བྱས་ཉེས་དང་ཉེས་ཆད་ཁྲིམས་བཀོད་ཀྱི་རྩ་དོན།སྔ་མའི་པར་གཞི་དེ འབྲོང་༡༠༠  ནས 2021-04-08 10:11ལ་འགྲུབ།

བྱས་ཉེས་དང་ཉེས་ཆད་ཁྲིམས་བཀོད་ཀྱི་རྩ་དོན།

བྱས་ཉེས་དང་ཉེས་ཆད་ཁྲིམས་བཀོད་ཀྱི་རྩ་དོན།
བྱས་ཉེས་དང་ཉེས་ཆད་ཁྲིམས་བཀོད་ཀྱི་རྩ་དོན་ལ་བྱས་ཉེས་དང་ཉེས་ཆད་ཁྲིམས་བཀོད་ཀྱི་རིང་ལུགས་ཀྱང་ཟེར། དེ་ནི་མིའི་རིགས་ཀྱི་སྤྱི་ཚོགས་དཔལ་ཡོན་གྱི་ཕུལ་བྱུང་གྲུབ་འབྲས་ཤིག་ཡིན། ལོ་ངོ་བརྒྱ་ཕྲག་དུ་མའི་རིང་མིའི་རིགས་ཀྱི་ཆབ་སྲིད་དཔལ་ཡོན་དང་། ཁྲིམས་སྐྱོང་ཤེས་རིག་གི་ཉམས་སད་དང་སྦྱོང་བརྡར་ཐེབས་པ་བརྒྱུད་དེ་འཛམ་གླིང་གི་རང་བཞིན་ལྡན་པའི་སྐུལ་འདེད་དང་། ཉེས་དོན་བཅའ་ཁྲིམས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་འཕེལ་རྒྱས་ལ་ར་སྤྲོད་བྱེད་པའི་བསམ་བློའི་རྨང་གཞི་དང་གཞི་རྐང་ལྟ་བུའི་ཚད་གཞི་ཞིག་ཏུ་གྱུར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
罪刑法定原则
དབྱིན་ཡིག་གི་མིང་།
Legal principle of crime and punishment
ཁོངས་གཏོགས།
ཉེས་ཁྲིམས།
1 བྱས་ཉེས་དང་ཉེས་ཆད་ཁྲིམས་བཀོད་རྩ་དོན་གྱི་ལོ་རྒྱུས་འཕེལ་རིམ།

བྱས་ཉེས་དང་ཉེས་ཆད་ཁྲིམས་བཀོད་ཀྱི་རྩ་དོན་ལ་བྱས་ཉེས་དང་ཉེས་ཆད་ཁྲིམས་བཀོད་ཀྱི་རིང་ལུགས་ཀྱང་ཟེར། དེ་ནི་ཐོག་མར་འབྱོར་ལྡན་གྲལ་རིམ་གྱིས་བཀས་བཀོད་རྒྱུད་འཛིན་གྱི་ཉེས་ཁྲིམས་ཀྱི་ཉེས་པ་དང་ཉེས་ཆད་རང་དགར་གཅོད་པ་དང་། མི་ཆོས་དང་བྲལ་བའི་གདུག་རྩུབ་ཆེ་བའི་ཁྲིམས་ཆས་ལ་ངོ་རྒོལ་བྱེད་པའི་འདོད་ཚུལ་ཞིག་ཡིན་ཞིང་། དེ་ནི་འབྱོར་ལྡན་གྲལ་རིམ་གྱི་བློ་སྒོ་འབྱེད་པའི་བསམ་བློའི་བརྩམས་ཆོས་ནང་དུ་ཐར་ཐོར་དུ་མངོན་ཡོད། ཕྱིས་སུ་ཉེས་ཁྲིམས་ཀྱི་གནའ་གཞུང་གྲུབ་མཐའི་མཚོན་བྱེད་མི་སྣ་གཙོ་བོ་པེ་ཁ་ལི་ཡ་(1738-1794)དང་ཧྥེར་པ་ཧ(1775-1833)སོགས་སྔར་ལས་ཞིབ་ཕྲ་བར་འཕེལ་རྒྱས་བྱུང་སྟེ་རིམ་བཞིན་མ་ལག་ཅན་ཞིག་ཏུ་གྱུར་པ་རེད།

