ཉེས་ཆད་ཀྱི་བྱེད་ནུས།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2021-04-25 17:50ལ་འགྲུབ།

ཉེས་ཆད་ཀྱི་བྱེད་ནུས།

ཉེས་ཆད་ཀྱི་བྱེད་ནུས།
ཉེས་ཆད་ཀྱི་བྱེད་ནུས་ནི་རྒྱལ་ཁབ་ཀྱིས་ཉེས་ཆད་གཅོད་པའི་བྱས་ཉེས་ལ་བརྟེན་ནས་ཐོན་པའི་སྤྱི་ཚོགས་ཀྱི་ནུས་པ་ཞིག་ཡིན་ལ། ཉེས་ཆད་ཀྱི་བྱེད་ནུས་ནི་གཙོ་བོ་ཉེས་ཆད་ཀྱི་དམིགས་ཡུལ་ཕྱི་སྒྱུར་ཅན་གྱི་རྣམ་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
刑罚功能
མིང་གཞན།
ཉེས་ཆད་ཀྱི་ནུས་པ།
1 ​བྱེད་ལས་ཁྱད་ཆོས།

(གཅིག)ཉེས་ཆད་ཀྱི་བྱེད་ནུས་ནི་ཉེས་ཆད་ཀྱིས་མི་རྣམས་ལ་ཐོན་པའི་ནུས་པ་ཡིན་ལ། མི་རྣམས་ལ་ཐོན་པའི་ནུས་པ་ཞེས་པ་ནི་ཉེས་གསོག་མཁན་མ་ཟད། གནོད་འཚེ་ཕོག་མཁན་དང་སྤྱི་ཚོགས་ཐོག་གི་མི་གཞན་དག་ལ་ཐོན་པའི་ནུས་པ་དེ་ཡིན། ཉེས་ཆད་གཅོད་རྒྱུ་ནི་ཉེས་ཅན་ལ་སྤྱད་ཆོག་པ་ཞིག་ཡིན་པས། ཉེས་ཅན་ལ་ནུས་པ་ངེས་ཅན་ཐོན་སྲིད་པ་སྨོས་ཅི་དགོས། འོན་ཀྱང་ཉེས་ཆད་ཀྱིས་ཉེས་ཅན་པར་ཐད་ཀར་ཤུགས་རྐྱེན་ཐེབས་པ་མ་ཟད། ཉེས་ཅན་ཕུད་པའི་མིར་ཡང་ནུས་པ་ངེས་ཅན་ཐོན་གྱིན་ཡོད། འདིར་བཤད་པའི་ཉེས་ཅན་ཕུད་པའི་མི་གཞན་དག་ནི་ཐོག་མར་སྤྱི་ཚོགས་ཐོག་གི་བརྟན་པོ་མེད་པ་དང་ཡང་ན་མི་མངོན་པའི་ཉེས་ཅན་ཞིག་ཡིན་ན། ཁོ་ཚོའི་བསམ་བློའི་ཐོག་ཉེས་གསོག་གི་ཕྱོགས་ལྷུང་ཡོད་ཅིང་། ཉེས་ཅན་ལ་ཉེས་ཆད་གཅོད་རྒྱུ་དེ་མི་དེ་ཚོའི་བསམ་བློའི་ཐོག་ནས་རང་ཤུགས་སུ་མཚོན་གྱིན་ཡོད། གཉིས་པ་ནི་སྤྱི་ཚོགས་ཐོག་གི་རྒྱ་ཆེའི་མི་དམངས་མང་ཚོགས་ཡིན་ཞིང་། ཁོ་ཚོས་བཀའ་བརྩི་ཁྲིམས་སྲུང་དང་ཉེས་ཅན་ལ་འཁོན་འཛིན་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པས། ཉེས་ཅན་ལ་ཉེས་ཆད་གཅོད་རྒྱུ་དེ་ཡང་མི་དེ་ཚོའི་བསམ་པའི་ཐོག་ནུས་པ་ཐོན་སྲིད། གསུམ་པ་ནི་གནོད་འཚེ་འཕོག་མཁན་དང་དེའི་ཁྱིམ་མི་ཡིན་ཞིང་ཁོ་ཚོའི་ནང་མིས་ཉེས་ཅན་གྱི་གནོད་འཚེ་དངོས་སུ་མྱོང་ཞིང་། ཉེས་ཅན་ལ་ཉེས་ཆད་གཅོད་སྐབས་ཁོ་ཚོའི་བསམ་པའི་ཐོག་ནས་ཤུགས་རྐྱེན་མི་ཐེབས་པ་བྱ་དགོས། དེར་བརྟེན་དེར་རྟོག་ཞིབ་བྱེད་སྐབས་སྤྱི་ཚོགས་ཡོངས