དབྱི་ཁྲུན་ཆུས་མི་དམངས་ཁྲིམས་ཁང་།སྔ་མའི་པར་གཞི་དེ འབྲོང་༡༠༠  ནས 2021-04-16 15:02ལ་འགྲུབ།

དབྱི་ཁྲུན་ཆུས་མི་དམངས་ཁྲིམས་ཁང་།

དབྱི་ཁྲུན་ཆུས་མི་དམངས་ཁྲིམས་ཁང་།
སྤྱི་ལོ1973ལོའི་ཟླ9པར། དབྱི་ཁྲུན་ཆུས་མི་དམངས་ཁྲིམས་ར་བཙུགས་པ་དང་དབྱི་ཁྲུན་ཆུས་འདྲི་གཅོད་ལས་དོན་སྤེལ་འགོ་ཚུགས། སྤྱི་ལོ1979ལོའི་ཟླ6པར་དབྱི་ཁྲུན་ཆུས་མི་དམངས་ཁྲིམས་ར་དབྱི་ཁྲུན་ཆུས་མི་དམངས་ཁྲིམས་ཁང་དུ་བསྒྱུར་ནས་འདྲི་གཅོད་ལས་དོན་ཚད་ལྡན་ཅན་དུ་གྱུར་ཡོད། འདྲི་གཅོད་དོ་དམ་ ཁོངས་གཏོགས་ནི་གྲོང་ཁྱེར་ཡོངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། འགྲིམ་འགྲུལ་བཅས་ཀྱི་ལྟེ་བ་ཡིན་པ་དང་མི་འབོར་ཁྲི16.2ཡོད། ཁྲིམས་ཁང་ཡོངས་ལ་ད་ལྟ་ལས་བྱེད་པ་དང་ཉེན་རྟོག་པ38ཡོད་པ་དང་། གཏུག་བཤེར་གྱོད་དོན་དང་ལེན་བྱེད་ཚད་ལོ་རེར་ཆ་སྙོམས་གྱོད་གཞི1500ལྷག་ཟིན་ཡོད། དེ་མིན་སྲིད་འཛིན་རེ་ཞུ་ལག་བསྟར་བྱེད་པའི་གྱོད་གཞི300ལྷག་ཡོད། གྱོད་དོན་དང་ལེན་བྱེད་ཚད་གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་ཁྲིམས་ཁང21ཁྲོད་ཀྱི་ཨང་དང་པོ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
伊春市伊春区人民法院
སྦྲག་ཨང་།
153000
གནས་ཡུལ།
དབྱི་ཁྲུན་ཆུས་ལིན་ཏུའུ་སྲང་ལམ།
འབྲེལ་གཏུགས་ཁ་པར།
0458-3339673
བཙུགས་ལོ།
སྤྱི་ལོ1973ལོའི་ཟླ9པའི་ཚེས1ཉིན།
མི་གྲངས།
39
1 ངོ་སྤྲོད་མདོར་བསྡུས།

སྤྱི་ལོ1973ལོའི་ཟླ9པར། དབྱི་ཁྲུན་ཆུས་མི་དམངས་ཁྲིམས་ར་བཙུགས་པ་དང་དབྱི་ཁྲུན་ཆུས་འདྲི་གཅོད་ལས་དོན་སྤེལ་འགོ་ཚུགས། སྤྱི་ལོ1979ལོའི་ཟླ6པར་དབྱི་ཁྲུན་ཆུས་མི་དམངས་ཁྲིམས་ར་དབྱི་ཁྲུན་ཆུས་མི་དམངས་ཁྲིམས་ཁང་དུ་བསྒྱུར་ནས་འདྲི་གཅོད་ལས་དོན་ཚད་ལྡན་ཅན་དུ་གྱུར་ཡོད། འདྲི་གཅོད་དོ་དམ་ ཁོངས་གཏོགས་ནི་གྲོང་ཁྱེར་ཡོངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། འགྲིམ་འགྲུལ་བཅས་ཀྱི་ལྟེ་བ་ཡིན་པ་དང་མི་འབོར་ཁྲི16.2ཡོད། ཁྲིམས་ཁང་ཡོངས་ལ་ད་ལྟ་ལས་བྱེད་པ་དང་ཉེན་རྟོག་པ38ཡོད་པ་དང་། གཏུག་བཤེར་གྱོད་དོན་དང་ལེན་བྱེད་ཚད་ལོ་རེར་ཆ་སྙོམས་གྱོད་གཞི1500ལྷག་ཟིན་ཡོད། དེ་མིན་སྲིད་འཛིན་རེ་ཞུ་ལག་བསྟར་བྱེད་པའི་གྱོད་གཞི300ལྷག་ཡོད།

2 ལས་ཁུངས་ཀྱི་སྒྲིག་བཀོད།

དབྱི་ཁྲུན་ཆུས་ཀྱི་ཁྲིམས་ཁང་ལ་ད་ལྟ་གྱོད་དོན་ཐོ་འགོད་ཁང་དང་། ཉེས་དོན་ཁྲིམས་ཁང་། དམངས་དོན་ཁྲིམས་ར་དང་པོ། དམངས་དོན་ཁྲིམས་ར་གཉིས་པ། སྲིད་འཛིན་འདྲི་གཅོད་ཁྲིམས་ར། ལག་བསྟར་ཅུས། འདྲི་གཅོད་ལྟ་སྐུལ་ཁྲིམས་ར། གཞུང་ལས་ཁང་། སྒྲིག་བཤེར་ཚོ་ཆུང་། ཆབ་སྲིད་ལས་དོན་ཁོའོ་བཅས་ཚན་པ11བཙུགས་ཡོད།


དཔྱད་གཞིའི་ཡིག་ཆ།