རང་གི་ཆུང་མ་ལ་བསྐྱེད་པའི་འདུ་ཤེས་གསུམ།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2021-04-29 09:04ལ་འགྲུབ།

རང་གི་ཆུང་མ་ལ་བསྐྱེད་པའི་འདུ་ཤེས་གསུམ།

བསླབ་པ་ཀུན་ལས་བཏུས་པ་ལས་བྱུང་བའི་རང་གི་ཆུང་མ་ལ་བསྐྱེད་པའི་འདུ་ཤེས་གསུམ་རྒྱས་བར་བསྟན་ཡོད།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《བསྟན་འགྱུར་དབུ་མ་ཁི་པ》ཤ49བ6ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 ​རྣམ་གྲངས་འདྲེན་པ།

བསླབ་པ་ཀུན་ལས་བཏུས་པ་ལས་བྱུང་བ་ལྟར་ན་ཁག་གསུམ་ཡོད།

1_1 ཁག་དང་པོ།

1.འདི་ནི་དགའ་ཞིང་རྩེ་བའི་གྲོགས་ཡིན་གྱི་འདི་འཇིག་རྟེན་ཕ་རོལ་གྱི་གྲོགས་པོ་མ་ཡིན་ནོ༎

2.འདི་ནི་བཟའ་བ་དང་བཏུང་བའི་གྲོགས་ཡིན་གྱི། འདི་ལས་ཀྱི་རྣམ་པར་སྨིན་པ་མྱོང་བའི་གྲོགས་ནི་མ་ཡིན་ནོ༎

3.འདི་ནི་བདེ་བའི་གྲོགས་ཡིན་གྱི་སྡུག་བསྔལ་གྱི་གྲོགས་མ་ཡིན་ནོ་སྙམ་པའོ༎

1_2 ཁག་གཉིས་པ།

1.ཚུལ་ཁྲིམས་ཀྱི་བར་དུ་གཅོད་པར་འདུ་ཤེས་པ།

2.ཏིང་ངེ་འཛིན་གྱི་བར་དུ་གཅོད་པར་འདུ་ཤེས་པ།

3.ཤེས་རབ་ཀྱི་བར་དུ་གཅོད་པར་འདུ་ཤེས་པའོ༎

1_3 ཁག་གསུམ་པ།

1.ཆོམ་རྐུན་དུ་འདུ་ཤེས་པ།

2.བཙོན་སྲུང་དུ་འདུ་ཤེས་པ།

3.སེམས་ཅན་དམྱལ་བའི་སྲུང་མར་འདུ་ཤེས་པའོ༎