དངུལ་འཛིན་ལས་ཚབ་ཞེས་པ་ནི་འཛིན་ཡིག་བྱ་སྤྱོད་ཀྱི་ལས་ཚབ་དང་། མི་གཞན་པའི་ཚབ་བྱས་ནས་དངུལ་འཛིན་བྱ་སྤྱོད་སྤེལ་བ་ལ་ཟེར། དེས་དམངས་ཁྲིམས་ཀྱི་སྤྱིར་བཏང་གི་ལས་ཚབ་རྩ་དོན་བཀོལ་སྤྱོད་བྱས་ཆོག་པ་ལས་གཞན། དངུལ་འཛིན་ལས་ཚབ་ཀྱིས་མིང་མངོན་གསལ་གྱི་རྣམ་པའི་ལས་ཚབ་བྱེད་དགོས། དེ་ཡང་ལས་ཚབ་པས་མི་གཞན་གྱི་ལས་ཚབ(ལས་ཚབ་བྱེད་ཡུལ)དེ་དངུལ་འཛིན་བྱེད་ལས་ཀྱི་ཚབ་བྱེད་དུས། ངེས་པར་དུ་མི་གཞན་གྱི་ལས་ཚབ་ཏུ་གཏོགས་པ་གསལ་བོར་བཤད་དགོས། གལ་ཏེ་ལས་ཚབ་པས་དངུལ་འཛིན་སྟེང་མི་གཞན་གྱི་ལས་ཚབ་ཏུ་གསལ་འགོད་བྱས་མེད་ན། ལས་ཚབ་ཏུ་གཏོགས་ཀྱང་རང་གི་འགན་འཁྲི་འཁུར་དགོས། དབང་ཆ་མེད་པའི་ངོ་ཚབ་བམ་དབང་ཚད་ལས་བརྒལ་བའི་ངོ་ཚབ་ཀྱི་འཛིན་ཡིག་འགན་འཁྲི་ཚང་མ་ངོ་ཚབ་ཀྱིས་འཁུར་དགོས། དེ་ནི་ཕུང་བོ་གསུམ་པ་སྟེ་འཛིན་ཤོག་ཉར་མཁན་གྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཡིན།
དངུལ་འཛིན་ལས་ཚབ་བྱེད་དུས་ངེས་པར་དུ་གཤམ་གྱི་ཆ་རྐྱེན་གལ་ཆེན་དག་དང་མཐུན་དགོས།
གཅིག ངེས་པར་དུ་འཛིན་ཤོག་ཐོག་རང་ཉིད་ཀྱི་རུས་མིང་ངམ་མིང་གསལ་པོར་འགོད་དགོས།
གཉིས། འཛིན་ཤོག་ཐོག“ལས་ཚབ”ཀྱི་ནང་དོན་མཚོན་པའི་ཐོ་བཀོད་ཡོད་དགོས། ཐོ་འགོད་ཀྱི་རྣམ་པ་དེ་དངུལ་འཛིན་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་ཡོད་རིགས་ཡིན་དགོས། གཏན་འབེབས་ལྟར་ཐོ་འགོད་བྱ་དགོས་པ་དང་། གཏན་འབེབས་གསལ་བོ་བྱས་མེད་རིགས། དངུལ་འཛིན་ཉོ་ཚོང་གི་གོམས་སྲོལ་ལྟར་ཐོ་འགོད་བྱེད་དགོས།
གསུམ། དངུལ་འཛིན་ལས་ཚབ་ཀྱིས་འཛིན་ཤོག་ཐོག་རང་ཉིད་ཀྱི་མིང་འགོད་དགོས།
དངུལ་འཛིན་ལས་ཚབ་ལ་གཤམ་གྱི་རྣམ་པ་གསུམ་ཡོད་དེ།