་ཀྱི་ཐོག་ནས་སྤྱི་ཚོགས་ཡོངས་ཀྱི་ནུས་པར་རྟོག་ཞིབ་བྱས་ན་གཞི་ནས་ཁྲིམས་ཆད་ཀྱི་ནུས་པར་ཁྱོན་ཡོངས་ནས་ཤེས་རྟོགས་དང་གདེང་འཇོག་འོས་འཚམ་བྱེད་ཐུབ། (གཉིས)ཉེས་ཆད་གཅོད་པའི་ནུས་པ་ནི་ཉེས་ཆད་ཀྱིས་མི་རྣམས་ལ་ཐོན་པའི་དགེ་མཚན་ལྡན་པའི་ནུས་པ་ཡིན་ལ། འཇར་མན་གྱི་ཉེས་ཁྲིམས་རིག་པ་བ་ཡེ་ལིན(R.vonJhering,1818-1892)གྱིས་བཤད་དོན། “ཉེས་ཆད་ནི་གྲི་ཁ་གཉིས་ཀྱི་གྲི་དང་འདྲ་བར་དེ་སྤྱད་ན་མི་འགྲིག་སྟེ། རྒྱལ་ཁབ་དང་མི་སྒེར་གཉིས་ཀར་གནོད་པའི་གནས་ཡོད” ཉེས་ཆད་ལ་དགེ་མཚན་མེད་པའི་ནུས་པ་ཡོད་ལ།མཁས་དབང་ལ་ལས་ཐ་ན་ཉེས་ཆད་ཀྱི་དགེ་མཚན་མེད་པའི་ནུས་པ་མང་པོ་ཞིག་བསྟན་ནས་ཉེས་ཆད་མེད་པ་བཟོ་རྒྱུའི་འདོད་ཚུལ་འཛིན་པའི་རྒྱུ་མཚན་དུ་བྱས་མོད། འོན་ཀྱང་ད་བར་འཛམ་གླིང་རྒྱལ་ཁབ་ཁག་ཚང་མས་ཉེས་ཆད་མེད་པ་བཟོས་མེད་པ་རེད། དེའི་རྒྱུ་རྐྱེན་ནི་དེའི་དགེ་མཚན་ལྡན་པའི་ནུས་པ་ནི་བྱ་ཐབས་གཞན་དག་གིས་ཚབ་བྱེད་ཐབས་བྲལ་བ་ཞིག་རེད། ཉེས་ཆད་གཅོད་དུས་སྒྱིད་ལུག་གི་ནུས་པ་ཐོན་པ་སྟེ། གཅིག་ནི་ཉེས་ཆད་གཅོད་པའི་ངོ་བོ(དཔེར་ན་དུས་ཐུང་ནང་རང་དབང་གི་ཁྲིམས་ཆད་གཏོང་བ་དང་ཟིལ་ཤུགས་ཆེན་པོ་མེད་པ། བསྒྱུར་བཀོད་ཀྱི་ཕན་འབྲས་ཐོན་དཀའ་བ། སྣོལ་མར་ཉེས་གསོག་གི་གོམས་གཤིས་ངན་པ་འགོས་སླ་བ་སོགས)དང་གཅིག་ནི་ཉེས་ཆད་གཅོད་སྟངས་མི་འགྲིག་པ།(ཉེས་ཆད་ལྕི་དྲགས་ན་མང་ཚོགས་ལ་གནོད་འཚེ་གཏོང་སྲིད་པ་དང་ཉེས་ཆད་ཡང་དྲགས་ན་ཉེས་ཅན་རྒྱ་ཡན་དུ་འགྲོ་སྲིད) འདི་དག་རྩོམ་འདིར་ཞིབ་འཇུག་བྱེད་པའི་ཁྱབ་ཁོངས་སུ་མི་གཏོགས། རྩོམ་འདིར་ཉེས་ཆད་ཀྱི་བྱེད་ནུས་ཁོ་ནར་ཞིབ་འཇུག་བྱས་ཡོད། ཉེས་ཆད་གཅོད་པའི་ནུས་པ་ཞེས་པ་ནི་ཉེས་ཆད་ལས་བྱུང་བའི་དགེ་མཚན་ལྡན་པའི་ནུས་པ་ཁོ་ནར་ཟེར་བ་སྟེ། རྒྱལ་ཁབ་དང་སྤྱི་ཚོགས་ལ་ཐོན་པའི་དགེ་མཚན་ལྡན་པའི་ནུས་པ་ཡིན། དེའི་རྒྱུ་མཚན་ནི“ནུས་པ”ཞེས་པའི་ཐ་སྙད་ཀྱི་གོ་དོན་ནི“ཕན་ཡོད་ཀྱི་ནུས་པ”ཡིན་པ་མ་ཟད། དེའི་རྒྱུ་མཚན་ནི་དེས་ཉེས་ཆད་ལ་ལྡན་དགོས་པའི་ཕན་ནུས་ཞིབ་འཇུག་དང་འདོན་སྤེལ་སྔར་ལས་ལེགས་པར་བྱེད་བདེ་བའི་རྐྱེན་གྱིས་རེད། 

