ཀྲུང་གོའི་ཁྲིམས་ཁང་དངོས་མང་བཤམས་སྟོན་ཁང་།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2021-05-07 11:00ལ་འགྲུབ།

ཀྲུང་གོའི་ཁྲིམས་ཁང་དངོས་མང་བཤམས་སྟོན་ཁང་།

ཀྲུང་གོའི་ཁྲིམས་ཁང་དངོས་མང་བཤམས་སྟོན་ཁང་།
ཀྲུང་གོའི་ཁྲིམས་ཁང་དངོས་མང་བཤམས་སྟོན་ཁང་ནི(CHINA COURT MUSEUM)སྤྱི་ལོ2008ལོའི་ཟླ2པའི་ནང་བཙུགས་པ་དང་། པེ་ཅིང་གྲོང་ཁྱེར་ཏུང་ཁྲེང་ཆུས་ཀྱི་ཀྲེང་དབྱི་ལམ་ཨང4པར་གནས་ཤིང་། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ3000ལྷག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国法院博物馆
དབྱིན་ཡིག་གི་མིང་།
CHINA COURT MUSEUM
རིགས་དབྱེ།
ཕྱོགས་བསྡུས་རིགས།
བཙུགས་ལོ།
སྤྱི་ལོ2008ལོའི་ཟླ2པའི་ཚེས29ཉིན།
སྒོ་འབྱེད་དུས་ཚོད།
གཟའ་འཁོར་རེའི་རེས་གཟའ་མིག་དམར་ནས་རེས་གཟའ་ཉི་མའི་སྔ་དྲོའི་ཆུ་ཚོད་དགུ་པ་ནས་ཕྱི་དྲོའི་ཆུ་ཚོད་བཞི་པའི་བར།
གནས་ཡུལ།
པེ་ཅིང་གྲོང་ཁྱེར་ཏུང་ཁྲེང་ཆུས་ཀྱི་ཀྲེང་དབྱི་ལམ་ཨང4པར་གནས་ཡོད།
1 ​ལོ་རྒྱུས་ཀྱི་འཕེལ་རིམ།
1_1 རྒྱབ་ལྗོངས།

ཀྲུང་གོའི་ཁྲིམས་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་དངོས་དང་། དོན་དངོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་རླབས་ཆེན་ལོ་རྒྱུས་ཀྱི་ལམ་བུའི་ཁྲོད་མི་དམངས་ཁྲིམས་ཁང་གི་བྱས་རྗེས་མངོན་གསལ་དོད་པོ་ཕྱོགས་ཡོངས་ནས་མངོན་པར་བྱ་ཆེད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཁྲིམས་འཛིན་གནས་རྙིང་དང་རྗེས་ཤུལ་གཉིས་ཉམས་གསོ་བྱས་པའི་རྨང་གཞིའི་ཐོག་ཀྲུང་གོའི་ཁྲིམས་ཁང་གི་དངོས་མང་བཤམས་སྟོན་ཁང་འཛུགས་རྒྱུའི་གཏན་འབེབས་བྱས། སྤྱི་ལོ2007ལོའི་ཟླ7པར་དངོས་སུ་བསྐྲུན་འགོ་ཚུགས། 

1_2 འཕེལ་རིམ།

སྤྱི་ལོ2007ལོའི་ཟླ9བའི་ཚེས27ཉིན། ཀྲུང་གོས་ཅང་ཞི་རུའེ་ཅིན་དུ་རྒྱལ་ཡོངས་ཁྲིམས་ཁང་གི་ཁྲིམས་འཛིན་ལོ་རྒྱུས་ཡིག་ཆ་བསྡུ་རུབ་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། ཡོན་ཀྲང་གཞོན་པ་ཚའོ་ཅན་མིང་གིས་རྒྱལ་ཡོངས་ཁྲིམས་ཁང་དུ་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་བསྡུ་རུབ་ལས་དོན་སྤེལ་རྒྱུའི་སྐུལ་སློང་དང་བཀོད་སྒྲིག་བྱས་ཤིང་། རྒྱལ་ཡོངས་སུ་ཁྲིམས་འཛིན་གྱི་ལོ་རྒྱུས་དཔྱད་གཞི་བསྡུ་རུབ་ལས་དོན་རྒྱ་ཁྱབ་ཏུ་སྤེལ།

