རབ་བྱུང་གི་བསླབ་ཚིག་རྣམ་པ་གསུམ།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2021-04-29 09:04ལ་འགྲུབ།

རབ་བྱུང་གི་བསླབ་ཚིག་རྣམ་པ་གསུམ།

དགེ་སྦྱོང་གི་ཀཱ་རི་ཀཱ་ལྔ་བཅུ་པའི་ཚིག་གི་བརྗེད་བྱང་དུ་བྱས་པ་ལས་བྱུང་བའི་རབ་བྱུང་གི་བསླབ་ཚིག་རྣམ་པ་གསུམ་བསྟན་ཡོད།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《བསྟན་འགྱུར་འདུལ་བ་སུ་པ》ཤ6བ3ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

དགེ་སྦྱོང་གི་ཀཱ་རི་ཀཱ་ལྔ་བཅུ་པའི་ཚིག་གི་བརྗེད་བྱང་དུ་བྱས་པ་ལས་བྱུང་བ་སྟེ།

1.ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ནི། འདུལ་བའི་སྡེ་སྣོད་ནས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་འབྱུང་ངོ་༎

2.སེམས་ཀྱི་བསླབ་པ་ནི། མདོ་སྡེའི་སྡེ་སྣོད་ནས་ལྷག་པ་སེམས་ཀྱི་བསླབ་པ་འབྱུང་ངོ་༎

3.ཤེས་རབ་ཀྱི་བསླབ་པ་ནི། མངོན་པའི་སྡེ་སྣོད་ནས་ལྷག་པ་ཤེས་རབ་ཀྱི་བསླབ་པ་བྱུང་ངོ་༎