ཧོང་ཆང་།སྔ་མའི་པར་གཞི་དེ འབྲོང་༡༠༠  ནས 2021-04-14 09:45ལ་འགྲུབ།

ཧོང་ཆང་།

ཧོང་ཆང་།
ཁོང་ནི་སྤྱི་ལོ1963ལོའི་ཟླ4པར་སྐྱེས། ཀྲེ་ཅང་ཞིང་ཆེན་ཏུང་དབྱང་ནས་ཡིན། སྤྱི་ལོ1985ལོའི་ཟླ6པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྤྱི་ལོ1983ལོའི་ཟླ7པར་ལས་ཀར་ཞུགས། ནུབ་བྱང་བཟོ་ལས་སློབ་གྲྭ་ཆེན་མོའི་དོ་དམ་ཚན་རིག་དང་བཟོ་བཀོད་ཆེད་ལས་ནས་སློབ་མཐར་ཕྱིན། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་དང་། བཟོ་རིག་པའི་འབུམ་རམས་པའི་བསླབ་གནས་ལྡན། ཞིབ་འཇུག་པ་རིམ་པའི་མཐོ་རིམ་བཟོ་བཀོད་པ་ཡིན། ད་ལྟ་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཞིང་ཆེན་སྲིད་གཞུང་གི་ཧྲེང་ཀྲང་དང་ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
黄强
རྒྱལ་ཁོངས།
ཀྲུང་གོ།
མི་རིགས།
རྒྱ་རིགས།
ཕ་ཡུལ།
ཀྲེ་ཅང་ཏུང་དབྱང་།
སྐྱེས་ལོ།
སྤྱི་ལོ1963ལོའི་ཟླ4པ།
མཐར་ཕྱིན་སློབ་གྲྭ།
ནུབ་བྱང་བཟོ་ལས་སློབ་གྲྭ་ཆེན་མོ།
1 བྱ་བའི་བརྒྱུད་རིམ།

སྤྱི་ལོ1970ལོའི་ཟླ9པ་ནས་སྤྱི་ལོ1983ལོའི་ཟླ7པའི་བར་ནུབ་བྱང་བཟོ་ལས་སློབ་ཆེན་གྱི་མཁའ་འགྲུལ་རང་འགུལ་ཚོད་འཛིན་ཚན་ཁག་གི་མཁའ་འགྲུལ་གློག་ཤུགས་ལས་གྲྭའི་ཆེད་ལས་སུ་སློབ་སྦྱོང་གནང་།

སྤྱི་ལོ1988ལོའི་ཟླ7པ་ནས་སྤྱི་ལོ1988ལོའི་ཟླ9པའི་བར། མཁའ་འགྲུལ་བཟོ་ལས་པུའུ་ཡི་སོའོ་བཅུ་བཞི་པའི་ཇུས་འགོད་པ་བྱས།

སྤྱི་ལོ1987ལོའི་ཟླ9པ་ནས་སྤྱི་ལོ1990ལོའི་ཟླ3པའི་བར། ནུབ་བྱང་བཟོ་ལས་སློབ་ཆེན་གྱི་མཁའ་འགྲུལ་རང་འགུལ་ཚོད་འཛིན་ཚན་ཁག་མཁའ་འགྲུལ་གློག་རླངས་ལས་གྲྭའི་ཆེད་ལས་སུ་སློབ་སྦྱོང་གནང་། བཟོ་རིག་རབ་འབྱམས་པའི་བསླབ་གནས་ཐོབ།

སྤྱི་ལོ1990ལོའི་ཟླ3པ་ནས་སྤྱི་ལོ1990ལོའི་ཟླ12པའི་བར། མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་པུའུ་ཞི་ཨན་གནམ་གྲུ་བཟོ་ལས་ཀུང་སི་བཟོ་སྐྲུན་འཕེལ་རྒྱས་པུའུ་ཡི་དམིགས་འཛུགས་མ་ལག་ཇུས་འགོད་ཁང་གི་བཟོ་བཀོད་པ་དང་། ཚོ་ཆུང་གི་འགོ་འཛིན་གཞོན་པ། ཀྲུའུ་རེན་གཞོན་པ་བཅས་ཀྱི་འགན་བཞེས།  