2 བྱེད་ནུས་རིགས་དགར།
2_1 ཉིས་བགོད་ཐབས། 

ཉེས་ཆད་ཀྱི་བྱེད་ནུས་ལ་སྔོན་འགོག་བྱེད་ནུས་བྱེ་བྲག་པ་དང་སྤྱིར་བཏང་གི་སྔོན་འགོག་བྱེད་ནུས་རིགས་གཉིས་ཡོད། སྔ་མ་དེ་བཙན་འཕྲོག་གམ་ཡང་ན་བསྐྱར་དུ་བྱས་ཉེས་གསོག་པར་ཚོད་འཛིན་བྱེད་པའི་ནུས་པ་དང་། བྱེ་བྲག་གི་དབྱེ་འབྱེད། བློ་འགུག བྱེ་བྲག་གི་འཇིགས་སྐུལ། བསྒྱུར་བཀོད་སོགས་རིགས་ལྔ་ཡོད། ཕྱི་མ་དེ་ཡང་ཉེས་ཆད་ཀྱིས་མངོན་མེད་ཉེས་ཅན་ལ་བཟོས་པའི་ནུས་པ་དང་ཉེས་ཆད་ཀྱིས་གནོད་འཚེ་ཕོག་མཁན་ལ་ཐེབས་པའི་ནུས་པ། ཉེས་ཆད་ཀྱིས་ཁྲིམས་འགལ་མི་གཞན་དག་ལ་བཟོས་པའི་ནུས་པ་བཅས་རིགས་གསུམ་ལ་དབྱེ་ཡོད། དེ་ནི་ཀྲུང་གོའི་ན་གཞོན་མཁས་པ་ཆིའུ་ཞིན་ལུང་གི་འདོད་ཚུལ་ཡིན། 

2_2 སུམ་བགོད་ཐབས། 

ཉེས་ཆད་ཀྱི་བྱེད་ནུས་ལ་ཉེས་ཅན་གྱི་བྱེད་ནུས་དང་སྤྱི་ཚོགས་ཀྱི་བྱེད་ནུས། གནོད་འཚེ་ཕོག་མཁན་གྱི་བྱེད་ནུས་བཅས་རིགས་གསུམ་དུ་དབྱེ་ཡོད། རིགས་དབྱེ་འདིས་སྨྱུག་འཛིན་པས་ཤེས་པ་ལྟར་ན། ཆེས་ཐོག་མར་དགེ་རྒན་ཆེན་མོ་མུའུ་ཡེ་དབྱིན་གྱིས་བཏོན་པ་ལྟར་ན། ཁོས《འཇར་པན་གྱི་ཉེས་ཁྲིམས》ཞེས་པའི་དེབ་ནང་དུ་ཉེས་ཆད་གཅོད་པའི་དམིགས་ཡུལ་རྒྱས་བཤད་བྱས་ཡོད། 

2_3 བཞི་བགོད་ཐབས། 

ཉེས་ཆད་ཀྱི་བྱེད་ནུས་ལ་རིགས་བཞི་ཡོད་དེ། 1.འཁོན་ལན་སློག་པའི་བསམ་པ་ཞི་བར་བྱེད་པའི་ནུས་པ། 2.བདེ་སྲུང་གི་ནུས་པ། 3.ཉེས་བཤགས་བྱེད་པའི་ནུས་པ། 4.སྔོན་འགོག་གི་ནུས་པ། དེ་ནི་འཇའ་པན་གྱི་ཉེས་ཁྲིམས་མཁས་དབང་དགེ་རྒན་ཆེ་མོ་བ་ཞི་དེ་སྔའི་ཁྲུན་ཕུའུ་ཡིས་འདོད་ཚུལ་བཏོན་པ་ཞིག་རེད། 

