གསུང་དབྱངས་རྣམ་པ་དྲུག་ཅུ།སྔ་མའི་པར་གཞི་དེ སེམས་ཀྱི་ལོ་མ།  ནས 2021-05-18 10:25ལ་འགྲུབ།

གསུང་དབྱངས་རྣམ་པ་དྲུག་ཅུ།

འཕགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོའི་འགྲེལ་པ་གྲགས་པའི་ཕྲེང་བ་ལས་བྱུང་བའི་གསུང་དབྱངས་རྣམ་པ་དྲུག་ཅུ་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
六十种妙音
འབྱུང་ཁུངས།
《བསྟན་འགྱུར་མདོ་སྡེ་ཉི་པ》ཤ159ན3ལས་བཏུས།
རིགས་དབྱེ།
སྒྲ་རིག་པ།
1 རྣམ་གྲངས་འདྲེན་པ། 

འཕགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོའི་འགྲེལ་པ་གྲགས་པའི་ཕྲེང་བ་ལས་བྱུང་བ་སྟེ།

1.མཉེན་པ།

2.འཇམ་པ།

3.ཡིད་དུ་འོང་བ།

4.ཡིད་འཐད་པ།

5.དག་པ།

6.དྲི་མ་མེད་པ།

7.གསལ་བ།

8.སྙན་ཅིང་འཇེབ་པ།

9.མཉན་པར་འོས་པ།

10.མི་ཚུགས་པ།

11.སྙན་པ།

12.དུལ་བ།

13.མི་རྩུབ་པ།

14.རྣམ་པར་བྱང་བ།

15.མི་བརླང་བ།

16.རབ་ཏུ་དུལ་བ།

17.རྣར་སྙན་པ།

18.ལུས་ཚིམ་པར་བྱེད་པ།

19.སེམས་ཚིམ་པར་བྱེད་པ།

20.སྙིང་དགའ་བར་བྱེད་པ།

21.དགའ་བ།

22.བདེ་བ་བསྐྱེད་པ།

23.ཡོངས་སུ་གདུང་བ་མེད་པ།

24.ཀུན་ཏུ་ཤེས་པར་བྱ་བ།

25.རྣམ་པར་རིག་པར་བྱ་བ།

26.རྣམ་པར་གསལ་བ།

27.དགའ་བར་བྱེད་པ།

28.མངོན་པར་དགའ་བར་བྱེད་པ།

29.ཀུན་ཤེས་པར་བྱེད་པ།

30.རྣམ་པར་རིག་པར་བྱེད་པ།

31.རིག་པ་དང་འབྲེལ་བ།

32.ཟློས་པའི་སྐྱོན་མེད་པ།

33.སེང་གེའི་སྒྲའི་ཤུགས།

34.གླང་པོ་ཆེའི་སྒྲའི་སྐད།

35.འབྲུག་གི་དབྱངས།

36.ཀླུའི་དབང་པོའི་སྒྲ།

37.དྲི་ཟའི་གླུ་དབྱངས།

38.ཀ་ལ་པིངྐའི་སྒྲ་དབྱངས།

39.ཚངས་པའི་སྒྲ་དབྱངས།

40.ཤང་ཤང་ཏེའུའི་སྒྲ་དབྱངས་སུ་གྲགས་པ།

41.ལྷའི་དབང་པོའི་སྒྲ་དབྱངས་ལྟར་སྙན་པ།

42.རྔའི་སྒྲ།

43.མ་ཁེངས་པ།

44.མི་དམའ་བ།

45.སྒྲ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ།

46.ཚིག་ཟུར་ཆག་པ་མེད་པ།

47.མ་ཚང་བ་མེད་པ།

48.མ་ཞུམ་པ།

49.མི་ཞན་པ།

50.རབ་ཏུ་དགའ་བ།

51.ཁྱབ་པ།

52.ཐ་བ་དང་བཅས་པའི་ཆེད།

53.འབྲེལ་པ།

54.སྒྲ་ཐམས་ཅད་རྫོགས་པར་བྱེད་པ།

55.དབང་པོ་ཐམས་ཅད་ཚིམ་པར་བྱེད་པ།

56.མ་སྨད་པ།

57.མི་འགྱུར་བ།

58.མ་བརྟབས་པ།

59.འཁོར་ཀུན་ཏུ་གྲགས་པ།

60.རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཞེས་བྱ་བ་ནི་ངག་གི་སྡོམ་པ་ཞེས་བྱ་བའོ༎