ཉེར་སྤྱོད་རང་བཞིན།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2021-03-29 15:14ལ་འགྲུབ།

ཉེར་སྤྱོད་རང་བཞིན།

ཉེར་སྤྱོད་རང་བཞིན།
ཉེར་སྤྱོད་རང་བཞིན་ཞེས་པ་ནི་ཆེད་ཁེ་ཐོབ་རེ་ཞུ་བའི་གསར་གཏོད་དང་གསར་སྐྲུན་དེ་བཟོ་སྐྲུན་དང་བེད་སྤྱོད་བྱེད་ཐུབ་པར་མ་ཟད། དགེ་མཚན་ལྡན་པའི་ཕན་ནུས་ཀྱང་ཐོན་ཐུབ་པར་ཟེར། ཆེད་ཁེའི་ལག་རྩལ་ཇུས་གཞི་ཞིག་ཡིན་པའི་ཆ་ནས་སྤྱི་མཚན་དུ་གྱུར་པའི་བསམ་གཞིགས་དུས་རིམ་གྱི་དངོས་པོ་ཞིག་ཡིན་མི་རུང་བར། བཟོ་ལས་ཐོག་ལག་བསྟར་བྱེད་ཐུབ་པ་དང་། དངོས་ཡོད་རང་བཞིན། བསྐྱར་དུ་མངོན་པའི་རང་བཞིན། ཕན་ནུས་ལྡན་པའི་རང་བཞིན་བཅས་ལྡན་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
实用性
ཕྱི་ཡིག་གི་མིང་།
practicability
ཚིག་དོན།
བཟོ་སྐྲུན་བྱེད་ཐུབ་པ་མ་ཟད་བཀོལ་སྤྱོད་བྱེད་བདེ་བ།
1 ངོ་སྤྲོད།

ཉེར་སྤྱོད་རང་བཞིན་ཞེས་པ་ནི་ཆེད་ཁེ་ཐོབ་རེ་ཞུ་བའི་གསར་གཏོད་དང་གསར་སྐྲུན་དེ་བཟོ་སྐྲུན་དང་བེད་སྤྱོད་བྱེད་ཐུབ་པར་མ་ཟད། དགེ་མཚན་ལྡན་པའི་ཕན་ནུས་ཀྱང་ཐོན་ཐུབ་པར་ཟེར། ཆེད་ཁེའི་ལག་རྩལ་ཇུས་གཞི་ཞིག་ཡིན་པའི་ཆ་ནས་སྤྱི་མཚན་དུ་གྱུར་པའི་བསམ་གཞིགས་དུས་རིམ་གྱི་དངོས་པོ་ཞིག་ཡིན་མི་རུང་བར། བཟོ་ལས་ཐོག་ལག་བསྟར་བྱེད་ཐུབ་པ་དང་། དངོས་ཡོད་རང་བཞིན། བསྐྱར་དུ་མངོན་པའི་རང་བཞིན། ཕན་ནུས་ལྡན་པའི་རང་བཞིན་བཅས་ལྡན་དགོས། ལག་བསྟར་རུང་བའི་རང་བཞིན་ཞེས་པ་ནི་གསར་གཏོད་དེ་ཐོན་ལས་ཐོག་བཟོ་སྐྲུན་ནམ་བེད་སྤྱོད་བྱེད་ཐུབ་པ་ལ་ཟེར། ཐོན་ལས་ལ་བཟོ་ལས་དང་། ཞིང་ལས། སྐྱེལ་འདྲེན་ལས་རིགས། ནགས་ལས། ཉ་ལས། སྔོག་འདོན་ལས་རིགས། ཚོང་ལས། ཞབས་ཞུའི་ལས་རིགས་སོགས་སྤྱི་ཚོགས་དང་དཔལ་འབྱོར་གྱི་ཁྱབ་ཁོངས་ཁག་ཚུད་ཡོད། 