2_4 བརྒྱད་བགོད་ཐབས། 

ཉེས་ཆད་ཀྱི་བྱེད་ནུས་ལ་རིགས་བརྒྱད་ཡོད་དེ། 1.བྱེད་ནུས་འཕྲོག་པ། 2.བྱེད་ནུས་སྒྱུར་བཀོད། 3.ནུས་པ་སྐུལ་འདེད། 4.འཇིགས་ཟིལ་གྱི་བྱེད་ནུས། 5.དབྱེ་འབྱེད་བྱེད་ནུས། 6.ཁ་གསབ་བྱེད་ནུས།7.སེམས་གསོ་བྱེད་ནུས། 8.སྐུལ་མའི་བྱེད་ནུས། དེ་ནི་ཀྲུང་གོའི་ཉེས་ཁྲིམས་མཁས་དབང་དགེ་རྒན་ཆེན་མོ་ཧྥན་ཧྥེང་ལིན་གྱིས་གཙོ་སྒྲིག་བྱས་པའི《ཉེས་ཁྲིམས་ཀྱི་རྣམ་བཤད》ཅེས་པའི་དཔེ་དེབ་དེའི་འདོད་ཚུལ་ཡིན། 

3 བྱེད་ནུས།
3_1 ཉེས་ཆད་ཀྱི་བྱེད་ནུས།

ཉེས་ཆད་ཀྱི་བྱེད་ནུས་ནི་ཉེས་ཅན་པར་སྤྱད་པའི་བཙན་ཤེད་ཀྱི་བྱ་ཐབས་ཤིག་ཡིན་ཞིང་། དེས་དང་ཐོག་ཉེས་ཅན་པར་ནུས་པ་ཐོན་གྱིན་ཡོད། ཉེས་ཆད་གཅོད་པའི་ནུས་པ་ཞེས་པ་ནི་གཙོ་བོ་གཤམ་གསལ་གྱི་བྱ་སྤྱོད་རིགས་གཉིས་ཡོད། 1.ཉེས་ཆད་གཅོད་པའི་ནུས་པ། ཉེས་ཆད་ནི་ཉེས་ཅན་པར་ཉེས་ཆད་གཅོད་པའི་བྱ་ཐབས་ཤིག་ཡིན་ཞིང་། དེའི་ནང་ཉེས་ཅན་གྱི་ཁེ་དབང་ངེས་ཅན་ཞིག་བཙན་འཕྲོག་བྱ་རྒྱུ་ནང་དོན་དུ་བྱེད་པ་དང་ཆབས་ཅིག་རྒྱལ་ཁབ་ཀྱིས་ཉེས་ཅན་པར་ཁས་མི་ལེན་པའི་གདེང་འཇོག་བྱས་པའང་ཚུད་ཡོད། དེར་བརྟེན་ཉེས་ཆད་ཕོག་པ་དེས་ཉེས་ཅན་ལ་སྡུག་བསྔལ་ཆེན་པོ་མྱོང་དུ་འཇུག་ངེས་རེད། འཇའ་པན་གྱི་མཁས་དབང་ཅི་ཁྲོན་ཅིང་ཕུའུ་ཡིས“ཉེས་པ་སྙན་སེང་ཞུ་བའི་ཉེས་ཆད་ཅིག་ཡིན་པའི་ངོས་ནས་ཉེས་ཆད་ཕོག་མཁན་ལ་དེའི་རྒྱུ་ནོར་འཕྲོག་པ་དང་། ཡང་ན་དེའི་གཟུགས་པོའི་རང་དབང་འཕྲོག་པ། སྐབས་འགར་དེའི་ཚེ་སྲོག་འཕྲོག་པ་དེ་ནང་དོན་དུ་བརྩི་ཡི་ཡོད། དེ་ནི་ཁྲིམས་ཆད་གཏོང་ཡུལ་ལ་མཚོན་ན་མངོན་གསལ་དོད་པའི་སྡུག་བསྔལ་ཞིག་རེད། ཉེས་ཆད་ནི་གནོད་འཚེ་ཞིག་ཡིན་པས་ངེས་པར་དུ་སྡུག་བསྔལ་གྱི་དོན་དངོས་དེ་ཁས་ལེན་བྱེད་དགོས་ཀྱི་ཡོད”ཅེས་བཤད་པ་རེད། དོན་དངོས་ནི་དེ་འདྲ་ཡིན་པ་ལས་དེ་ལས་ལྡོག་པ་གཏན་ནས་ཡོང་མི་སྲིད། གང་ལགས་ཤེ་ན། གལ་ཏེ་ཉེས་ཆད་ཕོག་ཚེ་ཉེས་ཅན་ལ་སྡུག་བསྔལ་གྱི་ཚོར་བ་མེད་པར་འཚོ་བའི་ཐད་སྤྱི་ཚོགས་ཐོག་གི་མི་དཀྱུས་མའི་འཚོ་བ་ལས་དྲག་པ་ཡོད་ཅིང་། སེམས་ཁམས་ཐད་བཙོན་ཁང་ལས་སྤྱི་ཚོགས་ཐོག་ཡག་པ་ཡོད་སྙམ་ཚེ། ཉེས་ཆད་ཀྱི་དོན་སྙིང་ཤོར་ནས་ཉེས་ཆད་གཅོད་པའི་ནུས་པ་ཤོར་ཚེ། ཉེས་གསོག་ཚོད་འཛིན་བྱ་རྒྱུར་ཕན་པ་མེད་པ་མ་ཟད། ཉེས་གསོག་ལ་སྐུལ་མ་གཏོང་རྒྱུར་ཡང་ཕན་པ་མེད། ཉེས་ཆད་གང་ཞིག་གིས་ཀྱང་ཉེས་ཅན་པར་ཁྲིམས་གཅོད་ནན་པོ་དང་རྒྱལ་ཁབ་ཀྱིས་ཁས་མི་ལེན་པའི་གདེང་འཇོག་བྱས་ནས་སྡུག་བསྔལ་བཟོ་སྲིད།  