ཆེན་པོ་རྣམ་པ་བདུན།སྔ་མའི་པར་གཞི་དེ རྡོར་འཚོ།890  ནས 2021-03-26 08:45ལ་འགྲུབ།

ཆེན་པོ་རྣམ་པ་བདུན།

འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་རྒྱ་ཆེར་འགྲེལ་པ་དང་འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ། དབུ་མ་ལ་འཇུག་པའི་འགྲེལ་བཤད། རྣལ་འབྱོར་སྤྱོད་པའི་ས་བཅས་ལས་བྱུང་བའི་ཆེན་པོ་རྣམ་པ་བདུན་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《བསྟན་འགྱུར་སེམས་ཙམ་ཝི་པ》ཤ155བ7《བསྟན་འགྱུར་དབུ་མ་ར་པ》ཤ9བ2 《བསྟན་འགྱུར་མདོ་སྡེ་ཅི་པ》ཤ158བ6 ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

འདི་ལ་ཁག་བཞི་ཡོད་པ་སྟེ།

1_1 ཁག་དང་པོ།

འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ་ལས་བྱུང་བ་སྟེ།

1.ཆོས་ཀྱི་ཆེ་བ།

2.སེམས་བསྐྱེད་པ་ཆེ་བ།

3.བསམ་པ་ཆེ་བ།

4.མོས་པ་ཆེ་བ།

5.ཚོགས་ཆེ་བ།

6.དུས་ཆེ་བ།

7.ཐོབ་པ་ཆེ་བའོ༎

1_2 ཁག་གཉིས་པ།

འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ་ལས་བྱུང་བ་སྟེ།

1.སྤྱོད་ཡུལ་ཆེན་པོ།

2.སེམས་ཆེན་པོ།

3.ཡེ་ཤེས་ཆེན་པོ།

4.བརྩོན་འགྲུས་ཆེན་པོ།

5.ཐབས་ཆེན་པོ།

6.ཐོབ་པ་ཆེན་པོ།

7.ལས་ཆེན་པོའོ༎

1_3 ཁག་གསུམ་པ།

དབུ་མ་ལ་འཇུག་པའི་འགྲེལ་བཤད་ཅེས་བྱ་བ་ལས་བྱུང་བ་སྟེ།

1.དམིགས་པ།

2.སྒྲུབ་པ།

3.ཡེ་ཤེས།

4.བརྩོན་འགྲུས།

5.ཐབས།

6.ཐོབ་པ།

7.ཕྲིན་ལས་སོ༎

1_4 ཁག་བཞི་པ།

རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ།

1.ཆོས་ཆེན་པོ་ནི། གསུང་རབ་གཏོགས་པ་ཡན་ལག་བཅུ་གཉིས་ལས་འབྱུང་བའི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཤིན་ཏུ་རྒྱས་པའི་སྡེའོ༎

2.སེམས་བསྐྱེད་པ་ཆེན་པོ་ནི། འགའ་ཞིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་ཟད་དོ༎

3.མོས་པ་ཆེན་པོ་ནི། འགའ་ཞིག་ནི་ཆོས་ཆེན་པོ་དེ་ཉིད་ལ་མོས་པར་ཟད་པའོ༎

4.ལྷག་པའི་བསམ་པ་ཆེན་པོ་ནི། འགའ་ཞིག་གིས་མོས་པས་སྤྱོད་པའི་ས་ལས་ཡང་དག་པར་འདས་ཏེ། ལྷག་པའི་བསམ་པ་དག་པའི་ས་ལ་འཇུག་པར་ཟད་དོ༎

5.ཚོགས་ཆེན་པོ་ནི། བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་གང་ཡང་དག་པར་འགྲུབ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ༎

6.དུས་ཆེན་པོ་ནི། བསྐལ་པ་གྲངས་མེད་པ་གསུམ་པོ་གང་ཡིན་པའི་དུས་དེས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ༎

7.ཡང་དག་པར་འགྲུབ་པ་ཆེན་པོ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། ཆེན་པོ་དྲུག་པོ་འདི་དག་ནི་ཡང་དག་པར་འགྲུབ་པ་ཆེན་པོའི་རྒྱུར་གྱུར་པའོ༎