སྤྱི་ལོ2007ལོའི་ཟླ12པའི་ཚེས24ཉིན་ཁྲིམས་འཛིན་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་འགྲེམས་སྟོན་གྱི་གཞི་ཁྱོན་རགས་ཙམ་ཆགས་པ་དང་། མ་ལག་གི་སྒྲོམ་གཞི་ཡང་གཞི་རྩའི་ཆ་ནས་གྲུབ་ཡོད། ཁྲིམས་འཛིན་གྱི་ལོ་རྒྱུས་དཔྱད་ཡིག་སྔོན་འགྲེམས་སྟེང་ལོ་རྒྱུས་ཀྱི་འཕེལ་རིམ་གཞིར་བཟུང་ནས་ཁྱོན་ཁག་བཅུ་གསུམ་ལ་དབྱེ་ཡོད་པ་སྟེ། ཁག་དང་པོའི《མཚར་སྡུག་འོད་སྟོང་འབར་བའི》ནང་གཙོ་བོ་གནའ་རབས་དང་ཉེ་རབས་དང་དེང་རབས་ཀྱི་བཅའ་ཁྲིམས་རིག་གནས་དང་འདྲི་གཅོད་ལམ་ལུགས་ངོ་སྤྲོད་བྱས་ཡོད། ཁག་གཉིས་པའི《གསར་བརྗེའི་དྲན་ཤེས》ཞེས་པ་ནས་ཁག་བཞི་པའི《ཀྱག་ཀྱོག་གི་འཕེལ་རྒྱས》བར་དུས་རིམ་དབྱེ་ནས་ས་ཞིང་གསར་བརྗེའི་དམག་འཁྲུག་དུས་སྐབས་ནས“རིག་གནས་གསར་བརྗེ་ཆེན་པོའི”སྔ་རྗེས་བར་གྱི་མི་དམངས་འདྲི་གཅོད་ལས་ཀ་ངོ་སྤྲོད་བྱས་ཡོད། ཁག་ལྔ་པ《ཁྲིམས་ལུགས་ཀྱི་དཔྱིད་ཀ》ཞེས་པའི་ནང་སོ་སོར་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་མི་དམངས་ཁྲིམས་ཁང་གི་ཉེས་དོན་དང་། དམངས་དོན། སྲིད་འཛིན་འདྲི་གཅོད་བཅས་ཀྱི་ལས་དོན་ངོ་སྤྲོད་བྱས་ཡོད། ཁག་དྲུག་པ《དམག་དོན་འདྲི་གཅོད》ཀྱི་ནང་དམག་དོན་འདྲི་གཅོད་ལས་དོན་གྱི་འཕེལ་རིམ་ངོ་སྤྲོད་བྱས་ཡོད། ཁག་བདུན་པ་ནས་ཁག་བཅུ་གཉིས་པའི་ནང་ཁྲིམས་ཁང་འཛུགས་སྐྱོང་དང་། དམངས་དོན་ཁྲིམས་འཛིན། ཁྲིམས་འཛིན་སྒྱུར་བཅོས། ཀང་ཨའོ་ཐའེ་ཁྲིམས་ཁང་། མཛའ་གྲོགས་འགྲོ་འོང་། བྱམས་བརྩེའི་ཐུགས་ཁུར་སོགས་ཟུར་ཚད་མི་འདྲ་བའི་ཐོག་ནས་ཁྲིམས་ཁང་གི་ལས་དོན་ཁག་སྤེལ་ཚུལ་ངོ་སྤྲོད་བྱས་ཡོད། ཁག་བཅུ་གསུམ་པ《རིམ་བྱུང་གི་ཡོན་ཀྲང》ནང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་སྔ་རྗེས་སུ་ཡོན་ཀྲང་གི་འགན་བཞེས་པའི་མཐོ་རིམ་མི་དམངས་ཁྲིམས་ཁང་ཁག་གི་ཡོན་ཀྲང་དང་པོ་གཙོ་གནད་དུ་ངོ་སྤྲོད་བྱས་ཡོད།