ཁྲིམས་ཆད་འཁུར་མཁན་རང་ངོ་མས་བྱས་ཉེས་བསགས་པ་ལས་བྱུང་བའི་ངན་འབྲས་དེ་རིགས་འཁུར་དགོས་ན། སླད་ཕྱིན་དེ་དང་འདྲ་བའི་སྡུག་བསྔལ་ཡང་བསྐྱར་མི་ཡོང་བ་བྱ་རྒྱུའི་བསམ་གཞིགས་བྱེད་སྲིད་པས། བསྐྱར་དུ་བྱས་ཉེས་གསོག་པར་ཚོད་འཛིན་བྱེད་པའི་བསམ་ཚུལ་ཡོང་གི་རེད། ཡིན་ནའང་ཉེས་ཆད་ཀྱི་བྱེད་ནུས་དེ་རིགས་ནི་མི་ལ་གཞིགས་ནས་མི་འདྲ་བ་ཡིན་ཏེ། ཉེས་ཅན་མང་ཆེ་བ་དང་ལྷག་པར་དུ་ཉེས་ཅན་མང་ཆེ་བ་དང་ལྷག་པར་དུ་ཉེས་ཅན་ཐེངས་དང་པོ་དང་གློ་བུར་དུ་ཉེས་ཅན་པར་ཉེས་ཆད་གཅོད་པའི་ནུས་པར་ཕན་འབྲས་མངོན་གསལ་ཐོན་སྲིད་མོད། འོན་ཀྱང་ཉེས་གསོག་གི་གོམས་གཤིས་ངན་པ་འགའ་ཤས་ལ་སྔོན་དཔག་གི་ཉེས་ཆད་གཅོད་པའི་ནུས་པ་ཐོན་དཀའ་བས། འོན་ཀྱང་དེའི་རྐྱེན་གྱིས་ཉེས་ཆད་གཅོད་པའི་ནུས་པ་མེད་པར་བཟོ་མི་རུང་། ཞོར་དུ་བསྟན་དོན་བློ་མཐུན་ལ་ལས་ཉེས་ཅན་གྱི་ཆོས་ངེས་ཅན་ཞིག་བཙན་འཕྲོག་བྱེད་པར་བཙན་འཕྲོག་གི་བྱེད་ནུས་ཞེས་ཟེར་ཞིང་། རྒྱལ་ཁབ་ཀྱིས་ཉེས་ཅན་ལ་ཁས་མི་ལེན་པ་དེར་ཆད་པ་གཅོད་པའི་བྱེད་ནུས་ཞེས་ཟེར་བ་དང་། དེ་གཉིས་མཉམ་གཤིབ་ཏུ་གནས་པ་དེར་ང་ཚོས་ཞིབ་འཇུག་བྱེད་རིན་ཡོད་པ་ཞིག་རེད། གང་ལགས་ཤེ་ན། ཁེ་དབང་ངེས་ཅན་ཞིག་བཙན་འཕྲོག་བྱེད་པ་ནི་ཉེས་ཆད་གཅོད་པའི་རྩ་བའི་ནང་དོན་ཞིག་ཡིན་པ་དང་རྒྱལ་ཁབ་ཀྱིས་ཁས་མི་ལེན་པ་དང་གདེང་འཇོག་བྱེད་པ་ནི་ཁེ་དབང་ངེས་ཅན་ཞིག་བཙན་འཕྲོག་བྱས་པར་བརྟེན་ནས་མངོན་འགྱུར་བྱེད་པ་ཞིག་ཡིན་པས། ཁེ་དབང་ངེས་ཅན་ཞིག་གི་བཙན་འཕྲོག་དང་ཁ་བྲལ་ཚེ། ཆད་པ་གཅོད་པའི་རྩ་བའི་ནང་དོན་ཤོར་སྲིད་པ་དང་རྒྱལ་ཁབ་ཀྱིས་ཁས་མི་ལེན་པ་དང་དེར་གདེང་འཇོག་བྱེད་པ་ཡང་མངོན་འགྱུར་བྱེད་དཀའ་བ་རེད། དེ་བས་ང་ཚོས་བལྟས་ན་བཙན་འཕྲོག་གི་ནུས་པ་དེ་ཆད་པ་གཅོད་པའི་བྱེད་ནུས་ཀྱི་ཕྱི་རུ་འཇོག་མི་འོས། དེ་ནི་ང་ཚོས་དེ་གཉིས་མཉམ་དུ་ཆད་གཅོད་ཀྱི་ནུས་པའི་ཁྲོད་དུ་དྲངས་པའི་རྒྱུ་མཚན་ཡིན། 

