ཝང་ཅུན་ཀྲེང་།སྔ་མའི་པར་གཞི་དེ འབྲོང་༡༠༠  ནས 2021-04-09 09:01ལ་འགྲུབ།

ཝང་ཅུན་ཀྲེང་།

ཝང་ཅུན་ཀྲེང་།
ཝང་ཅུན་ཀྲེང་། སྐྱེས་པ། རྒྱ་རིགས། སྤྱི་ལོ1963ལོའི་ཟླ་5པར་སྐྱེས། ཧྲན་ཏུང་ལིན་དབྱི་ནས་ཡིན། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན། དོ་དམ་རིག་པའི་འབུམ་རམས་པའི་བསླབ་གནས་ལྡན། སྤྱི་ལོ1988ལོའི་ཟླ8པར་ལས་ཀར་ཞུགས། སྤྱི་ལོ1987ལོའི་ཟླ11པར་ཏང་ནང་དུ་ཞུགས། ད་ལྟ་སྐབས་བཅུ་དགུ་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་དང་། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་ཐོན་ཏང་ཨུའི་ཨུ་ཡོན་དང་། རྒྱུན་ཨུ། ཧྲུའུ་ཅི། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་ཐོན་གྱི་ཆབ་སྲིད་ཨུ་ཡོན། ཀྲུང་གོའི་གསར་འཛུགས་ཚོགས་པ་ཀུང་སིའི་ཏུང་ཧྲི་ཀྲང་དང་པུའུ་ཀྲང་རྒན་པ་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
王君正
རྒྱལ་ཁོངས།
ཀྲུང་གོ།
མི་རིགས།
རྒྱ་རིགས།
ཕ་ཡུལ།
ཧྲན་ཏུང་ལིང་དབྱི།
སྐྱེས་ལོ།
སྤྱི་ལོ1963ལོའི་ཟླ5པ།
མཐར་ཕྱིན་སློབ་གྲྭ།
ཧྲན་ཏུང་སློབ་གྲྭ་ཆེན་མོ།
1 བྱ་བའི་བརྒྱུད་རིམ།

སྤྱི་ལོ1981ལོའི་ཟླ9པ་ནས་སྤྱི་ལོ1985ལོའི་ཟླ7པའི་བར་ཧྲན་ཏུང་སློབ་ཆེན་གྱི་ཚན་རིག་སྤྱི་ཚོགས་རིང་ལུགས་ཚན་ཁག་ཏུ་ཚན་རིག་སྤྱི་ཚོགས་རིང་ལུགས་ཀྱི་ཆེད་ལས་སློབ་སྦྱོང་གནང་།

སྤྱི་ལོ1985ལོའི་ཟླ7པ་ནས་སྤྱི་ལོ1988ལོའི་ཟླ8པའི་བར་ཀྲུང་གོའི་མི་དམངས་སློབ་ཆེན་གྱི་མར་ལེ་སོའོ་ཡི་ཚན་རིག་སྤྱི་ཚོགས་རིང་ལུགས་ཆེད་ལས་ཀྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་སློབ་གཉེརགནང་།

སྤྱི་ལོ1988ལོའི་ཟླ8པ་ནས་སྤྱི་ལོ1993ལོའི་ཟླ10པའི་བར་ངལ་རྩོལ་པུའུ་ཡི་གཞུང་ལས་ཐིང་གི་ཁོའོ་ཡོན་དང་། ཀྲུའུ་རེན་གཞོན་པའི་ཁོའོ་ཡོན། པུའུ་ཀྲང་གཞུང་ལས་ཁང་གི་ཀྲུའུ་རེན་ཁོའོ་ཡོན་དང་ཁྲུའུ་རིམ་པ་གཞོན་པའི་དྲུང་ཡིག་བཅས་ཀྱི་འགན་བཞེས།  