སྤྱི་ལོ2008ལོའི་ཟླ2པར་ཀྲུང་གོའི་ཁྲིམས་ཁང་དངོས་མང་བཤམས་སྟོན་ཁང་སྒོ་ཕྱེ།

སྤྱི་ལོ2014ལོའི་ཟླ6པའི་ཚེས4ཉིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་སྤྱི་ལོ2014ལོའི་ཡོན་ཀྲང་གཞུང་ལས་ཚོགས་འདུ་ཐེངས་དྲུག་པའི་ཐོག་ཀྲུང་གོའི་ཁྲིམས་ཁང་དངོས་མང་བཤམས་སྟོན་ཁང་གསར་པ་འཛུགས་སྐྲུན་གྱི་གྲ་སྒྲིག་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པར་གཏན་འབེབས་བྱས།

སྤྱི་ལོ2014ལོའི་ཟླ6པའི་ཚེས25ཉིན་རྒྱུན་ལས་ཡོན་ཀྲང་གཞོན་པ་ཧྲེན་ཏེ་ཡུང་གིས་ཀྲུང་གོའི་ཁྲིམས་ཁང་དངོས་མང་བཤམས་སྟོན་ཁང་གསར་པ་གྲབས་འཛུགས་ལས་དོན་མཐུན་སྦྱོར་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་ནས་སྡེ་ཚན་ཁག་གི་ལས་བགོས་དང་མཐུན་སྦྱོར་བྱས་ཤིང་། ཟླ7པའི་ཚེས31ཉིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གཞུང་དོན་ཐིང་གིས《ཀྲུང་གོའི་ཁྲིམས་ཁང་དངོས་མང་བཤམས་སྟོན་ཁང་གསར་པ་གྲབས་འཛུགས་ལས་ཀའི་ལས་བགོས་ཇུས་གཞི》པར་འགྲེམས་བྱས།

སྤྱི་ལོ2014ལོའི་ཟླ8པའི་ཚེས15ཉིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་རྒྱལ་ཁབ་རིག་དངོས་ཅུའུ་ཡིས་མཉམ་འབྲེལ་ཐོག《ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་དངོས་མང་བཤམས་སྟོན་ཁང་གི་ཉར་ཚགས་དངོས་པོ་བསྡུ་རུབ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས།

སྤྱི་ལོ2014ལོའི་ཟླ12པའི་ཚེས26ཉིན་གྱི་སྔ་དྲོ་རྒྱུན་ལས་ཡོན་ཀྲང་གཞོན་པ་ཧྲེན་ཏེ་ཡུང་གིས་རྟེན་དངོས་མང་བཤམས་སྟོན་ཁང་གསར་པ་གྲབས་འཛུགས་ལས་དོན་མཐུན་སྦྱོར་ཚོགས་འདུ་གཙོ་སྐྱོང་གནང་ནས་དངོས་མང་བཤམས་སྟོན་ཁང་གསར་པ་གྲབས་འཛུགས་ལས་དོན་བཀོད་སྒྲིག་གནང་།

སྤྱི་ལོ2014ལོའི་ཟླ12པའི་ཚེས31ཉིན་ཡོན་ཀྲང་གཞོན་པ་ཀྲོའུ་ཆང་དང་ཡོན་ཀྲང་གཞོན་པ་ཅིང་པི་ཞིན་གྱིས་ཀྲུང་གོའི་ཁྲིམས་ཁང་དངོས་མང་བཤམས་སྟོན་ཁང་གི་གནས་ཡུལ་གསར་པར་གཟིགས་ཞིབ་གནང་།

སྤྱི་ལོ2015ལོའི་ཟླ1པོའི་ཚེས9ཉིན་རྒྱུན་ལས་ཡོན་ཀྲང་གཞོན་པ་ཧྲེན་ཏེ་ཡུང་གིས་རྒྱལ་ཁབ་རིག་དངོས་ཅུའུ་དང་པེ་ཅིང་གྲོང་ཁྱེར་རིག་དངོས་ཅུའུ་ཡི་འགོ་ཁྲིད་དང་བཞུགས་མོལ་གྲོས་ཚོགས་འཚོགས་ནས་དངོས་མང་བཤམས་སྟོན་ཁང་གྲབས་འཛུགས་ལས་དོན་སྤེལ།

