ལིང་ཏུང་ཆུས་མི་དམངས་ཁྲིམས་ཁང་།སྔ་མའི་པར་གཞི་དེ འབྲོང་༡༠༠  ནས 2021-04-16 14:28ལ་འགྲུབ།

ལིང་ཏུང་ཆུས་མི་དམངས་ཁྲིམས་ཁང་།

ལིང་ཏུང་ཆུས་མི་དམངས་ཁྲིམས་ཁང་།
ལིང་ཏུང་ཆུས་ནི་གྲོང་ཁུལ་གྱི་ཤར་ལྷོའི་ཕྱོགས་ཀྱི་སྤྱི་ལེ8ཙམ་དུ་གནས་པ་དང་། ཁོངས་གཏོགས་ས་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ802ཡོད། མི་འབོར་ཁྲི8ཙམ་ཡོད། ཁོངས་གཏོགས་སུ་ཞང་གཅིག་དང་གཞུང་དོན་ཁང་དྲུག་ཡོད། སྡེ་ཁུལ20བཅས་ཡོད། ཁོངས་གཏོགས་སུ་ཁེ་ལས་གཙོ་བོ་ཧྲོང་ཡ་ཧྲན་ཅན་ལུང་རྫས་འགྱུར་བཟོ་ལས་དང་། ཧྲོང་ཡ་ཧྲན་ཅན་ལུང་གཏེར་ལས། རྡོ་སོལ་གཏེར་ཁ་སོགས དམངས་གཉེར་ཁེ་ལས38ཡོད། ལིང་ཏུང་ཆུས་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1980ལོའི་ཟླ4པར་བཙུགས་པ་དང་། སྤྱི་ལོ1988ལོའི་ཟླ2པར་ལིང་ཞི་ཆུས་མི་དམངས་ཁྲིམས་ཁང་དེ་ལིང་ཏུང་ཆུས་མི་དམངས་ཁྲིམས་ཁང་དུ་ཟླ་སྒྲིལ་བཏང་། སྤྱི་ལོ1995ལོའི་ལོ་འགོར། ཆུས་དེའི་ཁྲིམས་ཁང་གིས་ས་གནས་འདིར་སྤོས་ནས་གཞུང་དོན་སྒྲུབ་པ་དང་། ལས་ཁུངས་ཀྱི་གཞུང་ལས་ཐོག་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ2000ཡོད། ད་ཆ་མངགས་གཏོང་ཁྲིམས་ར་གཉིས་ཡོད་པ་དང་ལྟེ་བའི་ཁྲིམས་ར་དེ་ལིང་ཏུང་མཚེའུ་ཡི་ལྷོ་ངོས་སུ་གནས་ཡོད་པ་དང་གཞུང་ལས་ཀྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ800ཡོད། ཁྲིམས་ཁང་ཡོངས་སུ་ཚན་ཁག14ཡོད། ད་ལྟ་སྒྲིག་ཁོངས་ཀྱི་མི་གྲངས51ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
双鸭山市岭东区人民法院
སྦྲག་ཨང་།
155120
གནས་ཡུལ།
ལིང་ཏུང་ཤར་གྱི་གཏེར་ལམ་ཨང་494པ།
འབྲེལ་གཏུགས་ཁ་པར།
0469-4025011
བཙུགས་ལོ།
སྤྱི་ལོ1980ལོའི་ཟླ4པ།
མི་གྲངས།
48ཡོད།
1 ངོ་སྤྲོད་མདོར་བསྡུས།

