ཧུའུ་ཅིན་ཐའོ།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2021-04-29 09:43ལ་འགྲུབ།

ཧུའུ་ཅིན་ཐའོ།

ཧུའུ་ཅིན་ཐའོ།
ཧུའུ་ཅིན་ཐའོ་ནི་སྤྱི་ལོ1942ལོའི་ཟླ12པར་འཁྲུངས་ཤིང་ཨན་ཧུའེ་ཅི་ཞི་ནས་ཡིན། སྤྱི་ལོ1964ལོའི་ཟླ4པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྤྱི་ལོ1965ལོའི་ཟླ7པར་ལས་ཀར་ཞུགས་ཤིང་ཆིན་ཧྭ་སློབ་ཆེན་ཆུ་བེད་བཟོ་སྐྲུན་ཧོ་ཁྲོན་ལྟེ་གནས་གློག་ལས་ཆེད་ལས་ནས་སློབ་མཐར་ཕྱིན། སློབ་གྲྭ་ཆེན་མོའི་སློབ་གཉེར་བརྒྱུད་རིམ་ལྡན་ཞིང་བཟོ་སྐྲུན་པ་ཡིན། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་བཅས་ཀྱི་འགན་བཞེས་མྱོང་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
胡锦涛
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཅང་སུའུ་ཐེ་ཀྲོའུ།
སྐྱེས་ལོ།
སྤྱི་ལོ1942ལོའི་ཟླ12པ།
མཐར་ཕྱིན་སློབ་གྲྭ།
ཆིན་ཧྭ་སློབ་གྲྭ་ཆེན་མོ།
1 མི་སྣའི་ལོ་རྒྱུས།

སྤྱི་ལོ1959ལོ་ནས་སྤྱི་ལོ1964ལོའི་བར་ཆིང་ཧྭ་སློབ་གྲྭ་ཆེན་མོའི་ཆུ་བེད་བཟོ་སྐྲུན་ཚན་ཁག་ཏུ་སློབ་སྦྱོང་གནང་། 

སྤྱི་ལོ1964ལོ་ནས་སྤྱི་ལོ1965ལོའི་བར་ཆིང་ཧྭ་སློབ་གྲྭ་ཆེན་མོའི་ཆུ་བེད་བཟོ་སྐྲུན་ཚན་ཁག་ཏུ་སློབ་སྦྱོང་གནང་བ་དང་འབྲེལ་ཆབ་སྲིད་ཀྱི་ཟུར་ཁྲིད་པའི་འགན་བཞེས། 

སྤྱི་ལོ1965ལོ་ནས་སྤྱི་ལོ1968ལོའི་བར་ཆིང་ཧྭ་སློབ་ཆེན་ཆུ་བེད་བཟོ་སྐྲུན་ཚན་ཁག་ཚན་རིག་ཞིབ་་འཇུག་ལས་དོན་ནང་ཞུགས་པ་དང་འབྲེལ་ཆབ་སྲིད་ཟུར་ཁྲིད་པའི(རིག་གནས་གསར་བརྗེ་ཆེན་པོ་འགོ་ཚུགས་རྗེས་མཇུག་སྒྲིལ་པའི་བར)འགན་བཞེས། 

སྤྱི་ལོ1968ལོ་ནས་སྤྱི་ལོ1969ལོའི་བར་ཆུ་བེད་པུའུ་ལིའུ་ཅ་འགག་བཟོ་སྐྲུན་ཨར་ལས་འཛུགས་སྐྲུན་རུ་ཁག་ཏུ་ངལ་རྩོལ་གནང་། 

སྤྱི་ལོ1969ལོ་ནས་སྤྱི་ལོ1974ལོའི་བར་ཆུ་བེད་གློག་ལས་པུའུ་ཨར་ལས་ཅུའུ་བཞི་པའི་བརྒྱད་གཅིག་གསུམ་ཡན་ལག་ཅུའུ་ཡི་ལག་རྩལ་པ། དྲུང་ཡིག ལས་ཁུངས་ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཡི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ1974ལོ་ནས་སྤྱི་ལོ1975ལོའི་བར་ཀན་སུའུ་ཞིང་ཆེན་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་གི་འགན་བཞེས།

སྤྱི་ལོ1975ལོ་ནས་སྤྱི་ལོ1980ལོའི་བར་ཀན་སུའུ་ཞིང་ཆེན་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་ཇུས་འགོད་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ1980ལོ་ནས་སྤྱི་ལོ1982ལོའི་བར་ཀན་སུའུ་ཞིང་ཆེན་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་། གུང་གཞོན་སྡེ་ཚོགས་ཀན་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས(སྤྱི་ལོ1988ལོའི་ཟླ9པ་ནས་སྤྱི་ལོ1982ལོའི་ཟླ2པའི་བར) 

སྤྱི་ལོ1982ལོ་ནས་སྤྱི་ལོ1984ལོའི་བར་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་འགན་བཞེས།

སྤྱི་ལོ1984ལོ་ནས་སྤྱི་ལོ1985ལོའི་བར་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོའི་འགན་བཞེས།

སྤྱི་ལོ1985ལོ་ནས་སྤྱི་ལོ1988ལོའི་བར་ཀུའེ་ཀྲོའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཀུའེ་ཀྲོའུ་ཞིང་ཆེན་དམག་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་པོའི་འགན་བཞེས། 

སྤྱི་ལོ1988ལོ་ནས་སྤྱི་ལོ1992ལོའི་བར་བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་དང་བོད་ལྗོངས་དམག་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་པོ་བཅས་ཀྱི་འགན་བཞེས།

སྤྱི་ལོ1992ལོ་ནས་སྤྱི་ལོ1993ལོའི་བར་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅིའི་འགན་བཞེས། 