སྤྱི་ལོ2015ལོའི་ཟླ2པའི་ཚེས10ཉིན་ཡོན་ཀྲང་ཀྲོའུ་ཆང་དང་། ཡོན་ཀྲང་གཞོན་པ་ཅང་པི་ཞིན། ཡོན་ཀྲང་གཞོན་པ་ཧོ་རུང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་དྲུང་ཡིག་ཆེན་མོ་དབྱང་ཞའོ་ཁྲའོ།(སྐབས་དེར་པེ་ཅིང་གྲོང་ཨུའི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས་ཡོད)པེ་ཅིང་གྲོང་ཁྱེར་གྲོང་ཨུའི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲང་ཡན་ཁུན(སྐབས་དེ་དུས་པེ་ཅིང་གྲོང་ཁྱེར་གྱི་འགོ་འཛིན་གཞོན་པའི་འགན་བཞེས་ཡོད)བཅས་ཀྱིས་ཀྲུང་གའི་ཁྲིམས་ཁང་དངོས་མང་བཤམས་སྟོན་ཁང་གསར་བར་གཟིགས་ཞིབ་ཏུ་ཕེབས་ཤིང་བཞུགས་མོལ་ཚོགས་འདུ་འཚོགས།

སྤྱི་ལོ2015ལོའི་ཟླ5བའི་ཚེས11ཉིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་སྤྱི་ལོ2015ལོའི་ཡོན་ཀྲང་གཞུང་ལས་ཚོགས་འདུ་ཐེངས་གཉིས་པའི་སྟེང《ཀྲུང་གོ་ཁྲིམས་ཁང་དངོས་མང་བཤམས་སྟོན་ཁང་གི་འགྲེམས་སྟོན་རྩ་གནད》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

སྤྱི་ལོ2015ལོའི་ཟླ7པའི་ཚེས31ཉིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་སྤྱི་ལོ2015ལོའི་ཡོན་ཀྲང་གཞུང་ལས་ཚོགས་འདུ་ཐེངས་བདུན་པའི་ཐོག《ཀྲུང་གོའི་ཁྲིམས་ཁང་དངོས་མང་བཤམས་སྟོན་ཁང་གི་འགྲེམས་སྟོན་ཇུས་འགོད་ཇུས་གཞི》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

སྤྱི་ལོ2015ལོའི་ཟླ9བའི་ཚེས11ཉིན་རྒྱུན་ལས་ཡོན་ཀྲང་གཞོན་པ་ཧྲེན་ཏེ་ཡུང་དང་ཡོན་ཀྲང་གཞོན་པ་ཧོ་རུང་གིས་དངོས་མང་བཤམས་སྟོན་ཁང་གསར་པ་གྲབས་འཛུགས་ལས་དོན་མཐུན་སྦྱོར་ཚོགས་འདུ་གཙོ་སྐྱོང་གནང་ནས་ཀྲུང་གོའི་ཁྲིམས་ཁང་དངོས་མང་བཤམས་སྟོན་ཁང་འཛུགས་སྐྲུན་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་གནང་།

སྤྱི་ལོ2015ལོའི་ཟླ9བིའ་ཚེས25ཉིན་ཁྲིམས་ཁང་གི་འགོ་ཁྲིད་ཀྱིས་ཀྲུང་གོ་ཁྲིམས་ཁང་གི་དངོས་མང་བཤམས་སྟོན་ཁང་གི་ཇུས་འགོད་གཏིང་ཟབ་ཇུས་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

སྤྱི་ལོ2015ལོའི་ཟླ10བའི་ཚེས21ཉིན《ཀྲུང་གོའི་ཁྲིམས་ཁང་དངོས་མང་བཤམས་སྟོན་ཁང་གི་འགྲེམས་སྟོན་རྣམ་གྲངས》ཀྱི་འོས་སྐུལ་འབྲས་བུ་ཁྱབ་བསྒྲགས་བྱས་པ་དང་པེ་ཅིང་ཆིང་ཧྲང་འཛུགས་སྐྲུན་མཛེས་རྒྱན་ལས་གྲྭ་ཚད་ཡོད་ཀུང་སིར་འོས་སྐུལ་ཐོབ་པ་རེད།

