སྤྱི་བདེའི་ལག་རྩལ།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2021-04-27 16:05ལ་འགྲུབ།

སྤྱི་བདེའི་ལག་རྩལ།

སྤྱི་བདེའི་ལག་རྩལ།
སྤྱི་བདེའི་ལག་རྩལ་ནི་ཉེས་དོན་ཚན་རིག་ལག་རྩལ་དང་། མེ་གསོད་བཟོ་སྐྲུན། བདེ་འཇགས་ཉེན་ཟོན་བཟོ་སྐྲུན། འགྲིམ་འགྲུལ་དོ་དམ་བཟོ་སྐྲུན། ཉིང་རྡུལ་དང་སྐྱེ་དངོས་རྫས་འགྱུར་གྱི་མེ་གསོད་སོགས་ལས་གྲུབ་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
公安技术
ཆེད་ལས་ཚབ་ཨང་།
0821
1 ཆེད་ལས།
1_1 ཉེས་དོན་གྱི་ཚན་རིག་ལག་རྩལ།
1_1_1 གསོ་སྐྱོང་དམིགས་ཡུལ།

ཆེད་ལས་འདིར་རྗེས་ཤུལ་ཞིབ་བཤེར་དང་ཡིག་ཆའི་གསལ་འབྱེད། དངོས་དཔང་དབྱེ་ཞིབ། བརྙན་རིས་ལག་རྩལ་སོགས་ཀྱི་ཤེས་བྱ་ལྡན་ལ། སྤྱི་བདེ་དང་ཁྲིམས་འཛིན་སོགས་སྡེ་ཁག་ཏུ་ཉེས་དོན་ལག་རྩལ་གསལ་འབྱེད་ཀྱི་ལས་ཀ་བྱེད་ཐུབ་པའི་མཐོ་རིམ་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ། 

1_1_2 གསོ་སྐྱོང་བླང་བྱ།

གཙོ་བོ་ཉེས་དོན་ཚན་རིག་ལག་རྩལ་ཐད་ཀྱི་གཞི་རྩའི་རིགས་པའི་གཞུང་ལུགས་དང་རྨང་གཞིའི་ཤེས་བྱ་སློབ་སྦྱོང་དང་། ལག་རྩལ་གསལ་འབྱེད་ཐད་ཀྱི་གཞི་རྩའི་སྦྱོང་བརྡར་དང་ལེན་བྱས་ཏེ། རྗེས་ཤུལ་ཞིབ་བཤེར་དང་། ཡིག་ཆའི་གསལ་འབྱེད། དངོས་དཔང་དབྱེ་ཞིབ། སྤྱི་བདེ་བརྙན་རིས་ལག་རྩལ་སོགས་ཀྱི་གཞི་རྩའི་ནུས་པ་ལྡན་དགོས། 

1_2 མེ་གསོད་མེ་འགོག་བཟོ་སྐྲུན།
1_2_1 གསོ་སྐྱོང་དམིགས་ཡུལ།

ཆེད་ལས་འདིར་མེ་ཟོན་བཟོ་སྐྲུན་ལག་རྩལ་དང་མེ་གསོད་རོགས་སྐྱོབ་སོགས་ཀྱི་ཤེས་བྱ་ལྡན་པ་དང་། སྤྱི་བདེའི་མེ་ཟོན་དཔུང་སྡེ་དང་ཁེ་ལས་བྱ་གཞག་ཚན་པར་མེ་ཟོན་བཟོ་སྐྲུན་ལག་རྩལ་དང་དོ་དམ་དང་མེ་གསོད་རོགས་སྐྱོབ་བཀོད་འདོམས་ཐད་ལས་ཀ་བྱེད་ཐུབ་པའི་བཟོ་ལས་ཚན་ཁག་གི་མཐོ་རིམ་ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་བྱེད་པ། 