སྤྱི་ལོ1992ལོའི་ཟླ12པ་ནས་སྤྱི་ལོ1994ལོའི་ཟླ10པའི་བར། མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་པུའུ་དང་མཁའ་འགྲུལ་བཟོ་ལས་སྤྱི་ཁྱབ་ཀུང་སིའི་དམིགས་བསལ་དམིགས་འཛུགས་མ་ལག་ཇུས་འགོད་ཁང་གི་ཀྲུའུ་རེན་གྱི་འགན་བཞེས། (དེའི་རིང་སྤྱི་ལོ1994ལོའི་ཟླ3པ་ནས་སྤྱི་ལོ1994ལོའི་ཟླ8པའི་བར་ཀྲུང་གོའི་མཁའ་འགྲུལ་ལག་རྩལ་ཕྱིར་གཏོང་ནང་འདྲེན་ཧྲེན་ཀྲེན་ཀུང་སི་གནས་སྦྱར་སྦྱོང་བརྡར་བྱས)

སྤྱི་ལོ1994ལོའི་ཟླ10པ་ནས་སྤྱི་ལོ2000ལོའི་ཟླ4པའི་བར། ཀྲུང་གོ་མཁའ་འགྲུལ་བཟོ་ལས་སྤྱི་ཁྱབ་ཀུང་སིའི་སོའོ་ཨང603པའི་སོའོ་ཀྲང་ལས་རོགས་དང་སུའོ་ཀྲང་གཞོན་པ་དང་ཚན་རྩལ་ཁེ་ལས་སྤྱི་ཁྱབ་ཀུང་སིའི་སྤྱི་ཁྱབ་འགན་འཛིན་པའི་འགན་གཅིག་ལྕོགས་བཞེས།

སྤྱི་ལོ2000ལོའི་ཟླ4པ་ནས་སྤྱི་ལོ2003ལོའི་ཟླ4པའི་བར་ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚོགས་པའི་ཀུང་སི་དང་པོའི་སུའོ་ཀྲང་གི་འགན་བཞེས།

སྤྱི་ལོ2003ལོའི་ཟླ4པ་ནས་སྤྱི་ལོ2003ལོའི་ཟླ6པའི་བར། ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚོགས་པ་ཀུང་སི་དང་པོའི་གནམ་གྲུ་འཆར་འགོད་ཞིབ་འཇུག་ཁང་དང་པོའི་གྲ་སྒྲིག་ཚོགས་ཆུང་གི་ཙུའུ་ཀྲང་གི་འགན་ཁུར།

སྤྱི་ལོ2003ལོའི་ཟླ6པ་ནས་སྤྱི་ལོ2005ལོའི་ཟླ6པའི་བར། ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚོགས་པ་དང་པོའི་གནམ་གྲུ་འཆར་འགོད་ཞིབ་འཇུག་ཁང་དང་པོའི་ཡོན་ཀྲང་དང་། ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲང་ཧའེ་གནམ་གྲུ་ཇུས་འགོད་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གི་འགན་གཅིག་ལྕོགས་བཞེས།

སྤྱི་ལོ2005ལོའི་ཟླ6པ་ནས་སྤྱི་ལོ2006ལོའི་ཟླ1པའི་བར། ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚོགས་པ་ཀུང་སི་དང་པོའི་གནམ་གྲུ་འཆར་འགོད་ཞིབ་འཇུག་ཁང་དང་པོའི་ཡོན་ཀྲང་དང་ཏང་ཨུའི་ཧྲུའུ་ཅི་དང་ཧྲང་ཧའེ་གནམ་གྲུ་འཆར་འགོད་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་དང་ཏང་ཨུའི་ཧྲུའུ་ཅིའི་འགན་གཅིག་ལྕོགས་གནང་།