2 གཞི་རྩའི་ཆ་འཕྲིན།

ཉེར་སྤྱོད་རང་བཞིན་དང་དཔེ་གསར་རང་བཞིན། གསར་གཏོད་རང་བཞིན་བཅས་ནི་གསར་གཏོད་དང་ཉེར་སྤྱོད་དཔེ་གསར་ལ་ཆེད་ཁེའི་བདག་དབང་ཐོབ་པའི་དངོས་ཡོད་ཆ་རྐྱེན་གསུམ་ཡིན་ཞིང་། དེ་ནི་གོ་རིམ་ཐད་ཀྱི་བླང་བྱ་ཡིན་ལ། དངོས་གཞིའི་ཐད་ཀྱི་བླང་བྱའང་ཡིན། ཉེར་སྤྱོད་རང་བཞིན་གྱི་རེ་བ་སྐོང་བ་ནི་གསར་གཏོད་དང་གསར་སྐྲུན་ལ་ཆེད་ཁེའི་བདག་དབང་ཐོབ་པའི“ཚད་གཞི”ཡིན་པ་དང་། ཉེར་སྤྱོད་རང་བཞིན་གྱི་རེ་འདུན་ལ་ཆེད་ཁེའི་བདག་དབང་ཐོབ་པའི་གསར་གཏོད་དང་གསར་སྐྲུན་ནི་གོ་ཆོད་ཅིག་ཡིན་ཞིང་། ཐོན་ལས་ཐོག་བཟོ་སྐྲུན་དང་བེད་སྤྱོད་བྱེད་ཐུབ་པ་དང་། དེའི་ནང་དོན་གྱིས་ཆེད་ཁེའི་བདག་དབང་གསར་གཏོད་དང་གསར་སྐྲུན་ཐོན་ལས་ལ་དབང་བ་མ་ཟད་ལག་རྩལ་རང་བཞིན་ཡང་ལྡན་པས། སྲོལ་རྒྱུན་གྱི་ཐད་ནས་ཉེར་སྤྱོད་རང་བཞིན་གྱི་བླང་བྱ་དེས་ཚད་ངེས་ཅན་ཞིག་གི་ཐོག་ནས་ཆེད་ཁེ་ཐོབ་ཆོག་པའི་བརྗོད་བྱ་གཙོ་བོ་ཐག་གཅོད་བྱས་ཡོད། 

3 ཉེར་སྤྱོད་རང་བཞིན་གྱི་བླང་བྱ།

རང་རྒྱལ་གྱི་ཆེད་ཁེའི་བཅའ་ཁྲིམས་ཁྲོད་ཀྱི་ཉེར་སྤྱོད་རང་བཞིན་གྱི་བླང་བྱ་དེ་བྱེ་བྲག་གི་བླང་བྱ་གསུམ་དུ་དབྱེ་ཆོག་པ་སྟེ། “ཐོན་ལས་བཟོ་སྐྲུན་གྱི་བླང་བྱ་”དང་། “ལག་རྩལ་རང་བཞིན་གྱི་བླང་བྱ།” “དགེ་མཚན་ལྡན་པའི་ཕན་འབྲས་ཀྱི་བླང་བྱ”བཅས་ཡིན།

3_1 ཐོན་ལས་བཟོ་སྐྲུན་གྱི་བླང་བྱ།

རང་རྒྱལ་གྱི་ཆེད་ཁེའི་ཞིབ་བཤེར་ཕྱོགས་སྟོན་གཏན་འབེབས་ལྟར་ན། “བཟོ་སྐྲུན་ནམ་བེད་སྤྱོད་བྱེད་ཐུབ་པ”ཞེས་པ་ནི་གསར་གཏོད་དམ་ཡང་ན་ཉེར་སྤྱོད་དཔེ་གསར་གྱི་ལག་རྩལ་འཆར་གཞི་དེ་ཐོན་ལས་ཁྲོད་བཟོ་སྐྲུན་ནམ་བེད་སྤྱོད་བྱེད་ཐུབ་པའི་རང་བཞིན་ལྡན་པ་ལ་ཟེར།  གཅིག “ཐོན་ལས”ཀྱི་ཁྱབ་ཁོངས་དང་ཆེད་ཁེའི་བདག་དབང་མི་སྤྲོད་པའི་ཡུལ་དངོས།

རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུའུ་ཡིས《ཁེ་བེད་བདག་ཐོབ་ཞིབ་བཤེར་ཕྱོགས་སྟོན》ནང“ཐོན་ལས་ཟེར་བ་དེའི་ནང་བཟོ་ལས་དང་། ཞིང་ལས། ནགས་ལས། ཆུའི་ཐོན་ལས། འབྲོག་ལས། འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས། དེ་བཞིན་རིག་གནས་ལུས་རྩལ། འཚོ་བའི་མཁོ་ཆས། སྨན་བཅོས་ཡོ་བྱད་སོགས་ལས་རིགས་ཚུད་ཡོད”ཅེས་གཏན་འབེབས་བྱས་ཡོད། དེ་ལས་རང་རྒྱལ་གྱིས“ཐོན་ལས”ཀྱི་ཁྱབ་ཁོངས་ཀྱི་མཚན་ཉིད་དེ་འཇར་པན་དང་ཡོ་རོབ་གླིང་དང་གཅིག་མཐུན་བྱས་ཏེ་ཕ་རི་སིའི་སྤྱི་ཆིངས་ཀྱི་སྒྲིག་སྟངས་རྣམ་པའི་མཚན་ཉིད་བྱེད་སྟངས་སྤྱད་ཡོད་མོད། འོན་ཀྱངTRIPsདངPCTཁྲོད་ཆེས་རྒྱ་ཆེ་བའི་འགྲེལ་བཤད་བྱེད་སྟངས་སྤྱད་མེད་པ་མཐོང་ཐུབ།

དཔེ་འཇོག་ཚུལ་འདིའི་མཚན་ཉིད་ཀྱི་དགེ་མཚན་ནི་ཉེར་སྤྱོད་རང་བཞིན་གྱི་བླང་བྱ་མངོན་གསལ་གྱིས་ཡིད་མི་ཚིམ་པའི་བརྗོད་བྱ་གཙོ་བོ་དེ་དག་ཆེད་ཁེའི་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་མི་བྱེད་པའི་བྱ་ཡུལ་གྱི་རྣམ་པའི་ཐོག་ནས་དཔེ་བཞག་སྟེ། ཆེད་ཁེའི་ལམ་ལུགས་འཁོར་སྐྱོད་བྱེད་པའི་གོ་རིམ་ཁྲོད་ཀྱི་ཐོན་ཁུངས་ཟད་གྲོན་བྱེད་ཐུབ་པ་དེ་ཡིན།  གཉིས། བཟོ་སྐྲུན་བྱེད་ཐུབ་པའི་རང་བཞིན་།

སྤྱི་ལོ2010ལོའི་པར་གཞིའི《ཆེད་ཁེའི་ཞིབ་བཤེར་ཕྱོགས་སྟོན》གྱི་ཁག་གཉིས་པའི་ལེའུ་ལྔ་པའི་ནང་ཉེར་སྤྱོད་རང་བཞིན་གྱི་ཞིབ་བཤེར་བྱེད་དགོས་པའི་བླང་བྱ་བཏོན་པ་ནི་བཟོ་སྐྲུན་དང་བེད་སྤྱོད་བྱེད་ཐུབ་པའི་རང་བཞིན་ཡིན། “བཟོ་སྐྲུན་དང་བཀོལ་སྤྱོད་བྱེད་མི་ཐུབ་པའམ་ཡང་ན་བཀོལ་སྤྱོད་བྱེད་མི་ཐུབ་པའི་དབང་གིས་ཉེར་སྤྱོད་རང་བཞིན་མི་ལྡན་པ་ནི་ལག་རྩལ་ཇུས་གཞི་དེ་ཉིད་ལ་སྔར་ཡོད་ཀྱི་སྐྱོན་ཆ་ལས་བྱུང་བ་ཡིན་ཞིང་། གསལ་བཤད་ཡི་གེའི་ཡོངས་བསྒྲགས་ཀྱི་ཚད་དང་འབྲེལ་བ་མེད”ཅེས་དམིགས་སུ་བཀར་ནས་བསྟན་ཡོད། ཉེར་སྤྱོད་རང་བཞིན་གྱི་བརྡར་ཤ་གཅོད་པར་ཡོངས་གྲགས་བྱས་པའི་སྤྱི་ཡོངས་ཀྱི་ལག་རྩལ་ནང་དོན་དང་བར་ཐག་ཡོད་པ་དང་། ཇི་ལྟར་གསར་གཏོད་བྱས་པ་ཡིན་པ་དེ་ལག་ལེན་བསྟར་ཡོད་མེད་དང་འབྲེལ་བ་མེད།