1_2_2 གསོ་སྐྱོང་བླང་བྱ།

གཙོ་བོ་མེ་གསོད་མེ་འགོག་བཟོ་སྐྲུན་དང་ཨར་ལས་བཟོ་སྐྲུན། བདེ་འཇགས་དོ་དམ། དོ་དམ་རིག་པ་སོགས་ཀྱི་གཞི་རྩའི་རིགས་པའི་གཞུང་ལུགས་དང་གཞི་རྩའི་ཤེས་བྱ་སློབ་སྦྱོང་དང་། མེ་གསོད་མེ་འགོག་ལག་རྩལ་གྱི་ཚད་གཞིའི་ཞིབ་བཤེར་གཏན་འབེབས་དང་། ལྟ་སྐུལ་དོ་དམ། བཀོད་འདོམས་སྒྲིག་འཛུགས་སོགས་ཀྱི་གཞི་རྩའི་སྦྱོང་བརྡར་ཐེབས་པ། མེ་གསོད་མེ་འགོག་ལ་ལྟ་སྐུལ་དང་དཔུང་ཁག་དོ་དམ། མེ་གསོད་རོགས་སྐྱོབ་བཅས་ཀྱི་ལས་ཀའི་སྒྲིག་འཛུགས་དང་བཀོད་འདོམས་བྱེད་པའི་གཞི་རྩའི་ནུས་པ་ལྡན་དགོས། 

1_3 བདེ་འཇགས་ཉེན་ཟོན་བཟོ་སྐྲུན།
1_3_1 གསོ་སྐྱོང་དམིགས་ཡུལ། 

ཆེད་ལས་འདིས་ཚན་རིག་གི་བྱང་ཚད་ལེགས་པོ་ཞིག་གསོ་སྐྱོང་བྱས་ཏེ། བདེ་འཇགས་ལག་རྩལ་གྱི་འགོག་ཟོན་མ་ལག་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ཤེས་བྱ། གཞི་རྩའི་རྩལ་ནུས་དང་བྱ་ཐབས་བཅས་བརྒྱུད་རིམ་ལྡན་པའི་སྒོ་ནས་ཁོང་དུ་ཆུད་པ་བྱས་ཏེ་སྤྱི་བདེ་སྡེ་ཚན་དང་། ཚན་རིག་ཞིབ་འཇུག་སྡེ་ཚན། ཁེ་ལས་དང་བྱ་གཞག་ཚན་པའི་ཚན་ཞིབ་དང་བེད་སྤྱོད་བྱེད་ཐུབ་པ་མ་ཟད། ལྟ་སྐུལ་ཚོད་འཛིན་དང་ཉེན་བརྡ་གཏོང་བ། བདེ་འཇགས་ཞིབ་བཤེར་སོགས་བདེ་འཇགས་འགོག་ཟོན་མ་ལག་བཟོ་སྐྲུན་ལག་རྩལ་དང་དོ་དམ་གྱི་ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་བྱ་དགོས། 

1_3_2 གསོ་སྐྱོང་བླང་བྱ།

མེས་རྒྱལ་ལ་དགའ་ཞེན་དང་གཞི་རྩའི་རྩ་དོན་བཞི་མཐའ་འཁྱོངས་བྱས་ཏེ། བསྒྱུར་བཅོས་སྒོ་འབྱེད་ལ་བརྩི་བཀུར། མར་ལེ་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པའི་གཞི་རྩའི་རྩ་བའི་རིགས་པ་སློབ་སྦྱོང་ཧུར་ཐག རྩོད་སྒྲུབ་དངོས་གཙོའི་རིང་ལུགས་དང་ལོ་རྒྱུས་དངོས་གཙོའི་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་འཛུགས་པ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་བྱ་དགོས་ལ། སྤྱི་བདེའི་བྱ་གཞག་ལ་དགའ་བ་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་སྤྱི་བདེའི་ལས་དོན་གྱི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་ལ་རྒྱུས་མངའ་ཡོད་པ་དང་དགྲ་བོར་འཐབ་རྩོད་བྱེད་པའི་འདུ་ཤེས་དང་། ཁྲིམས་ལུགས་ཀྱི་འདུ་ཤེས། རྩ་འཛུགས་ཀྱི་སྒྲིག་ཁྲིམས་འདུ་ཤེས། མང་ཚོགས་ཀྱི་འདུ་ཤེས་བཅས་ཚད་མཐོའི་རྒྱུས་མངའ་ཡོད་པ། སྤྱི་བདེའི་ལས་དོན་གྱི་ཆེད་དུ་རང་སྲོག་བློས་གཏོང་བའི་སྙིང་སྟོབས་ལྡན་པ་ཞིག་ཡིན་དགོས་ལ། གོ་རིམ་ལྡན་པའི་སྒོ་ནས་བདེ་འཇགས་ཉེན་ཟོན་བཟོ་སྐྲུན་ཆེད་ལས་ཀྱི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ཤེས་བྱ། གཞི་རྩའི་ནུས་རྩལ་བཅས་ཁོང་དུ་ཆུད་པར་བྱ་དགོས། 