2 བསམ་བློའི་འབྱུང་ཁུངས།

བྱས་ཉེས་དང་ཉེས་ཆད་ཁྲིམས་བཀོད་རྩ་དོན་གྱི་སྔ་དུས་ཀྱི་བསམ་བློའི་འབྱུང་ཁུངས་ནི་སྤྱིར་བཏང་དུ་སྤྱི་ལོ1215ལོར་དབྱིན་ཇིའི་རྒྱལ་པོ་ཡུའེ་ཧན(John 1167-1216)གྱིས་མིང་རྟགས་བཀོད་པའི《རྩ་ཁྲིམས་ཆེན་པོ》ཡི་ས་བཅད39པ་ཡིན་ཞིང་། འདིས“ཁྲིམས་བཀོད་གོ་རིམ་འོས་འཚམ་”གྱི་གཞི་རྩའི་བསམ་བློ་གཏན་འཁེལ་བྱས་པ་རེད། ས་བཅད་དེའི་ནང་གཏན་འབེབས་བྱས་དོན།“རང་དབང་དམངས་རྣམས་ཁྲིམས་ལ་མི་བརྟེན་པར་ཁྲིམས་གཅོད་བྱེད་པའམ་ཡང་ན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ནང་གཏན་འབེབས་བྱས་ཡོད་ཕྱིན། དེའི་རྒྱུ་ནོར་བཀག་ཉར་དང་། བཙོན་འཇུག གཞུང་བཞེས། ཁྲིམས་ལུགས་ཀྱི་སྲུང་སྐྱོབ་བྱེད་དབང་བཙན་འཕྲོག་བཅས་བྱས་མི་ཆོག་པའམ་ཡང་ན་ཕྱིར་འབུད་དང་། གནོད་འཚེ་གཏོང་བ། འཚོལ་བཤེར། འཛིན་བཟུང་བཅས་བྱས་མི་ཆོག”ཅེས་བཀོད་ཡོད།  དུས་རབས17པ་དང18པའི་སྐབས་སུ། འབྱོར་ལྡན་གྲལ་རིམ་གྱི་བློ་འབྱེད་བསམ་བློ་བས་བྱས་ཉེས་དང་ཉེས་ཆད་ཁྲིམས་བཀོད་ཀྱི་རྩ་དོན་ལ་སྔར་ལས་རྒྱུད་རིམ་ལྡན་ཞིང་ཆ་ཚང་བ་རྒྱས་བཤད་བྱས་ཡོད།

3 བྱས་ཉེས་དང་ཉེས་ཆད་ཁྲིམས་བཀོད་ཀྱི་རྩ་དོན་གྱི་གོ་དོན།

བྱས་ཉེས་དང་ཉེས་ཆད་ཁྲིམས་བཀོད་ཀྱི་རྩ་དོན་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་ཉེས་ཁྲིམས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་ཁྲོད་ཡོངས་ཁྱབ་ཏུ་དང་ལེན་བྱེད་པའི་གཞི་རྩའི་རྩ་དོན་ཞིག་ཡིན་ལ། ཉེས་ཁྲིམས་ཀྱི་གཞི་རྩའི་རྩ་དོན་ཁག་གི་ནང་གོ་གནས་ཨང་དང་པོར་གནས་པའི་སྲོག་ཤིང་གི་རྩ་དོན་ཞིག་ཀྱང་ཡིན། ཉེས་ཁྲིམས་རིག་པའི་ཐོག་བྱས་ཉེས་དང་ཉེས་ཆད་ཁྲིམས་བཀོད་ཀྱི་རྩ་དོན་གྱི་གོ་དོན་ནི“བཅའ་ཁྲིམས་ནང་གཏན་འབེབས་གསལ་པོ་བྱས་མེད་པ་བྱས་ཉེས་སུ་མི་བརྩི་བ་དང་། ཁྲིམས་ནང་གཏན་འབེབས་གསལ་པོ་བྱས་མེད་པར་ཉེས་ཆད་མི་གཅོད་པ”ཞེས་པ་དེ་ཡིན།

