ལུས་བསྲུང་ཞིང་གནོད་པ་བསལ་བའི་ཡན་ལག་བདུན།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2021-05-06 15:04ལ་འགྲུབ།

ལུས་བསྲུང་ཞིང་གནོད་པ་བསལ་བའི་ཡན་ལག་བདུན།

​ཏིང་ངེ་འཛིན་ཚོགས་ཀྱི་ལེའུ་ལས་བྱུང་བའི་ལུས་བསྲུང་ཞིང་གནོད་པ་བསལ་བའི་ཡན་ལག་བདུན་བསྟན་ཡོད།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《བསྟན་འགྱུར་དབུ་མ་ཀི་པ》ཤ92བ1ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

ཏིང་ངེ་འཛིན་ཚོགས་ཀྱི་ལེའུ་ལས་བྱུང་བ་སྟེ།

1.གོས་དང་ཟས་དང་སྨན་ལ་སོགས་པ་ཇི་ལྟར་མཐུན་པར་སྤྱད་པ།

2.མི་དང་མི་མ་ཡིན་པའི་གནོད་པ་བསྲུང་བ།

3.གནས་མཐུན་ཞིང་བདེ་ཞིང་གནོད་པ་མེད་པ་ལ་གནས་པ།

4.ལུས་སེམས་ངལ་ཞིང་དུབ་པའི་ལས་དང་བྱ་བ་མི་བྱ་བ།

5.ནམ་ཕྱེད་དང་ཉི་མ་ཕྱེད་དང་ཟས་འཇུ་བའི་དུས་དང་ལུས་ལ་ནད་ཁམས་སྐྱེད་པའི་དུས་སུ་དམིགས་པ་ལ་འབད་རྩོལ་མི་བྱ་བ།

6.ལུས་དང་སེམས་ངལ་ཞིང་དུབ་པའི་དུས་སུ་སྐྱོ་བ་བསང་ཞིང་དམིགས་པ་ལ་གསོར་བ་ནི་མན་ངག་ལས་ཤེས་པར་བྱ་བ།

7.རྟག་ཏུ་སྤྱོད་ལམ་གྱི་རྣལ་འབྱོར་གྱིས་ལུས་མཉམ་པར་གཞག་པའོ༎