ལེ་ལོ་ལ་དགའ་བའི་ཆོས་བདུན།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2021-05-06 15:04ལ་འགྲུབ།

ལེ་ལོ་ལ་དགའ་བའི་ཆོས་བདུན།

འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས་བྱུང་བའི་ལེ་ལོ་ལ་དགའ་བའི་ཆོས་བདུན་བསྟན་ཡོད།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《མདོ་ཡ་པ》ཤ152ན3ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས་བྱུང་བ་སྟེ།

1.ཇི་ལྟར་ཀུན་ནས་ང་རྒྱལ་བས་ལེ་ལོས་བརྩོན་འགྲུས་མི་རྩོམ་པ།

2.གང་དབང་བྱེད་པ་དང་མི་ལྡན་པས་ཡོངས་སུ་ཉམས་པ།

3.ཀུན་ནས་ང་རྒྱལ་བ་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་བ།

4.ལོངས་སྤྱོད་རྣམས་ལས་ཡོངས་སུ་ཉམས་པར་འགྱུར་བ།

5.ཡུལ་ཤེས་པ་ལས་ཡོངས་སུ་ཉམས་པར་འགྱུར་བ།

6.འཇིག་རྟེན་པའི་ལས་ཐམས་ཅད་ལས་དེ་ཉམས་པར་འགྱུར་བ།

7.སྐྱེས་བུ་དམ་པ་བརྟེན་པ་དང་འཇིག་རྟེན་པའི་གཏམ་དང་འབྲེལ་བ་ལས་ཀྱང་ཡོངས་སུ་ཉམས་པའོ༎