4 བྱས་ཉེས་དང་ཉེས་ཆད་ཁྲིམས་བཀོད་རྩ་དོན་གྱི་དོན་སྙིང་།

ཉེས་དོན་ཁྲིམས་འཛུགས་དང་ཁྲིམས་འཛིན་བྱེད་སྒོའི་ཁྲོད་དུ་བྱས་ཉེས་དང་ཉེས་ཆད་ཁྲིམས་བཀོད་ཀྱི་རྩ་དོན་གཏན་འཁེལ་བྱ་རྒྱུ་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཁྲིམས་སྐྱོང་ཤེས་དཔལ་ཁྲོད་ཀྱི་རྡོ་རིང་ལྟ་བུ་ཡིན་པས། སྤྱི་ཚོགས་ཁྲིམས་སྐྱོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། དེ་ཡང་ཧྥ་རན་སིའི་ཉེས་ཁྲིམས་རིག་པ་བ་ཁ་སི་ཏུང·སི་ཐེ་ཧྥ་ཉི་སོགས་ཀྱིས“བཅའ་ཁྲིམས་ཀྱི་ལྟ་ཚུལ་ཐོག་ནས་བལྟས་ན། སྤྱི་པའི་ཁེ་ཕན་དང་ཡང་ན་སྒེར་གྱི་ཁེ་ཕན་གང་ནས་ཀྱང་ཁྲིམས་བཀོད་རྩ་དོན་ནི་གནས་ལུགས་ཡོད་པ་ཞིག་དང་། ཡང་དག་པ་ཞིག་རེད་འདོད།

5 བྱས་ཉེས་དང་ཉེས་ཆད་ཁྲིམས་བཀོད་ཀྱི་རྩ་དོན་གྱི་ཀྲུང་གོའི་གཞུང་ལུགས་དང་ལག་ལེན།

ཀྲུང་གོ་གསར་པ་དབུ་བརྙེས་རྗེས་བྱས་ཉེས་དང་ཉེས་ཆད་ཁྲིམས་བཀོད་ཀྱི་རྩ་དོན་དེ་རང་རྒྱལ་དུ་ཁས་མི་ལེན་པ་ནས་ཁས་ལེན་བྱེད་པའི་བརྒྱུད་རིམ་ཞིག་བརྒྱུད་ཡོད། བསྒྱུར་བཅོས་སྒོ་འབྱེད་མ་བྱས་སྔོན་གྱི་ཉེས་ཁྲིམས་གཞུང་ལུགས་ཞིབ་འཇུག་ཁྲོད། བྱས་ཉེས་དང་ཉེས་ཆད་ཁྲིམས་བཀོད་ཀྱི་རྩ་དོན་ལ་ཞིབ་འཇུག་བྱེད་པ་ཧ་ཅང་ཉུང་། རང་རྒྱལ་གྱིས་སྤྱི་ལོ1979ལོར་གཏན་འབེབས་བྱས་ནས་གྲོས་འཆམ་བྱུང་བའི་ཉེས་ཁྲིམས་ཀྱི་ཁྲིམས་གཞུང་དང་པོའི་ནང་བྱས་ཉེས་དང་ཉེས་ཆད་ཁྲིམས་བཀོད་ཀྱི་རྩ་དོན་གཏན་འབེབས་གསལ་པོ་བྱས་མེད་མོད། འོན་ཀྱང་དེ་ལས་ལྡོག་སྟེ་དོན་ཚན79པའི་ནང་ནག་ཉེས་རིགས་འགྲེའི་ལམ་ལུགས་གཏན་འབེབས་བྱས་ཡོད། སྐབས་དེའི་གཞུང་ལུགས་ཐོག་རང་རྒྱལ་གྱི་ཉེས་ཁྲིམས་ཁྲིམས་གཞུང་ནང་དུ་བྱས་ཉེས་དང་ཉེས་ཆད་ཁྲིམས་བཀོད་ཀྱི་རྩ་དོན་སྤྱོད་ཡོད་མེད་ཐད་ངོས་འཛིན་དང་ཤེས་རྟོགས་མི་འདྲ་བ་གནས་ཡོད།

དཔྱད་གཞིའི་ཡིག་ཆ།