ལིང་ཏུང་ཆུས་ནི་གྲོང་ཁུལ་གྱི་ཤར་ལྷོའི་ཕྱོགས་ཀྱི་སྤྱི་ལེ8ཙམ་དུ་གནས་པ་དང་། ཁོངས་གཏོགས་ས་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ802ཡོད། མི་འབོར་ཁྲི8ཙམ་ཡོད། ཁོངས་གཏོགས་སུ་ཞང་གཅིག་དང་གཞུང་དོན་ཁང་དྲུག་ཡོད། སྡེ་ཁུལ20བཅས་ཡོད། ཁོངས་གཏོགས་སུ་ཁེ་ལས་གཙོ་བོ་ཧྲོང་ཡ་ཧྲན་ཅན་ལུང་རྫས་འགྱུར་བཟོ་ལས་དང་། ཧྲོང་ཡ་ཧྲན་ཅན་ལུང་གཏེར་ལས། རྡོ་སོལ་གཏེར་ཁ་སོགས དམངས་གཉེར་ཁེ་ལས38ཡོད། ལིང་ཏུང་ཆུས་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1980ལོའི་ཟླ4པར་བཙུགས་པ་དང་། སྤྱི་ལོ1988ལོའི་ཟླ2པར་ལིང་ཞི་ཆུས་མི་དམངས་ཁྲིམས་ཁང་དེ་ལིང་ཏུང་ཆུས་མི་དམངས་ཁྲིམས་ཁང་དུ་ཟླ་སྒྲིལ་བཏང་། སྤྱི་ལོ1995ལོའི་ལོ་འགོར། ཆུས་དེའི་ཁྲིམས་ཁང་གིས་ས་གནས་འདིར་སྤོས་ནས་གཞུང་དོན་སྒྲུབ་པ་དང་། ལས་ཁུངས་ཀྱི་གཞུང་ལས་ཐོག་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ2000ཡོད། ད་ཆ་མངགས་གཏོང་ཁྲིམས་ར་གཉིས་ཡོད་པ་དང་ལྟེ་བའི་ཁྲིམས་ར་དེ་ལིང་ཏུང་མཚེའུ་ཡི་ལྷོ་ངོས་སུ་གནས་ཡོད་པ་དང་གཞུང་ལས་ཀྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ800ཡོད། ཁྲིམས་ཁང་ཡོངས་སུ་ཚན་ཁག14ཡོད། ད་ལྟ་སྒྲིག་ཁོངས་ཀྱི་མི་གྲངས51ཡོད། ལོ་ཤས་རིང་། ལིང་ཏུང་ས་ཁུལ་གྱི་མི་དམངས་ཁྲིམས་ཁང་གིས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བས་སྤྱི་འདོམས་བྱས་པ་དང་། “ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ” འགན་འཁྲིར་བརྩིས་ནས་འདྲི་གཅོད་ལས་དོན་གྱི་ལས་འགན་ཁག་མངོན་འགྱུར་ཡོང་བའི་འགན་ལེན་ཏན་ཏིག་བྱས་ཏེ། ལིང་ཏུང་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ཁྲིམས་འཛིན་འགན་སྲུང་ནུས་ལྡན་དང་བཅའ་ཁྲིམས་ཀྱི་ཞབས་ཞུ་སྤུས་དག་མཁོ་འདོན་བྱས་ཡོད།

2 ལས་ཁུངས་བཀོད་སྒྲིག

ལིང་ཏུང་ཆུས་ཁྲིམས་ཁང་ལ་ད་ལྟ་གྱོད་དོན་ཐོ་འགོད་ཁང་དང་། ཉེས་དོན་འདྲི་གཅོད་ཁྲིམས་ར། དམངས་དོན་འདྲི་གཅོད་ཁྲིམས་ར། སྲིད་འཛིན་ཁྲིམས་ར་བཅས་མི་དམངས་ཁྲིམས་ར་གཉིས་དང་། ལག་བསྟར་ཅུས། གཞུང་ལས་ཁང་དང་། ཆབ་སྲིད་ལས་དོན་ཁའོ། ཞིབ་འཇུག་ཁང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཁང་། འདྲི་གཅོད་ལྟ་སྐུལ་ཁང་། ཁྲིམས་འཛིན་ཉེན་རྟོག་རུ་ཆེན། ཡིག་སྐུར་ངོ་བཅར་གཞུང་ལས་ཁང་བཅས་བསྡོམས་པས་སྡེ་ཁག14ཡོད།

དཔྱད་གཞིའི་ཡིག་ཆ།