སྤྱི་ལོ1993ལོ་ནས་སྤྱི་ལོ1994ལོའི་བར་ཡུན་ནན་ཞིང་ཆེན་ཏང་ཨུའི་གཞུང་ལས་ཐིང་གི་ཁྲུའུ་རིམ་པ་གཞོན་པའི་དྲུང་ཡིག་དང་ཁྲུའུ་རིམ་པ་རྒན་པའི་དྲུང་ཡིག་གི་འགན་བཞེས།  

སྤྱི་ལོ1994ལོའི་ཟླ9པའི་ཚེས29ཉིན། ཁུན་མིང་གྲོང་ཁྱེར་ཀོན་ཏུའུ་ཆུས་ཨུའི་ཧྲུའུ་ཅི་གཞོན་པའི་འགན་ཁུར།

སྤྱི་ལོ1995ལོ་ནས་སྤྱི་ལོ1998ལོའི་བར་ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་ཀོན་ཏུའུ་ཆུས་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ1998ལོའི་ཟླ12པ་ནས་སྤྱི་ལོ2000ལོའི་ཟླ11པའི་བར་ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཨུའི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅིའི་འགན་ཁུར།

སྤྱི་ལོ2000ལོའི་ཟླ11པ་ནས་སྤྱི་ལོ2003ལོའི་ཟླ10པའི་བར་ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཨུའི་རྒྱུན་ཨུ་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།

སྤྱི་ལོ2003ལོ་ནས་སྤྱི་ལོ2003ལོའི་བར་ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྩ་འཛུགས་པུའུ་ཡི་འགོ་འཛིན་གྱི་འགན་བཞེས།

སྤྱི་ལོ2003ལོའི་ཟླ11པ་ནས་སྤྱི་ལོ2005ལོའི་ཟླ་དང་པོའི་བར་ཡུན་ནན་ཞིང་ཆེན་ཁུན་མིན་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་དྲིལ་བསྒྲགས་པུའུ་ཡི་འགོ་འཛིན་གྱི་འགན་བཞེས།

སྤྱི་ལོ2005ལོའི་ཟླ1པོ་ནས་སྤྱི་ལོ2007ལོའི་ཟླ5པའི་བར་ཡུན་ནན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགོ་འཛིན་གཞོན་པའི་འགན་ཁུར།  

སྤྱི་ལོ2007ལོའི་ཟླ5པ་ནས་སྤྱི་ལོ2007ལོའི་ཟླ6པའི་བར་ཡུན་ནན་ཞིང་ཆེན་ལི་ཅང་གྲོང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་ཁུར།

སྤྱི་ལོ2007ལོའི་ཟླ11པ་ནས་སྤྱི་ལོ2009ལོའི་ཟླ12པའི་བར་ཡུན་ནན་ཞིང་ཆེན་ལི་ཅང་གྲོང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་ཁུར།

སྤྱི་ལོ2009ལོའི་ཟླ12པ་ནས་སྤྱི་ལོ2012ལོའི་ཟླ9པ་བར་ཡུན་ནན་ཞིང་ཆེན་ལི་ཅང་གྲོང་ཨུའི་ཧྲུའུ་ཅིའི་འགན་ཁུར།

སྤྱི་ལོ2012ལོའི་ཟླ9པ་ནས་སྤྱི་ལོ2013ལོའི་ཟླ5པའི་བར་ཧུའུ་པེ་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པའི་འགན་ཁུར།

སྤྱི་ལོ2013ལོའི་ཟླ5པ་ནས་སྤྱི་ལོ2013ལོའི་ཟླ6པའི་བར་ཧུའུ་པེ་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་དང་ཞང་དབྱང་གྲོང་ཨུའི་ཧྲུའུ་ཅིའི་འགན་ཁུར།

སྤྱི་ལོ2013ལོའི་ཟླ6པ་ནས་སྤྱི་ལོ2013ལོའི་ཟླ9པའི་བར་ཧུའུ་པེ་ཞིང་ཨུའི་རྒྱུན་ཨུ་དང་ཤང་དབྱང་གྲོང་ཨུའི་ཧྲུའུ་ཅིའི་འགན་ཁུར།

