྡེ་ལགས་སོ༎

(6)རུ་ལག་སྨད་ཀྱི་སྟོང་སྡེའི་སྟོང་དཔོན་ནི། ཁྱུང་པོ་མེས་པོ་སྟོང་དཔོན་གཡུའི་ཟུར་ཕུད་ཅན་གྱིས་བྱས། རུ་རྟ་ནི་རག་པ་རྔོག་ནག དཔའ་ཟླ་ནི་འཆིམས་ཅན་བཞེར་ལྷ་གཟིགས་ལགས། རུ་དར་ནི་དཔའ་དར་ནག་པོ། ཡིག་ཚང་ནི་ཟངས། རུ་ལག་སྟོད་སྨད་ཚོའི་དམག་གི་བཞེད་ནི་གངས་ལ་སེང་གེ་འགྲིམས་པ་བཞིན་དུ་འོང་བ་ལགས་སྐད་དོ༎

3.གཡས་རུའི་སྟོང་སྡེ་ལ།

(1)ལྷོ་ཡོ་ཤངས་སྡེ་ཁྱུང་པོའི་སྟོང་སྡེ་ལགས།

(2)ལང་མི་ཕོད་དཀར་སྤ་ཚབ་ཀྱི་སྟོང་སྡེ་ལགས།

(3)ཉེན་མཁར་དང་འགྲངས་རྩང་ལང་སའི་སྟོང་སྡེ་ལགས།

(4)ཡོ་རབས་གཟོང་སྡེ་མགོས་ཀྱི་སྟོང་སྡེ་ལགས།

(5)གཡས་རུ་སྟོད་ཀྱི་རུ་དཔོན་ནི། རྒྱལ་ལྷོ་ཡོ་སྡེ་དྲུག་གི་མེས་པོ་ཁྱུང་པོ་སྟག་བཟང་ཉ་སྟོང་གིས་བགྱིས། རུ་རྟ་ནི་མཚལ་ལུ་མེ་སྟག རུ་དར་ནི་དར་ནག་སྙིང་དཀར་ལ་བྱ་ཁྱུང་བྲིས་པ་འཕྱར། དཔའ་ཟླ་ནི་སྤ་ཚབ་མཚོག་བཞེར་རྩང་ཡོད། ཡིག་ཚང་ཟངས་ཀྱི་ཡི་གེ།

(6)གཡས་རུ་སྨད་ཀྱི་རུ་དཔོན་ནམ་དམག་དཔོན་ནི། མགོས་ཁྲི་སྙེན་གསང་མཆོད་ཀྱིས་བྱས། རུ་རྟ་ནི་སྔོན་པོ་གཡུ་རྟ། རུ་དར་ནི་སྐྱེར་ཁ་གོང་ཁྲ། དཔའ་ཟླ་ནི་གླང་པ་མགོན་ནེ། ཡིག་ཚངས་ཟངས། གཡས་རུའི་དམག་གི་བཞེད་ནི་སྤང་ལ་མེ་མཆེད་པ་ལྟར་འོང་བ་ལགས་སོ༎

4.དབུ་རུའི་སྟོང་དཔོན་ནི།

(1)ཕྱུགས་འཚམས་དང་འགྲངས་འཚམས་གཉིས་ཕྱུག་འཚམས་ཀྱི་སྟོང་སྡེ་ལགས།

(2)གཅོང་པ་དང་འབྲིང་འཚམས་གཉིས་ཅོག་རོའི་སྟོང་སྡེ་ལགས།

(3)དོར་སྟེ་སྡེ་མཚམས་གཉིས་སྨ་དང་སྐ་བའི་སྟོང་སྡེ་ལགས།

(4)ཀྱི་སྟོད་ཀྱི་སྨད་གཉིས་སྦས་ཀྱི་སྟོང་སྡེ་ལགས།

(5)དབུ་རུ་སྟོད་ཀྱི་རུ་དཔོན་ནམ་དམག་དཔོན་ནི་སྣ་རྣམ་རྒྱལ་རྟ་རྒན་མོ་ཆུང་གིས་བྱས། རུ་རྟ་ནི་ཟེ་དཀར་ལྟར་སྐྱ། རུ་དར་ནི་སྦང་མ་དམར་པོ་ལ་ལྕེ་དཀར་པོ་དང་ཡལ་བ། དམར་པོ་ལྕེ་ཁྲ་བྱ་བ་ལགས། དཔའ་ཟླ་ནི་གནོན་འཕན་གསུམ་འགྲོན་པོ་སྐྱེས་ཀྱིས་བྱས། ཡིག་ཚང་ཟངས།

(6)དབུ་རུ་སྨད་ཀྱི་རུ་དཔོན་ནི་དབས་སྐྱེ་བཟང་སྟག་སྣང་། རུ་རྟ་ནི་མཚལ་ལུ་གཟིག་རིས། རུ་དར་ནི་དཔལ་དར་དམར་པོ། དཔའ་ཟླ་ཤུད་པུ་ཁུ་རིང་ཁོང་བཙན། དམག་གི་བཞེད་ནི་མཚོ་ལ་མུན་བབས་པ་བཞིན་འོང་བ་ལགས་སྐད།

5.གཡོ་རུའི་སྟོང་དཔོན་ལ།

(1)ཡར་ལུང་ཕྱིང་ལུང་གཉིས་སྙགས་དང་ཚེས་སྤོང་གི་སྟོང་སྡེ་ལགས།

(2)ཡར་རྒྱངས་ཡུང་ང་གཉིས་སྣ་ནམ་དང་མྱང་གི་སྟོང་སྡེ་ལགས།

(3)དྭགས་པོ་ཉག་ཉི་གཉིས་ལྷོ་དང་འཆིམས་ཀྱི་སྟོང་སྡེ་ལགས།

(4)དམྱལ་ལྷོ་བྲག་གཉིས་སྙི་བའི་སྟོང་སྡེ་ལགས།

(5)གཡོ་རུ་སྟོད་ཀྱི་དམག་དཔོན་ནམ་རུ་དཔོན་ནི་མྱག་སྟག་གཟིག་གཡུ་བཙན། རུ་རྟ་ནི་མོག་རོ་བུན་བུན། རུ་དར་ནི་སེང་གེ་དམར་པོ། དཔའ་ཟླ་ནི་གཡས་མང་བཞེར་ལྷོས་ཆུང་། ཡིག་ཚང་ཟངས་སོ༎

(6)གཡོ་རུ་སྨད་ཀྱི་རུ་དཔོན་ནམ་དམག་དཔོན་ནི་འཆིམས་རྒྱལ་གཟིགས་ཤུད་ཏིང་གིས་བྱས། རུ་རྟ་མཚལ་ལུ། རུ་དར་དར་དཀར་སྙིང་ནག དཔའ་ཟླ་སོ་གད་གཉན་བཞར་ལྷ་ཀླུ། དམག་གི་བཞེད་ནི་མཚོ་ལ་སྦྲང་ཆར་བབས་པ་བཞིན་དུ་འོང་བར་བཤད་པའོ༎ ཞེས་སོ༎