1_4 འགྲིམ་འགྲུལ་དོ་དམ་བཟོ་སྐྲུན།
1_4_1 གསོ་སྐྱོང་དམིགས་ཡུལ།

ཆེད་ལས་འདིར་དོ་དམ་རིག་པ་དང་ཁྲིམས་ལུགས་རིག་པ། འགྲིམ་འགྲུལ་བཟོ་སྐྲུན་རིག་པ་སོགས་ཀྱི་ཤེས་བྱ་ལྡན་དགོས་པ་དང་། སྤྱི་བདེ་ལས་ཁུངས་སུ་འགྲིམ་འགྲུལ་དོ་དམ་གྱི་ལས་ཀ་དངོས་དང་དེ་བཞིན་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་ཐད་ལས་ཀ་བྱེད་ཐུབ་ཅིང་ལག་རྩལ་ཤེས་པའི་མཐོ་རིམ་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ནས་བཟོ་རིག་གི་རབ་འབྱམས་པའི་བསླབ་གནས་སྤྲོད་རྒྱུ།

1_4_2 གསོ་སྐྱོང་བླང་བྱ།

འགྲིམ་འགྲུལ་བདེ་འཇགས་དང་འགྲིམ་འགྲུལ་དོ་དམ། ཚོད་འཛིན་བཅས་ཀྱི་ཁ་ཕྱོགས་གཉིས་ལ་དོ་སྣང་བྱས་ཏེ། སློབ་མར་དོ་དམ་རིག་པ་དང་ཁྲིམས་ལུགས་རིག་པ། འགྲིམ་འགྲུལ་བཟོ་སྐྲུན་རིག་པ་སོགས་ཀྱི་ཤེས་བྱ་ལྡན་དགོས་པ་དང་། སྤྱི་བདེ་ལས་ཁུངས་སུ་འགྲིམ་འགྲུལ་དོ་དམ་གྱི་ལས་ཀ་དངོས་དང་དེ་བཞིན་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་ཐད་ཀྱི་ལས་ཀ་བསྒྲུབ་དགོས། 

2 སློབ་གྲྭའི་ཨང་རིམ།

ཀྲུང་གོ་མི་དམངས་སྤྱི་བདེ་སློབ་ཆེན།

ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་དཔུང་སྡེའི་སློབ་གླིང་།

ཀྲུང་གོ་ཉེས་དོན་ཉེན་རྟོག་སློབ་གླིང་། 

སི་ཁྲོན་ཉེན་རྟོག་སློབ་གླིང་།

ཀྲེ་ཅང་ཉེན་རྟོག་སློབ་གླིང་། 

ཧུའུ་ནན་ཉེན་རྟོག་སློབ་གླིང་། 

ནན་ཅིང་ནགས་ཚལ་ཉེན་རྟོག་སློབ་གླིང་། 

ལྷོ་ནུབ་སྲིད་ཁྲིམས་སློབ་གྲྭ་ཆེན་མོ།

ཡུན་ནན་ཉེན་རྟོག་པའི་སློབ་གླིང་། 

ཧྲན་ཏུང་ཉེན་རྟོག་སློབ་གླིང་། 

ཀོང་ཏུང་ཉེན་རྟོག་པའི་སློབ་གླིང་། 

ཅང་སུའུ་ཉེན་རྟོག་པའི་སློབ་གླིང་། 

ཀན་སུའུ་སྲིད་ཁྲིམས་སློབ་ཆེན། 

ཧུའུ་པེ་ཉེན་རྟོག་སློབ་གླིང་། 

དཔྱད་གཞིའི་ཡིག་ཆ།