3_2 གནོད་འཚེ་འཕོག་མཁན་གྱི་བྱེད་ནུས། 

གནོད་འཚེ་འཕོག་མཁན་གྱི་ཁོངས་སུ་ཉེས་གསོག་བྱ་སྤྱོད་ལས་ཐད་ཀར་གནོད་འཚེ་ཕོག་མཁན་དང་ཐད་ཀར་གནོད་འཚེ་ཕོག་མཁན་གྱི་ཁྱིམ་མི་ཚུད་ཡོད། ཉེས་གསོག་བྱ་སྤྱོད་ཀྱིས་གནོད་འཚེ་ཕོག་རྐྱེན་གནོད་འཚེ་ཕོག་མཁན་གྱིས་ཉེས་གསོག་ཉེས་ཅན་ལ་འཁོན་ལན་སློག་པའི་བསམ་པ་མེད་པ་དང་། འོན་ཀྱང་དེང་རབས་སྤྱི་ཚོགས་ཀྱིས་མི་སྒེར་ལ་འཁོན་ལན་སློག་མི་ཆོག དེ་ལྟར་བྱས་ཚེ་ཁྲིམས་ཁང་གིས་ཉེས་ཅན་པར་ཉེས་ཆད་གཅོད་རྒྱུ་དང་དངོས་སུ་ལག་བསྟར་བྱེད་སྐབས་གནོད་འཚེ་ཕོག་མཁན་གྱི་སེམས་ཁམས་ལ་ཡིད་ཚིམས་སྲིད། དཔེར་ན། ཀྲང་ཡིས་ལོ11རིང་བསྟུད་མར་མི23བསད་པ་ལྟ་བུ་རེད། ཁྲིམས་ཁང་གིས་ཀྲང་ལ་འདྲི་གཅོད་བྱེད་སྐབས། གསོད་མཁན་གྱི་ཁྱིམ་མི་ཁྲིམས་ཁང་གི་ཕྱི་རོལ་དུ་འཛོམས་ནས་དཔྱད་མཚམས་ཀྱི་མཇུག་འབྲས་ལ་སྒུག་ནས་བསྡད། ཀྲང་གིས་སྲོག་ཁྲིམས་བཅད་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་རྗེས། ཁོ་ཚོས་ཤོག་སྦག་སྤར་ནས་རྟེན་འབྲེལ་ཞུས་ཤིང་། ཁོ་ཚོའི་སེམས་ཀྱི་ཡིད་ཚིམས་པོ་དང་དགའ་སྤྲོ་མཚོན་པར་བྱས་ཏེ། ཉེས་ཆད་ཀྱི་བྱེད་ནུས་འདི་འདྲར་ཀྲུང་གོའི་མཁས་པ་རྣམས་ཀྱིས་སེམས་གསོ་ནུས་པ་ཞེས་འབོད་པ་དང་འཇར་པན་གྱི་མཁས་པ་རྣམས་ཀྱིས་འཁོན་ལན་སློག་པའི་བརྩེ་སེམས་ཞི་འཇགས་སུ་བཏང་ཡོད། “ཉེས་ཆད་ལ་འདི་ལྟ་བུའི་ནུས་པ་ལྡན་པར་འདོད། གལ་ཏེ་སྤྱི་ཚོགས་འཚོ་བའི་དོན་དངོས་ལ་མཐོང་ཆེན་བྱས་ན་གོ་བ་ལེན་སླ་བ་ཡིན། གཞན་ཡང་དེང་རབས་རྒྱལ་ཁབ་ཀྱིས་ཉེས་ཆད་ཀྱི་དབང་ཆ་སྒེར་བཟུང་བྱས་ཏེ། མི་སྒེར་གྱིས་འཁོན་ལན་སློག་པ་བཀག་འགོག་བྱས་པ་མ་ཟད་མིས་འཁོན་ལན་སློག་པའི་བསམ་པ་རྩ་མེད་དུ་བཏང་མེད་པས། ཉེས་ཆད་ཀྱིས་ནུས་པ་དེ་རིགས་མི་གཉེར་སྐྱོང་མི་བྱེད་ཐབས་མེད་ཡིན་པར་འགྲེལ་བཤད་བྱས་ཡོད”ཅེས་དགེ་རྒན་ཆེ་མོ་བ་ཞི་ཡོན་ཁྲུན་ཧྥུའི་གོང་སྨྲས་ཀྱི་ལྟ་བ་དེ་ནི་ལག་ལེན་དུ་བསྟར་འོས་པ་ཞིག་རེད། སྤྱི་ཚོགས་འཚོ་བའི་དོན་དངོས་ཀྱི་གནས་ཚུལ་ནས་བལྟས་ན། ཉེས་ཆད་ཀྱིས་གནོད་འཚེ་ཕོག་མཁན་ལ་སེམས་གསོ་བྱེད་པའི་ནུས་པ་དང་ཡང་ན་འཁོན་ལན་སློག་པའི་བརྩེ་དུང་ཞི་འཇགས་སུ་བཏང་བའི་ནུས་པ་ཡོད་པ་གཏན་འཁེལ་བྱ་དགོས། 