སྤྱི་ལོ2015ལོའི་ཟླ10བའི་ཚེས27ཉིན་ནས་ཚེས28ཉིན་བར་ཡོན་ཀྲང་གཞོན་པ་ཅིང་ཧན་ཁྲའོ་ཡིས《ཀྲུང་གོའི་ཁྲིམས་ཁང་དངོས་མང་བཤམས་སྟོན་ཁང་གི་འགྲེམས་སྟོན་དེབ》ལ་གྲོས་བསྡུར་གཙོ་སྐྱོང་གནང་བ་དང་བཟོ་བཅོས་བརྒྱབ།

སྤྱི་ལོ2015ལོའི་ཟླ11པའི་ཚེས2ཉིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་སྤྱི་ལོ2015ལོའི་ཡོན་ཀྲང་གཞུང་ལས་ཚོགས་འདུ་ཐེངས་དགུ་པའི་ཐོག《ཀྲུང་གོའི་ཁྲིམས་ཁང་དངོས་མང་བཤམས་སྟོན་ཁང་གི་འགྲེམས་སྟོན་དེབ》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

སྤྱི་ལོ2015ལོའི་ཟླ11པའི་ཚེས4ཉིན་ཡོན་ཀྲང་གཞོན་པ་ཧོ་རུང་གིས་ཀྲུང་གོའི་ཁྲིམས་ཁང་དངོས་མང་བཤམས་སྟོན་ཁང་འཛུགས་སྐྲུན་མཐུན་སྦྱོར་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ལོ2015ལོའི་ཡོན་ཀྲང་གཞུང་དོན་ཚོགས་འདུའི་ཐོག་གཏན་འཁེལ་བྱས་པའི་དོན་ཚན་དོན་འཁྱོལ་བྱས།

སྤྱི་ལོ2015ལོའི་ཟླ12པའི་ཚེས4ཉིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཡིས་སྤྱི་ལོ2015ལོའི་ཚོགས་འདུ་ཐེངས54པའི་ཐོག《ཀྲུང་གོའི་ཁྲིམས་ཁང་དངོས་མང་བཤམས་སྟོན་ཁང་གི་མཚོན་རྟགས་ཇུས་འགོད་ཇུས་གཞི》ཞིབ་བཤེར་གཏན་འབེབས་བྱས་པ་དང་། སྤྱི་ལོ2016ལོའི་ཟླ1པོའི་ཚེས4ཉིན་དངོས་སུ་ཁྱབ་བསྒྲགས་བྱས།

2 འགྲེམ་སྟོན་ཁུལ།

སྤྱི་ལོ2016ལོའི་ཟླ1པོའི་ཚེས4ཉིན་ཀྲུང་གོའི་ཁྲིམས་ཁང་དངོས་མང་བཤམས་སྟོན་ཁང་གི་དྲ་ཚིགས་དངོས་སུ་ཤར་གཏོང་བྱས་པ་དང་། ཀྲུང་གོའི་ཁྲིམས་ཁང་དངོས་མང་བཤམས་སྟོན་ཁང་གསར་པ་དེ་པེ་ཅིང་གྲོང་ཁྱེར་ཤར་ཁུལ་ཀྲེང་དབྱི་ལམ་ཨང་བཞི་པ་དེ་སྔའི་འཇར་པར་ཀྲེང་ཅིན་དངུལ་ཁང་གི་གནས་རྙིང་ཐོག་ཁང་དུ་གནས་པ་དང་། རྒྱ་ཁྱོན་ལ་སྨི་ངོས་གྲུ་བཞི་མ3000ལྷག་ཡོད་པ་དང་སྒོ་དབྱེའི་ས་ཁོངས་ལ་སྨི་ངོས་གྲུ་བཞི་མ1600ཙམ་ཡོད། གཞི་རྩའི་བཤམས་སྟོན་འགྲེམས་སྟོན་ཁང་གསུམ་དང་ཆེད་དོན་འགྲེམས་ཁང་དྲུག་ཡོད་པ་དང་། དེ་མིན་ཁྱབ་གདལ་དང་ཁྲིམས་ལུགས་སྤེལ་རེས་ཁུལ་གསུམ་དང་བཅའ་ཁྲིམས་གློག་བརྙན་འཕྲིན་འགྲེམས་སྟོན་ཁང་གཅིག་བཅས་ཡོད།

3 གཟི་བརྗིད་མཚན་སྙན།

སྤྱི་ལོ2019ལོའི་ཟླ་དགུ་བར་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས“རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི”ཞེས་པའི་གཟི་བརྗིད་མཚན་སྙན་སྤྲད།