སྤྱི་ལོ2013ལོའི་ཟླ9པ་ནས་སྤྱི་ལོ2016ལོའི་ཟླ་དང་པོའི་བར་ཧུའུ་པེ་ཞིང་ཆེན་ཨུ་ལྷན་གྱི་རྒྱུན་ཨུ་དང་། ཞང་དབྱང་གྲོང་ཨུའི་ཧྲུའུ་ཅི། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཀྱི་འགན་ཁུར།  

སྤྱི་ལོ2016ལོའི་ཟླ1པོ་ནས་སྤྱི་ལོ2019ལོའི་བར་ཅི་ལིན་ཞིང་ཆེན་ཨུ་ལྷན་གྱི་རྒྱུན་ཨུ་དང་ཁྲང་ཁྲུན་གྲོང་ཁྱེར་ཨུ་ལྷན་གྱི་ཧྲུའུ་ཅིའི་འགན་ཁུར།

སྤྱི་ལོ2019ལོའི་ཟླ1པོ་ནས་སྤྱི་ལོ2019ལོའི་ཟླ2པའི་བར་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ཨུའི་འགན་ཁུར།

སྤྱི་ལོ2019ལོ་ནས་སྤྱི་ལོ2020ལོའི་བར། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅིའི་འགན་ཁུར།  

སྤྱི་ལོ2020ལོར་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་ཐོན་ཏང་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་ཁུར།  

སྤྱི་ལོ2020ལོ་ནས་སྤྱི་ལོ2020ལོའི་བར་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་སྡེའི་ཏང་ཨུའི་ཧྲུའུ་ཅི་དང་ཆབ་སྲིད་ཨུ་ཡོན། པུའུ་ཀྲང་རིམ་པའི་འགོ་འཛིན་རྒན་པ་བཅས་ཀྱི་འགན་ཁུར།

སྤྱི་ལོ2020ལོ་ནས་བཟུང་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་ཐོན་ཏང་ཨུའི་ཧྲུའུ་ཅི་དང་ཆབ་སྲིད་ཨུ་ཡོན། ཀྲུང་གོ་གསར་འཛུགས་ཚོགས་པ་ཀུང་སིའི་ཏུང་ཧྲི་ཀྲང་། པུའུ་ཀྲང་རྒན་པའི་རིམ་པ་བཅས་ཀྱི་འགན་ཁུར།  

སྐབས་བཅུ་དགུ་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་དང་། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི་བཅས་ཡིན།

2 ལས་གནས་བསྐོ་འཐེན།

སྤྱི་ལོ2020ལོའི་ཟླ4པར་ཀྲུང་གུང་ཀྲུང་དབྱང་གིས་བློ་མཐུན་ཝང་ཅུན་ཀྲེང་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པར་བསྐོ་གཞག་བྱ་རྒྱུའི་གཏན་འབེབས་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུ་

ཡིས་བློ་མཐུན་ཝང་ཅུན་ཀྲེང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་ཐོན་ཏང་ཨུའི་ཨུ་ཡོན་དང་། རྒྱུན་ཨུ། ཧྲུའུ་ཅི་བཅས་ལ་གཏན་འཁེལ་བྱས།  

སྤྱི་ལོ2020ལོའི་ཟླ5པའི་ཚེས9ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཝང་ཅུན་གྱིས་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་ཐོན་གྱི་ཆབ་སྲིད་ཨུ་ཡོན་དང་ཀྲུང་གོ་གསར་འཛུགས་ཚོགས་པ་ཀུང་སིའི་ཏུང་ཧྲི་ཀྲང་ལ་བསྐོ་གཞག་བྱས་པ་རེད།

དཔྱད་གཞིའི་ཡིག་ཆ།