ལོ་དུས་རྩི་ཚུལ་གྱི་ཚན་པ་བདུན།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2021-05-06 15:04ལ་འགྲུབ།

ལོ་དུས་རྩི་ཚུལ་གྱི་ཚན་པ་བདུན།

མཛོད་གནས་གསུམ་པ་ལས་བྱུང་བའི་ལོ་དུས་རྩི་ཚུལ་གྱི་ཚན་པ་བདུན་རྒྱས་བར་བསྟན་ཡོད།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《ཀློང་རྡོལ་གསུང་འབུམ》གླེགས་བམ་དང་པོ་ཤ576.9ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

མཛོད་གནས་གསུམ་པ་ལས་བྱུང་བ་སྟེ།

1.དུས་མཐའི་སྐད་ཅིག་མ་བརྒྱ་དང་ཉི་ཤུ་ལ་སྐད་ཅིག་མ་གཅིག

2.དེ་འདྲའི་སྐད་ཅིག་མ་དྲུག་ཅུ་ལ་ཐང་གཅིག

3.ཐང་གཅིག་སུམ་ཅུ་ལ་ཡུད་ཙམ་གཅིག

4.ཡུད་ཙམ་སུམ་ཅུ་ལ་ཞག་གཅིག

5.ཞག་སུམ་ཅུ་ལ་ཟླ་བ་གཅིག

6.ཟླ་བ་བཅུ་གཉིས་ལ་ལོ་གཅིག

7.ལོ་དྲུག་ཅུ་ལ་རབ་བྱུང་གཅིག ནག་རྩིས་པ་ལོ་རྒན་ཡང་ཟེར། འོན་ཀྱང་བར་གྱི་བསྐལ་བའི་རྩིས་གཞི་ལོ་ཡི་བྱེད་པ་མིན་གསུངས་སོ༎ དེ་ཅིའི་ཕྱིར་ཞེ་ན། བཅུད་ཀྱི་སེམས་ཅན་གྱི་བྱེད་སྤྱོད་བཟང་ངན་གྱིས་བསྐལ་བཟང་གི་སངས་རྒྱས་དེ་དག་སྐུ་ཚེ་དང་སྨོན་ལམ་གྱིས་ཀྱང་མ་ངེས་ཤིང་བར་གྱི་བསྐལ་པ་ཡང་ཧ་ཅང་རྒྱུན་རིང་བས་ལོ་དང་ཟླ་བས་བགྲང་བར་མི་ནུས་སོ༎