སྤྱི་ལོ2006ལོའི་ཟླ1པོ་ནས་སྤྱི་ལོ2008ལོའི་ཟླ6པའི་བར། རྒྱལ་སྲུང་ཚན་རིག་ལས་དོན་ཨུ་ལྷན་གྱི་དྲུང་ཆེ་ཡི་འགན་བཞེས།

སྤྱི་ལོ2000ལོའི་ཟླ6པ་ནས་སྤྱི་ལོ2014ལོའི་ཟླ1པོའི་བར་རྒྱལ་ཁབ་རྒྱལ་སྲུང་ཚན་རྩལ་བཟོ་ལས་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མིའི་འགན་ཁུར།

སྤྱི་ལོ2014ལོའི་ཟླ1པོ་ནས་སྤྱི་ལོ2017ལོའི་ཟླ3པའི་བར། ཀན་སུའུ་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་དང་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའི་ཁོངས་མིའི་འགན་བཞེས།

སྤྱི་ལོ2017ལོའི་ཟླ3པ་ནས་སྤྱི་ལོ2014ལོའི་ཟླ5པའི་བར་ཀན་སུའུ་ཞིང་ཆེན་ཨུ་ལྷན་གྱི་རྒྱུན་ཨུ་དང་། རྒྱུན་ལས་ཧྲེང་ཀྲང་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་བཞེས།  

སྤྱི་ལོ2018ལོའི་ཟླ5པ་ནས་སྤྱི་ལོ2018ལོའི་ཟླ6པའི་བར། ཧོ་ནན་ཞིང་ཆེན་ཨུ་ལྷན་གྱི་རྒྱུན་ཨུའི་འགན་བཞེས།  

སྤྱི་ལོ2018ལོའི་ཟླ6པ་ནས་སྤྱི་ལོ2020ལོའི་ཟླ11པའི་བར་ཧོ་ནན་ཞིང་ཆེན་ཨུ་ལྷན་གྱི་རྒྱུན་ཨུ་དང་། རྒྱུན་ལས་ཧྲེང་ཀྲང་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་བཞེས།  

སྤྱི་ལོ2020ལོའི་ཟླ11པ་ནས་སྤྱི་ལོ2020ལོའི་ཟླ12པའི་བར་སི་ཁྲོན་ཞིང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2020ལོའི་ཟླ12པ་ནས་སྤྱི་ལོ2021ལོའི་ཟླ2པའི་བར་སི་ཁྲོན་ཞིང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ། ཏང་ཙུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།  

སྤྱི་ལོ2021ལོའི་ཟླ2པ་ནས་སི་ཁྲོན་ཞིང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཞིང་ཆེན་སྲིད་གཞུང་གི་ཧྲེང་ཀྲང་དང་ཏང་ཙུའུ་ཧྲུའུ་ཅིའི་འགན་བཞེས།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི་དང་སི་ཁྲོན་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི་ཡིན།

2 ལས་གནས་བསྐོ་འཐེན།

སྤྱི་ལོ2020ལོའི་ཟླ11པར་ཀྲུང་གུང་ཀྲུང་དབྱང་གིས་ཆོག་མཆན་གནང་ནས། བློ་མཐུན་ཧོང་ཆང་ཀྲུང་གུང་སི་ཁྲོན་ཞིང་ཨུའི་ཨུ་ཡོན་དང་། རྒྱུན་ཨུ། ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ2020ལོའི་ཟླ12པའི་ཚེས2ཉིན་སི་ཁྲོན་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བཞི་པའི་ཐོག་ཧོང་ཆང་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པར་བསྐོ་གཞག་བྱ་རྒྱུའི་གཏན་འབེབས་བྱས་ནས་ཧོང་ཆང་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་གི་ལས་ཚབ་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

སྤྱི་ལོ2021ལོའི་ཟླ2པའི་ཚེས2ཉིན་སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་བཞི་པའི་ཐོག་ཧོང་ཆང་སི་ཁྲོན་ཞིང་ཆེན་གྱི་ཧྲེང་ཀྲང་ལ་བདམས། 