གཅིག ལས་ཚབ་ཀྱིས་རང་གི་མིང་ཐོག་ནས་འཛིན་ཤོག་ཐོག་མིང་རྟགས་འགོད་རྒྱུ་དང་། ལས་ཚབ་ཀྱིས་མིང་རྟགས་འགོད་སྐབས་ངོ་ཚབ་ཀྱི་དབང་བསྐུར་ཡིག་ཆ་བསྟན་མྱོང་མོད། འོན་ཀྱང་འཛིན་ཡིག་ཐོག“རང་ཉིད་ཀྱི་ཚབ་བྱེད”ཅེས་པའི་ཡི་གེ་བྲིས་མེད་པར། “××ཚབ་བྱེད”ཅེས་བྲིས་ན། ལས་ཚབ་བྱ་སྤྱོད་དེ་རིགས་ནི་ངོ་ཚབ་རང་ཉིད་ཀྱི་བྱ་སྤྱོད་ཡིན་པས། ལས་ཚབ་ཀྱིས་འཛིན་ཤོག་ཐོག་གི་འགན་འཁྲི་འཁུར་དགོས།
གཉིས། ལས་ཚབ་པས་ལས་ཚབ་བྱས་པའི་རང་ཉིད་ཀྱི་མིང་ཐོག་ནས་འཛིན་ཡིག་ཐོག་མིང་རྟགས་འགོད་དགོས། གནས་ཚུལ་དེ་འདྲའི་འོག་འཛིན་ཤོག་ཐོག་གི་འགན་འཁྲི་ལས་ཚབ་བྱེད་མཁན་རང་ཉིད་ཀྱིས་ཐད་ཀར་འགན་འཁུར་དགོས།
གསུམ། ལས་ཚབ་པས་འཛིན་ཡིག་སྟེང་མིང་རྟགས་བཀོད་པ་ལས་གཞན་ད་དུང“རང་ཉིད་ཀྱི་ལས་ཚབ”ཅེས་པའི་ནང་དོན་ཡང་གསལ་བོར་འགོད་དགོས། གནས་ཚུལ་དེ་འདྲའི་འོག་ལས་ཚབ་བྱ་ཡུལ་གྱིས་དངུལ་འཛིན་སྟེང་གི་འགན་འཁྲི་འཁུར་དགོས། ཁྲིམས་ལུགས་ཀྱི་དོན་སྙིང་ཐོག་ནས་བཤད་ན། གོང་དུ་བརྗོད་པའི་ལས་ཚབ་རིགས་གསུམ་གྱི་ཁྲོད་དུ་རིགས་ཕྱི་མ་གཉིས་ནི་དངུལ་འཛིན་ལས་ཚབ་ངོ་མ་ཡིན།
དངུལ་འཛིན་ལས་ཚབ་ལ་གཤམ་གྱི་ཁྱད་ཆོས་གཉིས་ཡོད་དེ།
གཅིག འཛིན་ཡིག་ལས་ཚབ་ནི་ཁྲིམས་ལུགས་ཀྱི་དོན་སྙིང་ལྡན་པའི་བྱ་སྤྱོད་ཅིག་ཡིན། ལས་ཚབ་བྱ་ཡུལ་གྱི་ལས་ཚབ་ཀྱིས་འཛིན་ཤོག་ག་གེ་མོ་ཞིག་གི་བྱ་སྤྱོད་སྤེལ་རྗེས། ལས་ཚབ་བྱ་ཡུལ་གྱིས་ངེས་པར་དུ་འཛིན་ཡིག་གི་བྱ་སྤྱོད་ལས་བྱུང་བའི་བཅའ་ཁྲིམས་ཀྱི་མཇུག་འབྲས་འཁུར་དགོས།
ལས་ཚབ་ཀྱིས་ངེས་པར་དུ་ལས་ཚབ་ཀྱི་དབང་ཚད་ཁྱབ་ཁོངས་ནང་ལས་ཚབ་ཀྱི་བྱེད་སྒོ་སྤེལ་དགོས་ཤིང་། ལས་ཚབ་ཀྱི་དབང་ཚད་ཁྱབ་ཁོངས་ལས་བརྒལ་ན་ལས་ཚབ་ཀྱི་ལས་ཚབ་བྱ་སྤྱོད་ལ་ཕན་འབྲས་མེད།