ཅང་ཙེ་མིན།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2021-04-29 09:43ལ་འགྲུབ།

ཅང་ཙེ་མིན།

ཅང་ཙེ་མིན།
ཅང་ཙེ་མིན་ནི་སྤྱི་ལོ1926ལོའི་ཟླ8པའི་ཚེས17ཉིན་སྐྱེས་ཤིང་།ཅང་སུའུ་ཞིང་ཆེན་དབྱང་ཀྲོའུ་གྲོང་ཁྱེར་གྱི་མི་ཡིན།སྤྱི་ལོ1943ལོར་གསང་བའི་ཏང་གིས་འགོ་ཁྲིད་པའི་སློབ་མའི་ལས་འགུལ་ལ་ཞུགས། སྤྱི་ལོ1946ལོའི་ཟླ4པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྤྱི་ལོ1947ལོར་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་གློག་འཕྲུལ་ཚན་ཁག་ནས་སློབ་མཐར་ཕྱིན། ཀྲུང་གོ་གུང་ཁྲན་ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།ཀྲུང་གོ་གུང་ཁྲན་ཏང་གི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་བཅས་ཀྱི་འགན་བཞེས་མྱོང་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
江泽民
རྒྱལ་ཁོངས།
ཀྲུང་གོ།
མི་རིགས།
རྒྱ་རིགས།
སྐྱེས་ལོ།
སྤྱི་ལོ1926ལོའི་ཟླ8པར།
མཐར་ཕྱིན་སློབ་གྲྭ།
ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན།
སྐྱེས་ཡུལ།
ཅང་སུའུ་ཞིང་ཆེན་དབྱང་ཀྲོའུ་གྲོང་ཁྱེར།
ཏང་ཞུགས་ཀྱི་ལོ།
སྤྱི་ལོ1946ལོའི་ཟླ་04པར།
1 མི་སྣའི་ལོ་རྒྱུས།

ཧྲང་ཧའེ་བཅིངས་འགྲོལ་བཏང་རྗེས་ཧྲང་ཧའེ་དབྱི་རྨིན་ཟས་རིགས་བཟོ་གྲྭ་དང་པོའི་བཟོ་སྐྲུན་དགེ་རྒན་ཆེན་མོ་གཞོན་པ་དང་།བཟོ་དོན་ཁོའོ་ཡི་ཁོའོ་ཀྲང་། སྒུལ་ཤུགས་འཁོར་ཁང་གི་ཀྲུའུ་རེན་དང་བཟོ་གྲྭའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི།བཟོ་གྲྭའི་འགོ་འཛིན་གཞོན་པ་དང་པོ་བཅས་དང་།ཧྲང་ཧའེ་འདག་ཆལ་བཟོ་གྲྭའི་འགོ་འཛིན་གཞོན་པ་དང་པོ།འཕྲུལ་ཆས་བཟོ་ལས་པུའུ་དང་པོའི་ཧྲང་ཧའེ་ཇུས་འགོད་ཡན་ལག་ཅུས་གཉིས་པའི་གློག་ཆས་ཆེད་ལས་ཁོའོ་ཡི་ཁོའོ་ཀྲང་བཅས་ཀྱི་འགན་བཞེས་པ་རེད།སྤྱི་ལོ1955ལོར་སུའུ་ལེན་མོ་སི་ཁོའི་སི་ཏ་ལིན་རླངས་འཁོར་བཟོ་གྲྭར་དངོས་སྦྱོང་གནང་བར་ཕེབས།

སྤྱི་ལོ1956ལོར་རྒྱལ་ནང་དུ་ལོག་རྗེས་ཁྲང་ཁྲུན་རླངས་འཁོར་བཟོ་གྲྭ་དང་པོའི་སྒུལ་ཤུགས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་དང་།སྤྱི་ཁྱབ་སྒུལ་ཤུགས་ཧྲི་གཞོན་པ།སྒུལ་ཤུགས་ཡན་ལག་བཟོ་གྲྭའི་འགོ་འཛིན་བཅས་ཀྱི་འགན་བཞེས།

སྤྱི་ལོ1962ལོ་ནས་བཟུང་འཕྲུལ་ཆས་པུའུ་དང་པོའི་ཧྲང་ཧའེ་གློག་ཆས་ཚན་རིག་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ་དང་།འཕྲུལ་ཆས་བཟོ་ལས་པུའུ་དང་པོའི་ཝུའུ་ཧན་ཚ་བཟོ་འཕྲུལ་ཆས་ཞིབ་འཇུག་ཁང་གི་འགོ་འཛིན་དང་ཏང་ཨུའི་ཧྲུའུ་ཅིའི་ལས་ཚབ།འཕྲུལ་ཆས་པུའུ་དང་པོའི་ཕྱི་དོན་ཅུས་ཀྱི་འགོ་འཛིན་གཞོན་པ་དང་ཅུས་ཀྲང་བཅས་ཀྱི་འགན་བཞེས།