3 གཟི་བརྗིད་མཚན་སྙན།

ཞིབ་འཇུག་བྱ་ཡུལ་གཙོ་བོ“འཕུར་གཟིག”རྟགས་ཅན་གྱི་གནམ་གྲུའི་གཞི་གྲངས་ཆ་འཕྲིན་བརྒྱུད་གཏོང་མ་ལག་གིས་ཕྱོགས་སྟོན་དང་མེ་ཤུགས་ཚོད་འཛིན་མ་ལག་གི་ལག་རྩལ་དཀའ་གནད་བསལ་ནས་རྒྱལ་ནང་གི་སྟོང་ཆ་བསྐངས་ཡོད།

སྤྱི་ལོ1991ལོར་སྔོན་གྱི་མཁའ་སྐྱོད་དང་འཇིག་རྟེན་འཕུར་སྐྱོད་པུའུ་དང་ནུབ་བྱང་བཟོ་ལས་སློབ་ཆེན་གྱིས“གྲུབ་འབྲས་འབུར་དུ་ཐོན་པའི་ཀྲུང་གོའི་རབ་འབྱམས་པའི་སློབ་གནས་ཐོབ་མཁན”ཞེས་པའི་མཚན་སྙན་གནང་།

སྤྱི་ལོ1992ལོར་དེ་སྔའི་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་པུའུ་ཡིས“སྐབས་དང་པོའི་མཁའ་འགྲུལ་ཕུལ་བྱུང་གཞོན་ནུ”ལ་བདམས་པ་དང་། ཧྲའན་ཞི་མཁའ་འགྲུལ་ཅུས་ཀྱིས“མཁའ་འགྲུལ་གཞོན་ནུ་བཅུ”ལ་བདམས་པ་རེད།

སྤྱི་ལོ1993ལོར་ཧྲའན་ཞི་ཞིང་ཆེན་གྱི“རྒྱང་སྐྱོད་གསར་པའི་འཕྲལ་སྒྲུབ་པ”ཞེས་པའི་མཚན་སྙན་ཐོབ།

སྤྱི་ལོ1995ལོར7-200Aརྟགས་ཅན་གྱི་གནམ་གྲུ་ལ་ཐོག་མར་པུའུ་རིམ་པའི་བྱ་དགའ་ཨང་དང་པོ་ཐོབ།

སྤྱི་ལོ1997ལོར་མཁའ་འགྲུལ་བཟོ་ལས་སྤྱི་ཁྱབ་ཀུང་སིའི་ཚན་རྩལ་ཡར་ཐོན་བྱ་དགའ་ཨང་གསུམ་པ་ཐོབ།

སྤྱི་ལོ1998ལོར“འཕུར་གཟིག”རྟགས་ཅན་གྱི་གནམ་གྲུ་ཇུས་འགོད་ལ་པུའུ་རིམ་པའི་བྱས་རྗེས་རིམ་པ་གསུམ་པ་ཐོབ།

སྤྱི་ལོ2001ལོར་སྐབས་དང་པོའི་ཧྲའན་ཞི་ན་གཞོན་ལྔ་བཞིའི་གཟེངས་རྟགས་ཐོབ། ཤིས་ཨན་གྲོང་ཁྱེར་དང་ཧྲའན་ཞི་ཞིང་ཆེན་གྱིས་སྤྱི་ལོ2001ལོའི“གསར་འགྱུར་མི་སྣ་ཆེ་གྲས་བཅུར”བདམས་པ་རེད།

སྤྱི་ལོ2002ལོར་སྐབས་བཅུ་གཉིས་པའི“ཀྲུང་གོའི་ཕུལ་བྱུང་གཞོན་ནུ་བཅུའི”མཚན་སྙན་ཐོབ་པ་རེད།

དཔྱད་གཞིའི་ཡིག་ཆ།