3_3 ངལ་རྩོལ་བསྒྱུར་བཀོད་བྱེད་ནུས།

ཉེས་ཅན་མང་ཆེ་བ་ནི་སྐྱིད་འདོད་ལས་གཡོལ་བ་དང་ལོངས་སྤྱོད་ལ་རྔམ་པ། ལོག་གཡེམ་བྱེད་པ་བཅས་ནས་ཉེས་གསོག་གི་ཕྱོགས་སུ་བསྐྱོད་ཀྱིན་ཡོད་ལ། ངལ་རྩོལ་བྱས་པ་བརྒྱུད་ཉེས་ཅན་ལ་ངལ་རྩོལ་བྱེད་པའི་གོམས་གཤིས་འཇགས་སུ་བཅུག་ནས་སྐྱིད་འདོད་ལས་གཡོལ་གྱི་གོམས་གཤིས་ངན་པ་ཡོ་བསྲང་བྱས་ཏེ་རྒྱུན་ལྡན་གྱི་མིའི་རང་གཤིས་སླར་གསོ་བྱེད་དགོས། དེ་བས་ཀྲུང་གོ་རྒྱལ་ཁབ་བཙུགས་པའི་དུས་འགོར། སྤྱི་ལོ1954ལོར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་བསྒྱུར་བཀོད་སྲོལ་ཡིག》ཁྱབ་བསྒྲགས་བྱས་ནས་ལག་བསྟར་བྱས་པ་དང་། རྒྱལ་ཁབ་ཀྱིས་ཉེས་ཅན་ལ་ངལ་རྩོལ་བསྒྱུར་བཀོད་བྱེད་དགོས་པའི་ཐག་བཅད། འདིར་གསལ་བཤད་བྱེད་དགོས་པ་ཞིག་ནི་འདི་གའི་ངལ་རྩོལ་དང་སྤྱི་ཚོགས་ཐོག་གི་ངལ་རྩོལ་གྱི་ངོ་བོ་མི་འདྲ་སྟེ། དེ་ནི་བཙན་ཤེད་ཅིག་ཡིན་ཞིང་ཉེས་ཆད་གཅོད་པའི་ངོ་བོ་ལྡན་ཡོད་ལ། དེའི་དམིགས་ཡུལ་ནི་ངལ་རྩོལ་བསྒྱུར་བཀོད་བྱས་པ་བརྒྱུད་ཉེས་ཅན་གསར་པ་ཞིག་ཏུ་འགྱུར་བ་བྱ་རྒྱུ་དེ་རེད། ཀྲུང་གོའི་ཉེས་ཁྲིམས་ནང་དུས་བཙོན་དང་ཚེ་བཙོན་གྱི་འབྲེལ་ཡོད་གཏན་འབེབས་ལྟར་ན། “ངལ་རྩོལ་བྱེད་ནུས་ཡོད་ཕྱིན་ངལ་རྩོལ་བསྒྱུར་བཀོད་བྱེད་དགོས” སྲོག་ཁྲིམས་ལག་བསྟར་བྱེད་ཡུན་ལོ་གཉིས་ཕྱིར་འགྱངས་བྱ་རྒྱུའི་སྐོར་ལའང“ངལ་རྩོལ་བསྒྱུར་བཀོད་བྱས་ནས་རྗེས་ཀྱི་ཕན་འབྲས་ལ་བལྟ་དགོས”ཞེས་གཏན་འབེབས་བྱས་ཡོད། 《བཙོན་ཁང་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན69པའི་ནང་གཏན་འབེབས་བྱས་དོན།“ངལ་རྩོལ་བྱེད་ནུས་ཡོད་པའི་ཉེས་ཅན་རྣམས་ངེས་པར་དུ་ངལ་རྩོལ་དུ་ཞུགས་དགོས” དེའི་ཐོག་ནས་ཀྲུང་གོས་ངལ་རྩོལ་བསྒྱུར་བཀོད་ལ་མཐོང་ཆེན་བྱེད་ཀྱིན་ཡོད་པ་མཐོང་ཐུབ་ཅིང་། ངལ་རྩོལ་ལ་བརྟེན་ནས་ཉེས་ཅན་བསྒྱུར་བཀོད་ནུས་ལྡན་