ཧྲང་ཧའེ་གྲོང་ཁྱེར་པའོ་ཧྲན་ཆུས་མི་དམངས་ཁྲིམས་ཁང་།སྔ་མའི་པར་གཞི་དེ འབྲོང་༡༠༠  ནས 2021-04-16 14:47ལ་འགྲུབ།

ཧྲང་ཧའེ་གྲོང་ཁྱེར་པའོ་ཧྲན་ཆུས་མི་དམངས་ཁྲིམས་ཁང་།

ཧྲང་ཧའེ་གྲོང་ཁྱེར་པའོ་ཧྲན་ཆུས་མི་དམངས་ཁྲིམས་ཁང་།
ཧྲང་ཧའེ་གྲོང་ཁྱེར་པའོ་ཧྲན་ཆུས་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1988ལོའི་ཟླ9པའི་ཚེས21ཉིན་བཙུགས་པ་དང་། སྔོན་གྱི་ཧྲང་ཧའེ་གྲོང་ཁྱེར་པའོ་ཧྲན་རྫོང་མི་དམངས་ཁྲིམས་ཁང་དང་ཧྲང་ཧའེ་གྲོང་ཁྱེར་ཝུའུ་སུང་ཆུས་མི་དམངས་ཁྲིམས་ཁང་གཉིས་ཟླ་སྒྲིལ་བྱས་ནས་གྲུབ་པ་རེད། ཁྲིམས་ཁང་གི་འདྲི་གཅོད་གཞུང་ལས་ཁང་དེ་ད་ལྟ་པའོ་ཧྲན་རི་ཁུལ་གྱི་ཡིག་ཡིས་ལམ་ཨང989པར་གནས་ཡོད། ཁྲིམས་ཁང་དེར་ཁྱོན་མི336ཡོད་པ་དང་། དངོས་སུ་སྒྲིག་ཁོངས་སུ་ཚུད་པའི་མི་སྣའི་ནང་དངོས་གཞིའི་ཚན་ཁག་ཡན་གྱིས་སྤྱིའི་མི་གྲངས་ཀྱི94.1%བཟུང་ཡོད། དེའི་ནང་འབུམ་རམས་པ1དང་རབ་འབྱམས་པ156ཡོད་པ་དེས་སྤྱིའི་མི་གྲངས་ཀྱི54%བཟུང་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
上海市宝山区人民法院
སྦྲག་ཨང་།
201999
གནས་ཡུལ།
པའོ་ཧྲན་རི་ཁུལ་གྱི་ཡིག་ཡིས་ལམ་ཨང989པ།
འབྲེལ་གཏུགས་ཁ་པར།
26078989
བཙུགས་ལོ།
སྤྱི་ལོ1988ལོའི་ཟླ9པའི་ཚེས་21ཉིན།
1 ངོ་སྤྲོད་མདོར་བསྡུས།

ཧྲང་ཧའེ་གྲོང་ཁྱེར་པའོ་ཧྲན་ཆུས་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1988ལོའི་ཟླ9པའི་ཚེས21ཉིན་བཙུགས་པ་དང་། སྔོན་གྱི་ཧྲང་ཧའེ་གྲོང་ཁྱེར་པའོ་ཧྲན་རྫོང་མི་དམངས་ཁྲིམས་ཁང་དང་ཧྲང་ཧའེ་གྲོང་ཁྱེར་ཝུའུ་སུང་ཆུས་མི་དམངས་ཁྲིམས་ཁང་གཉིས་ཟླ་སྒྲིལ་བྱས་ནས་གྲུབ་པ་རེད། ཁྲིམས་ཁང་གི་འདྲི་གཅོད་གཞུང་ལས་ཁང་དེ་ད་ལྟ་པའོ་ཧྲན་རི་ཁུལ་གྱི་ཡིག་ཡིས་ལམ་ཨང989པར་གནས་ཡོད། ཁྲིམས་ཁང་དེར་ཁྱོན་མི336ཡོད་པ་དང་། དངོས་སུ་སྒྲིག་ཁོངས་སུ་ཚུད་པའི་མི་སྣའི་ནང་དངོས་གཞིའི་ཚན་ཁག་ཡན་གྱིས་སྤྱིའི་མི་གྲངས་ཀྱི94.1%བཟུང་ཡོད། དེའི་ནང་འབུམ་རམས་པ1དང་རབ་འབྱམས་པ156ཡོད་པ་དེས་སྤྱིའི་མི་གྲངས་ཀྱི54%བཟུང་ཡོད། པའོ་ཧྲན་ཆུས་མི་དམངས་ཁྲིམས་ཁང་བཙུགས་པ་ནས་བཟུང་། གྱོད་དོན་བདག་སྤྲོད་བྱེད་པའི་གྲངས་ཀ་མང་དུ་འགྲོ་བཞིན་ཡོད། སྤྱི་ལོ1988ལོ་ནས་སྤྱི་ལོ2013ལོའི་བར་ཁྱོན་བསྡོམས་གྱོད་གཞི་སྣ་ཚོགས་ངོ་གྲངས30787ཞིབ་གཅོད་མཇུག་སྒྲིལ་བྱས་པ་དང་། ལོ་རེར་ཆ་སྙོམས་འཕར་ཚད9.11%ཟིན་ཡོད། དེའི་ནང་སྤྱི་ལོ2013ལོར་གྱོད་གཞི་ངོ་གྲངས23151ཞིབ་གཅོད་མཇུག་སྒྲིལ་བྱས་པ་དེ་ནི་སྤྱི་ལོ1988ལོར་གྱོད་གཞི་མཇུག་སྒྲིལ་བྱས་པའི་གྲངས་འབོར་གྱི་ལྡབ8.19རེད།