སྤྱི་ལོ1993ལོ་ནས་སྤྱི་ལོ1998ལོའི་བར་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་བཅས་ཀྱི་འགན་བཞེས།

སྤྱི་ལོ1998ལོ་ནས་སྤྱི་ལོ1999ལོའི་བར་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་བཅས་ཀྱི་འགན་བཞེས།

སྤྱི་ལོ1999ལོ་ནས་སྤྱི་ལོ2002ལོའི་བར་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་བཅས་ཀྱི་འགན་བཞེས།

སྤྱི་ལོ2002ལོ་ནས་སྤྱི་ལོ2003ལོའི་བར་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་བཅས་ཀྱི་འགན་བཞེས།

སྤྱི་ལོ2003ལོ་ནས་སྤྱི་ལོ2004ལོའི་བར་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ2004ལོ་ནས་སྤྱི་ལོ2005ལོའི་བར་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ2005ལོ་ནས་སྤྱི་ལོ2013ལོའི་བར་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི(སྤྱི་ལོ2012ལོའི་ཟླ11པའི་བར)དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི(སྤྱི་ལོ2013ལོའི་ཟླ3པའི་བར)ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི(སྤྱི་ལོ2012ལོའི་ཟླ11པའི་བར)ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི(སྤྱི་ལོ2013ལོའི་ཟླ3པའི་བར)བཅས་ཀྱི་འགན་བཞེས།

2 ལས་འགན།

ཀྲུང་གུང་སྐབས་བཅུ་གཉིས་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་དང་ཀྲུང་དབྱང་ཨུ་ཡོན། སྐབས་བཅུ་གསུམ་པ་དང་བཅུ་བཞི་པ། བཅོ་ལྔ་པ། བཅུ་དྲུག་པ། བཅུ་བདུན་པ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན། སྐབས་བཅུ་བཞི་པ་དང་སྐབས་བཅོ་ལྔ་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། སྐབས་བཅུ་དྲུག་པ་དང་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཤིང་། སྐབས་བཅོ་ལྔ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་གསབ་སྣོན་གནང་བ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བསྐོ་གཞག་གནང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་དང་། སྐབས་བཅུ་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་བཞེས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་། སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་དང་། རྒྱལ་ཡོངས་ཆབ་སྲིད་གྲོས་མོལ་སྐབས་དྲུག་པའི་རྒྱུན་ལས་ཨུ་ཡོན་བཅས་ཀྱི་འགན་བཞེས།

3 གཞུང་ལུགས་གཙོ་བོ། 

ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་དང་མི་གཙོ་བོར་འཛིན་པ། ཁྱོན་ཡོངས་ནས་མཐུན་སྦྱོར་དང་། རྒྱུན་མཐུད་བཅས་ཀྱི་འཕེལ་རྒྱས་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་དང་ཁྱོན་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དེ་རེད། 

མི་གཙོ་བོར་འཛིན་པ་ཞེས་པ་ནི་མི་དམངས་ཀྱི་ཁེ་ཕན་དེ་ལས་ཀ་ཐམས་ཅད་ཀྱི་འགོ་རྩོམ་ས་དང་དམིགས་སར་བྱས་ནས་མི་རྣམས་ཀྱི་ཕྱོགས་མང་པོའི་ཐད་ཀྱི་དགོས་མཁོ་ཟམ་མི་ཆད་པར་སྐོང་ཐབས་དང་ཁྱོན་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་བྱ་དགོས་པ་དང་། ཕྱོགས་ཡོངས་ཞེས་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། དཔལ་འབྱོར་རྒྱུན་མཐུད་དང་མགྱོགས་མྱུར། མཐུན་འགྲིག སྐྱོན་བྲལ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་ཆབས་ཅིག་ཏུ་ཆབ་སྲིད་ཀྱི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་སྤེལ་ཚད་མགྱོགས་སུ་བཏང་ནས་དངོས་པོའི་དཔལ་ཡོན་དང་། ཆབ་སྲིད་ཀྱི་དཔལ་ཡོན། བསམ་པའི་དཔལ་ཡོན་བཅས་ཕན་ཚུན་སྐུལ་སྤེལ་དང་མཉམ་དུ་འཕེལ་རྒྱས་གཏོང་བའི་རྣམ་པ་ཆགས་པར་བྱ་དགོས་པ་དང་། མཐུན་སྦྱོར་ཞེས་པ་ནི་གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་དང་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ། རྒྱལ་ནང་འཕེལ་རྒྱས་གཏོང་བ་དང་ཕྱི་ཕྱོགས་ལ་སྒོ་འབྱེད་པ་བཅས་གཅིག་གྱུར་གྱིས་འཆར་འགོད་བྱ་དགོས་པ་དང་། རྒྱུན་མཐུད་ཐུབ་པ་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་ངང་འཕེལ་རྒྱས་གཏོང་བར་གཅིག་གྱུར་འཆར་འགོད་དང་། དཔལ་འབྱོར་འཛུགས་སྐྲུན་དང་མི་འབོར་འཕར་སྣོན་དང་ཐོན་ཁུངས་བེད་སྤྱོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅས་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། སྤྱི་ཚོགས་ཀྱི་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ཕྱུག་འགྱུར། སྐྱེ་ཁམས་ལེགས་པོ་བཅས་ཀྱི་དཔལ་ཡོན་འཕེལ་རྒྱས་གཏོང་བའི་ལམ་བུར་བསྐྱོད་པར་སྐུལ་འདེད་བཅས་བྱ་དགོས་པ་དེ་རེད། 

དཔྱད་གཞིའི་ཡིག་ཆ།