འོན་ཀྱང་སྔ་མའི་པར་གཞི《ཆེད་ཁེའི་ཞིབ་བཤེར་ཕྱོགས་སྟོན》ནང་གཏན་འབེབས་དེ་འདྲ་ཞིག་མིན་པར་དངོས་སྤྱོད་རང་བཞིན་གྱི་བླང་བྱའི“སྒྲུབ་ཐུབ་པ”དང“ཡོངས་བསྒྲགས་གང་ལེགས་བྱེད་པའི”བླང་བྱའི་ནང་གི“དངོས་ཡོད་རང་བཞིན”མཉམ་བསྲེས་བེད་སྤྱོད་བྱས་ནས་རང་རྒྱལ་གྱི་ཆེད་ཁེའི་བཅའ་ཁྲིམས་ཀྱི་ཉེར་སྤྱོད་རང་བཞིན་གྱི་བླང་བྱའི་འགྱུར་ལྡོག་ལ་ཞིབ་དཔྱད་གསལ་པོ་བྱ་ཆེད། ང་ཚོས་ཆེད་ཁེའི་ཉེར་སྤྱོད་རང་བཞིན་གྱི་བླང་བྱ་དང“ཡོངས་བསྒྲགས”ཀྱི་བླང་བྱའི་འབྲེལ་བར་རིགས་པས་ཁུངས་སྐྱེལ་སྔར་ལས་ལྷག་པ་བྱེད་དགོས་པ་ཞིག་ཡོད།

3_2 ལག་རྩལ་བླང་བྱ།

ལག་རྩལ་རང་བཞིན་གྱི་བླང་བྱ་ནི་རྒྱལ་ཁབ་ཁག་གི་ཆེད་ཁེའི་བཅའ་ཁྲིམས་ཀྱི་དོན་ཚན་ནང་གཏན་འབེབས་གསལ་པོ་བྱས་པ་ཞིག་མིན་པར། འབྲེལ་ཡོད་གཏན་འབེབས་ལས་དབྱེ་འབྱེད་དང་། ཕྱོགས་བསྡུས། སྤྱི་མཚན་དུ་གྱུར་པ་བཅས་ལས་བྱུང་བ་ཞིག་ཡིན། 

3_3 ལག་རྩལ་གསར་པའི་ཁྱབ་ཁོངས་ཀྱི་དམིགས་བསལ་ལག་རྩལ་རང་བཞིན་གྱི་བླང་བྱ།

རང་རྒྱལ་གྱི་རྩིས་འཁོར་གོ་རིམ་དང་ཚོང་ལས་ཐབས་ཤེས་ཀྱི་གསར་གཏོད་ཆེད་ཁེ་ཞིབ་བཤེར་དང་འབྲེལ་བའི་གཞི་འཛིན་ས་གཙོ་བོ་ནི་ཆེད་ཁེའི་བཅའ་ཁྲིམས་ཀྱི་དོན་ཚན25དང་ཆེད་ཁེའི་བཅའ་ཁྲིམས་ཀྱི་ལག་བསྟར་ཞིབ་སྲོལ་གྱི་དོན་ཚན2པའི་གཏན་འབེབས་ལྟར། རྩིས་འཁོར་གྱི་གོ་རིམ་དང་ཚོང་ལས་བྱེད་ཐབས་ཀྱི་གསར་གཏོད་དང་འབྲེལ་བ་ཡོད་ཚེ་ཆེད་ཁེའི་བདག་དབང་ཐོབ་དགོས་ན་ཉེར་སྤྱོད་རང་བཞིན་གྱི་རེ་བ་དང་མཐུན་དགོས།

རང་རྒྱལ་གྱི་རྒྱལ་ཁབ་ཤེས་བྱའི་ཐོན་དངོས་བདག་དབང་དང་རི་པིན་གྱི་དམིགས་བསལ་ཆོག་མཆན་ཁང་གི་བྱེད་སྟངས་གཅིག་མཚུངས་ཡིན་ཞིང་། “གཞི་རྒྱུའམ་ཡང་ནDNAདུམ་བུ་གང་ཡིན་རུང་དེའི་ངོ་བོ་ནི་རྫས་འགྱུར་དངོས་པོ་ཞིག་ཡིན་པ”ངོས་འཛིན་བྱེད་ཀྱིན་ཡོད། དེར་བརྟེན་སྐྱེ་དངོས་ལག་རྩལ་ཁྱབ་ཁོངས་ཀྱི་ཆེད་ཁེ་གསར་གཏོད་ཀྱི་རེ་ཞུར་ཞིབ་བཤེར་བྱེད་པ་དེ་རྫས་འགྱུར་ཁྱབ་ཁོངས་ཀྱི་ཆེད་ཁེ་ཞིབ་བཤེར་དང་འདྲ་ས་མང་པོ་ཡོད། 


དཔྱད་གཞིའི་ཡིག་ཆ།