སྤྱི་ལོ1980ལོའི་རྗེས་སུ་རྒྱལ་ཁབ་ཀྱི་ཕྱིར་གཏོང་ནང་འདྲེན་དོ་དམ་ཨུ་ཡོན་ལྷན་ཁང་དང་།རྒྱལ་ཁབ་ཀྱི་ཕྱི་རྒྱལ་མ་དངུལ་འཇོག་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་དྲུང་ཡིག་ཆེན་མོ་གཅིག་ལྕོགས།ཏང་ཙུའུ་ཡི་ཁོངས་མི་བཅས་ཀྱི་འགན་བཞེས།

སྤྱི་ལོ1982ལོའི་རྗེས་སུ་གློག་རྡུལ་བཟོ་ལས་པུའུ་ཡི་འགོ་འཛིན་གཞོན་པ་དང་པོ་དང་།ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ།པུའུ་ཀྲང་དང་ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

སྤྱི་ལོ1985ལོའི་རྗེས་སུ་ཧྲང་ཧའེ་གྲོང་ཁྱེར་གྱི་འགོ་འཛིན་དང་།ཀྲུང་གུང་ཧྲང་ཧའེ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

སྤྱི་ལོ1982ལོའི་ཟླ9པར་ཀྲུང་གུང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་ཨུ་ཡོན་དུ་བདམས་ཐོན་བྱུང་།

སྤྱི་ལོ1987ལོའི་ཟླ11པར་ཀྲུང་གུང་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དུ་བདམས།

སྤྱི་ལོ1989ལོའི་ཟླ6པར་ཀྲུང་གུང་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་།ཀྲུང་གུང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་།

སྤྱི་ལོ1989ལོའི་ཟླ11པར་ཀྲུང་གུང་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་བཞེས།

སྤྱི་ལོ1990ལོའི་ཟླ3པར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བདུན་པའི་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་།

སྤྱི་ལོ1992ལོའི་ཟླ10པར་ཀྲུང་གུང་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་།རྒྱུན་ལས་ཨུ་ཡོན།ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་བཅས་སུ་བདམས་ཐོན་བྱུང་ནས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་བཞེས།

སྤྱི་ལོ1993ལོའི་ཟླ3པར་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བརྒྱད་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་།

སྤྱི་ལོ1997ལོའི་ཟླ9པར་ཀྲུང་གུང་སྐབས་བཅོ་ལྔ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་།རྒྱུན་ལས་ཨུ་ཡོན།ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་བཅས་སུ་བདམས་ཐོན་བྱུང་ནས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་བཞེས།

སྤྱི་ལོ1998ལོའི་ཟླ3པར་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དགུ་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་།

སྤྱི་ལོ2002ལོའི་ཟླ11པར་ཀྲུང་གུང་སྐབས་བཅུ་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་བཞེས།

སྤྱི་ལོ2003ལོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་།

སྤྱི་ལོ2004ལོའི་ཟླ9པར་ཀྲུང་གུང་སྐབས་བཅུ་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་བློ་མཐུན་ཅང་ཙེ་མིན་གྱིས་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གོ་གནས་དགོངས་ཞུ་ཕུལ་བར་མོས་མཐུན་བྱ་རྒྱུའི་གྲོས་ཐག་བཅད་པ་རེད།

སྤྱི་ལོ2005ལོའི་ཟླ3པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་ཅང་ཙེ་མིན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གོ་གནས་དགོངས་པ་ཞུ་རྒྱུའི་རེ་འདུན་དང་ལེན་བྱ་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཆོད་དོན་ལ་གྲོས་འཆམ་བྱུང་།