བྱེད་ཆེད་ངེས་པར་དུ་ངལ་རྩོལ་དང་བསྒྱུར་བཀོད་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་པར་བྱ་དགོས། ངལ་རྩོལ་ནི་བྱེད་ཐབས་ཤིག་ཡིན་པ་དང་བསྒྱུར་བཀོད་བྱ་རྒྱུ་ནི་དམིགས་ཡུལ་ཞིག་ཡིན་ལ། ངལ་རྩོལ་ནི་བསྒྱུར་བཀོད་ལ་ཞབས་འདེགས་ཞུ་བྱེད་ཅིག་ཡིན་པ་བཅས་ངལ་རྩོལ་ཁོ་ན་བྱེད་པ་དང་། བསྒྱུར་བཀོད་ལ་སྣང་ཆུང་བྱེད་པ་དང་ཐ་ན་བསྒྱུར་བཀོད་བྱ་རྒྱུར་ཡང་སྣང་ཆུང་བྱེད་མི་རུང་བ་གསལ་པོར་ཤེས་དགོས། དེ་ལྟར་བྱས་ན་ཁྲིམས་ཆད་ཀྱི་ངལ་རྩོལ་བསྒྱུར་བཀོད་བྱེད་ནུས་ཤོར་ངེས་ཡིན། 《བཙོན་ཁང་སྐོར་གྱི་བཅའ་ཁྲིམས》ཀྱི་གཏན་འབེབས་ལྟར་ན། ཉེས་ཅན་གྱི་ངལ་རྩོལ་བཀོད་སྒྲིག་དང་བསྒྱུར་བཀོད་བྱེད་སྐབས་གཤམ་གསལ་གྱི་དོན་ཚན་ཁ་ཤས་ལ་དོ་སྣང་བྱ་དགོས་པ་སྟེ།(གཅིག)ཉེས་ཅན་མི་སྒེར་གྱི་གནས་ཚུལ་ལ་གཞིགས་ནས་ལུགས་མཐུན་གྱིས་ངལ་རྩོལ་སྒྲིག་འཛུགས་བྱ་དགོས། ཉེས་ཅན་གྱི་ངལ་རྩོལ་ནི་དེའི་ལུས་པོའི་གནས་ཚུལ་དང་ལག་རྩལ་གྱི་ནུས་པ་དང་འཚམ་པར་བྱ་དགོས། (གཉིས)ངལ་རྩོལ་བྱེད་སྐབས་ཉེས་ཅན་གྱི་གོམས་གཤིས་ངན་པ་ཡོ་བསྲང་བྱེད་རྒྱུར་དོ་སྣང་བྱས་ནས་རིམ་བཞིན་ངལ་རྩོལ་བྱེད་པའི་གོམས་གཤིས་ཆགས་པ་བྱེད་རྒྱུ་དེ་ནི་ངལ་རྩོལ་ལ་བརྟེན་ནས་ཉེས་ཅན་བསྒྱུར་བཀོད་བྱེད་རྒྱུ་དེ་མི་གསར་པ་ཞིག་ཏུ་འགྱུར་རྒྱུའི་འགག་རྩ་ཡིན་པས་དོ་སྣང་ཧ་ཅང་ཆེན་པོ་བྱེད་དགོས། (གསུམ)ངལ་རྩོལ་གྱི་ཁྲོད་དུ་ཁོ་ཚོར་ཐོན་སྐྱེད་ཀྱི་ནུས་རྩལ་ཤེས་སུ་འཇུག་པ་དང་། འཚོ་ཐབས་ཀྱི་ནུས་རྩལ་ངེས་ཅན་ཞིག་ཁོང་དུ་ཆུད་པར་བྱས་ཏེ། ཕྱིར་བཏང་རྗེས་ལས་ཀར་ཞུགས་པར་ཆ་རྐྱེན་བསྐྲུན་ནས་སྤྱི་ཚོགས་སུ་ཕྱིར་ལོག་པ་དང་། སྤྱི་ཚོགས་ཐོག་སྤྱོད་གོ་ཆོད་པའི་ཁོངས་མི་ཞིག་ཏུ་འགྱུར་བར་བྱེད་དུ་འཇུག་དགོས། 

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ངལ་རྩོལ། ཐོན་སྐྱེད། ཁོངས་མི།