2 ལས་ཁུངས་བཀོད་སྒྲིག

ཧྲང་ཧའེ་གྲོང་ཁྱེར་གྱི་པའོ་ཧྲན་ཆུས་མི་དམངས་ཁྲིམས་ཁང་ལ་གྱོད་གཞིའི་ཁྲིམས་ར་དང་། ཉེས་དོན་འདྲི་གཅོད་ཁྲིམས་ར། ལོ་ན་མ་སོན་པའི་མིའི་ཕྱོགས་བསྡུས་འདྲི་གཅོད་ཁྲིམས་ར། དམངས་དོན་འདྲི་གཅོད་ཁྲིམས་ར་དང་པོ། དམངས་དོན་འདྲི་གཅོད་ཁྲིམས་ར་གཉིས་པ།(ཚོང་དོན་འདྲི་གཅོད་ཁྲིམས་ར)དམངས་དོན་འདྲི་གཅོད་ཁྲིམས་ར་གསུམ་པ། དམངས་དོན་འདྲི་གཅོད་ཁྲིམས་ཏ། སྲིད་འཛིན་འདྲི་གཅོད་ཁྲིམས་ར། འདྲི་གཅོད་ལྟ་སྐུལ་ཁྲིམས་ར། ལག་བསྟར་ཅུས། སུང་ནན་མི་དམངས་ཁྲིམས་ར། ཡུའེ་ཕུའུ་མི་དམངས་ཁྲིམས་ར། གཞུང་ལས་ཁང་། ཆབ་སྲིད་པུའུ། ཞིབ་འཇུག་ཁང་། ལྟ་ཞིབ་ཁང་། ཁྲིམས་ལུགས་ཉེན་རྟོག་རུ་ཆེན་སོགས་འགན་ནུས་སྡེ་ཁག17ཡོད།

3 གཟི་བརྗིད་མཚན་སྙན།

བསྟུད་མར་སྐབས་བཅུ་ལ “ཧྲང་ཧའེ་གྲོང་ཁྱེར་གྱི་དཔལ་ཡོན་ཚན་པའི”མཚན་སྙན་ཐོབ་པ་དང་། སྔ་རྗེས་སུ“རྒྱལ་ཡོངས་ཀྱི་བུད་མེད་ཡ་རབས་ལས་གནས”ཀྱི་འདྲི་གཅོད་ལྟ་སྐུལ་ཁང་དང་། “རྒྱལ་ཡོངས་ཀྱི་ཕུལ་བྱུང་ཁྲིམས་དཔོན”“རྒྱལ་ཡོངས་ཀྱི་ཁྲིམས་ཁང་གི་གྱོད་སྒྲུབ་དཔེ་དམག”ཞུས་མིན་ཧྥང་། “རྒྱལ་ཡོངས་ཀྱི་ཉེས་དོན་འདྲི་གཅོད་སྔོན་ཐོན་མི་སྒེར”ཏུང་ཀུའུ། “རྒྱལ་ཡོངས་ཚོང་དོན་འདྲི་གཅོད་སྔོན་ཐོན་མི་སྒེར”ཞི་ལན་མིང་། “སྤྱི་ལོ2014ལོའི་པའོ་ཧྲན་གྱི་མི་སྣ་སྔོན་ཐོན་ཝང་ཝུའེ་སོགས་སྔོན་ཐོན་ཚོགས་པ་དང་མི་སྒེར་འབོར་ཆེན་ཞིག་ཐོན་ཡོད།

དཔྱད་གཞིའི་ཡིག་ཆ།