4 རིག་དངོས་ཀྱི་རིན་ཐང་།

སྤྱི་ལོ2016ལོའི་ཟླ1པོའི་བར་ཀྲུང་གོའི་ཁྲིམས་ཁང་དངོས་མང་བཤམས་སྟོན་ཁང་དུ་གནའ་གཞུང་དཔེ་དེབ2488(རིག་དངོས་དེབ་2000ལྷག)ཉར་ཚགས་བྱས་ཡོད་པ་དང་། འགྲེམས་སྟོན་བྱས་པའི་ནང་ཀྲུང་གོའི་གནའ་རབས་བཅའ་ཁྲིམས་དར་རྒྱས་ཆེ་བའི་ཐང་རྒྱལ་རབས་དང་མིང་རྒྱལ་རབས། ཆིང་རྒྱལ་རབས་བཅས་ཀྱི་ཁྲིམས་ལུགས་དེབ་དང་དེ་བཞིན་ཀྲུང་གོའི་གནའ་རབས་ཀྱི་ཁྲིམས་རིག གཞན་ཡང་འགྲེམས་ཁང་ནང་ད་དུང་ཀྲོའུ་ཡུང་ཁང་གི་གྱོད་གཞི་དང་པོ་ཞི་ལའེ་ཡི་གྱོད་གཞིའི་ཁྲིམས་གཅོད་ཡིག་ཆ་སོགས་ཀྱང་ཉར་ཚགས་བྱས་ཡོད།

5 ལྟ་སྐོར་ཆ་འཕྲིན།
5_1 པ་སེ།

རིན་མེད།

5_2 གནས་ཡུལ།

ཀྲུང་གོའི་ཁྲིམས་ཁང་དངོས་མང་བཤམས་སྟོན་ཁང་གསར་བ་ནི་པེ་ཅིང་གྲོང་ཁྱེར་ཏུང་ཁྲེང་ཆུས་ཀྲེང་དབྱི་ལམ་ཨང་བཞི་པར(དེ་སྔའི་འཇར་པན་ཀྲེང་ཅིན་དངུལ་ཁང་གི་གནས་ཡུལ་རྙིང་པ་དང་རྒྱལ་ཁབ་རིག་དངོས་སྲུང་སྐྱོང་ཚན་པ)གནས་ཡོད།

5_3 སྒོ་འབྱེད་དུས་ཚོད།

གཟའ་འཁོར་རེའི་རེས་གཟའ་མིག་དམར་ནས་རེས་གཟའ་ཉི་མའི་སྔ་དྲོའི་ཆུ་ཚོད་དགུ་པ་ནས་ཕྱི་དྲོའི་ཆུ་ཚོད་བཞི་བའི་བར།

གཟའ་འཁོར་རེའི་རེས་གཟའ་ཟླ་བའི་ཉིན་ཕྱི་ཕྱོགས་ལ་སྒོ་མི་འབྱེད།

5_4 འགྲིམ་འགྲུལ།
5_4_1 སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག

གནམ་བདེ་སྒོ་མོ་ཆེའི་ཤར་ཕྱོགས། 1. 120.126.2.52.59.728.82.90.99

གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཤར་།120.126.2.22.5

མདུན་སྒོའི་ཤར། 20.44.673.729.8.9

མདུན་སྒོ། 120.126.17.20.22.301.48.5.59.67.69.69 .71.729.8.82.93

5_4_2 ས་འོག་ལྕགས་ལམ་གྱི་ལམ་ཐིག

ལམ་ཐིག་དང་པོ། གནམ་བདེ་སྒོ་མོ་ཆེའི་འབབ་ཚུགས་ཤར་མ་ནས་འབབ་པ། C(ཤར་ལྷོ)D(ལྷོ་ནུབ)ནས་སྒོར་འབུད་དགོས།

ལམ་ཐིག་གཉིས་པ། མདུན་སྒོ་འབབ་ཚུགས་ནས་འབབ་པ། A(ཤར་བྱང)B(ཤར་ལྷོར)ནས་སྒོར་འབུད་དགོས།

དཔྱད་གཞིའི་ཡིག་ཆ།