2 གཞུང་ལུགས་གཙོ་བོ།

མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན།

“མཚོན་བྱེད་གསུམ”གྱི་དགོངས་པ་ནི་རྒྱལ་ཁབ་ཕྱི་ནང་དུ་ཁ་ཕྱོགས་འགྱུར་མཚམས་གལ་ཆེན་བྱུང་བའི་རྒྱབ་ལྗོངས་འོག་བཏོན་པ་ཞིག་རེད།གཅིག་ནས་འཛམ་གླིང་སྣེ་མང་ཅན་དང་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བའི་འཕེལ་ཕྱོགས་མགྱོགས་མྱུར་ངང་གོང་དུ་འཕེལ་བ་དང་།གཉིས་ནི་འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ལས་འགུལ་ལ་བར་ཆད་ཚབས་ཆེན་བྱུང་བ།གསུམ་ནི་དུས་རབས་གསར་པའི་ཏང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ལས་འགན་ལྗིད་པོ་འཁུར་བཞིན་ཡོད་པ།བཞི་ནི་ཏང་གི་ལས་བྱེད་པའི་དཔུང་ཁག་ལ་བསམ་བློ་དང་།རྩ་འཛུགས།སྤྱོད་ཚུལ་སོགས་ཀྱི་ཐད་གནད་དོན་ཚབས་ཆེན་མང་པོ་ཡོད་པ།དེ་དག་གིས་ཀྲུང་གོའི་གུང་ཁྲན་ཏང་ལ་བསམ་གཞིགས་བྱ་དགོས་པའི་གནད་དོན་མང་པོ་བཏོན་ཡོད་ལ།ཏང་ལེགས་སྐྱོང་བྱེད་པར་གོ་སྐབས་དང་འགྲན་སློང་ཧ་ཅང་ཆེན་པོ་ཡང་སྤྲད་ཡོད།

“མཚོན་བྱེད་གསུམ་”གྱི་དགོངས་པའི་ངོ་བོའམ་སྲོག་ཤིང་ནི་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཀྲུང་གོ་གུང་ཁྲན་ཏང་གིས་རང་ཉིད་ཀྱི་སྔོན་ཐོན་རང་བཞིན་མུ་མཐུད་རྒྱུན་འཁྱོངས་དང་།མི་དམངས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་མུ་མཐུད་འཐོབ་པ།སྲིད་འཛིན་ཏང་གི་གོ་གནས་མུ་མཐུད་རྒྱུན་འཁྱོངས་དང་སྲ་བརྟན་དུ་གཏོང་བ་བཅས་ཀྱི་བླང་བྱ་བཏོན་པ་དེ་རེད།འདི་ནི་ཅང་ཙེ་མིན་གྱིས་ཀྲུང་གོའི་གུང་ཁྲན་ཏང་གི་ལོ་ངོ་བརྒྱད་ཅུའི་རིང་གི་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་དང་།འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ལས་འགུལ་གྱི་ལོ་རྒྱུས་ཉམས་མྱོང་ལ་བསམ་གཞིགས་གཏིང་ཟབ་བྱས་ཤིང་།ཏང་གི་མདུན་དུ་ལྷགས་པའི་གནས་བབ་དང་ལས་འགན།ད་ལྟའི་གནས་ཚུལ་བཅས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་བཞག་པའི་ཚན་རིག་དང་མཐུན་པའི་བསྡོམས་ཚིག་ཅིག་རེད།ཏང་གི་ངོ་བོ་དང་།དམིགས་ཡུལ།ལོ་རྒྱུས་ཀྱི་ལས་འགན་བཅས་ལ་སྙིང་བསྡུས་གསར་པ་བྱས་པ་དང་།མར་ཁེ་སིའི་རིང་ལུགས་ཀྱི་ཏང་སྐྱོང་གཞུང་ལུགས་འཕེལ་རྒྱས་གསར་པ་བྱུང་བ།ཏང་གི་རྩ་འཛུགས་རིམ་པ་ཁག་དང་རྒྱ་ཆེའི་ཏང་ཡོན་ལ་བླང་བྱ་གསར་པ་བཏོན་པ་བཅས་ཡིན།རྣམ་བཤད་གལ་ཆེན་འདིས་རེ་བས་ཁེངས་པ་དང་འགྲན་སློང་གིས་ཁེངས་པའི་དུས་རབས་ཉེར་གཅིག་པར་རྩ་བའི་ཐོག་ནས་གོམ་གང་མདུན་སྤོས་ཀྱིས་ཏང་གང་འདྲ་ཞིག་འཛུགས་སྐྱོང་བྱ་རྒྱུ་དང་ཏང་འཛུགས་སྐྱོང་ཇི་ལྟར་བྱ་རྒྱུའི་གནད་དོན་ལ་ལན་བཏབ་ཡོད་པ་དེ་ནི་ཆ་རྐྱེན་གསར་པའི་འོག་ཏང་འཛུགས་སྐྱོང་བྱེད་ཤུགས་སྒོ་ཀུན་ནས་ཆེ་རུ་གཏོང་རྒྱུའི་རྩ་འཛིན་རླབས་པོ་ཆེ་ཞིག་རེད།ཀྲུང་གོའི་གུང་ཁྲན་ཏང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བར་བསམ་བློའི་མཚོན་ཆ་སྟོབས་ལྡན་མཁོ་འདོན་བྱས་ཡོད་པས།དེས་འབྱུང་འགྱུར་གྱི་ཀྲུང་གོའི་འཕེལ་ཕྱོགས་ལ་ཤུགས་རྐྱེན་གཏིང་ཟབ་པོ་ཐེབས་ངེས་རེད།

3 སྤྱི་ཚོགས་གདེང་འཇོག

བློ་མཐུན་ཅང་ཙེ་མིན་ནི་ཀྲུང་དབྱང་གི་འགོ་ཁྲིད་ཚན་པ་རབས་གསུམ་པའི་སྲོག་ཤིང་དང་།“མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན་གསར་གཏོད་གནང་མཁན་གཙོ་བོ་རེད།ཁོང་གི་གཟིགས་རྒྱང་རིང་ཞིང་དུས་གནས་རྟོགས་དཔྱོད་གནང་སྟེ་ག་དུས་ཡིན་ནའང་ཀྲུང་གོ་དང་འཛམ་གླིང་གི་འཕེལ་རྒྱས་འགྲོ་ཕྱོགས་ཆེན་པོ་དང་།ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཁྱོན་ཡོངས་ནས་འགོ་བརྩམས་ཏེ་གནད་དོན་ལ་གཟིགས་ཞིབ་དང་བསམ་གཞིགས་གནང་སྟེ་རིགས་པའི་གཞུང་ལུགས་གསར་གཏོད་དང་ཕྱོགས་གཞན་དག་གི་གསར་གཏོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད།ཁོང་ནི་ཡིད་ཆེས་བརྟན་ཞིང་ཐུགས་ཐག་ཆོད་པོ་ཡིན་ཞིང་།ནམ་ཡིན་ཡང་ཏང་དང་མི་དམངས་སེམས་ཀྱི་དབུས་ཀྱི་གནས་སུ་འཇོག་པ་དང་།ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པའི་སྒོ་ནས་གུང་ཁྲན་ཏང་མིའི་ཕུགས་བསམ་དང་དད་སེམས་མཐའ་འཁྱོངས་གནང་ཞིང་།འགག་རྩའི་དུས་སུ་ཐུགས་ཐག་ཆོད་ཅིང་ཇུས་ཐག་གཅོད་ཕོད་པའི་ཐུན་མོང་མ་ཡིན་པའི་བློ་སྟོབས་དང་།ཁོང་གིས་ལག་ལེན་ལ་བརྩི་འཇོག་དང་དུས་བསྟུན་མདུན་སྐྱོད་གནང་སྟེ་དུས་རབས་འཕེལ་རྒྱས་འགྲོ་བའི་འཕར་རྩ་དང་གོ་སྐབས་ནམ་ཡང་དམ་འཛིན་གནང་སྟེ་ཏང་དང་མི་དམངས་ཀྱི་ལག་ལེན་དངོས་ལ་གཞིགས་ནས་ཉམས་མྱོང་ཕྱོགས་བསྡོམས་དང་ལམ་བུ་འཚོལ་རྒྱུ་མཐའ་འཁྱོངས་གནང་སྟེ་ཏན་ཏན་ཏིག་ཏིག་དང་གསར་གཏོད་ཡར་བརྩོན་གྱི་སྒོ་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་ལ་སྐུལ་འདེད་གནང་བ་དང་།སྐུ་ཉིད་ཀྱིས་མང་ཚོགས་ལ་བརྩི་འཇོག་དང་ཐུགས་ཁུར་གནང་ཞིང་།ནམ་ཡིན་ཡང་མི་དམངས་མང་ཚོགས་ཀྱི་བདེ་སྡུག་ལ་ཚད་མཐོའི་དོ་ཁུར་གནང་གི་ཡོད་པ་དང་།ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་གཞིགས་ནས་ལས་ཀར་ཞིབ་བཤེར་དང་སྐུལ་འདེད་གནང་གི་ཡོད།ཏང་ཡོངས་ཀྱི་བློ་མཐུན་སྤྱི་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་བློ་མཐུན་ཅང་ཙེ་མིན་གྱི་ཕུལ་དུ་བྱུང་བའི་གཤིས་རྒྱུད་དང་བླ་ན་མེད་པའི་ཉམས་འགྱུར་དེ་རིགས་སློབ་སྦྱོང་ནན་ཏན་དང་དར་སྤེལ་ཤུགས་ཆེན་གཏོང་བ་དང་།བསམ་བློ་བཅིངས་འགྲོལ་དང་།དངོས་ཐོག་བདེན་འཚོལ།དུས་བསྟུན་མདུན་སྐྱོད་བཅས་མཐའ་འཁྱོངས་བྱེད་པ།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཡིད་ཆེས་དང་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་མཐའ་འཁྱོངས་བྱེད་པ།རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་ཏང་དང་མི་དམངས་ཀྱི་ཆེད་དུ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སློབ་སྦྱོང་དང་། ལས་སྒྲུབ། འབད་འཐབ་བཅས་བྱ་དགོས།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཅང་ཙེ་མིན། བློ་སྟོབས། སྐུལ་འདེད།