དམག་སྤྱི་ཉིའེ་རོང་ཀྲེན་གྱི་བཤམས་སྟོན་ཁང་ནི་ཀྲུང་གོའི་ཁྲུང་ཆིང་གྲོང་ཁྱེར་གྱི་ཅང་ཅིན་ཅི་ཅང་གྲོང་ཁུལ་གྱི་ནུབ་འདབས་སུ་གནས་ཡོད་པ་དང་ཁྲུང་ཆིང་གྲོང་ཁུལ་དང་བར་ཐག་སྤྱི་ལེ43ཡོད། དེ་ནི་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི་དང་། AAAAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ། ཁྲུང་ཆིང་རྒྱལ་སྲུང་སློབ་གསོའི་རྟེན་གཞི་བཅས་ཡིན། བཤམས་སྟོན་ཁང་གི་རྒྱབ་ཆིང་རི་བོ་བརྟེན་ནས་ཡོད་པ་དང་། མདུན་དུ་འབྲི་ཆུ་ཡོད། འགྲིམ་འགྲུལ་སྟབས་བདེ་བའི་ཡུལ་ལྗོངས་མཛེས་སྡུག་ལྡན་པ་ཞིག་ཡོད།
སྤྱི་ལོ2020ལོར་དམག་སྤྱི ཉིའེ་རོང་ཀྲེན་གྱི་འགྲེམས་སྟོན་ཁང“རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་རྟེན་རྫས་བཤམས་མཛོད་ཁང་ཁག་བཞི་པའི་མིང་ཐོའི”གྲས་སུ་བདམས་ཐོབ་བྱུང་ཡོད།
དམག་སྤྱི་ཉིའེ་རོང་ཀྲེན་གྱི་བཤམས་སྟོན་ཁང་ནི་འགྲེམས་ཁང་གཙོ་བོ་དང་ཟངས་སྐུའི་ཐང་ཆེན་ལས་གྲུབ་པ་དང་། རྒྱ་ཁྱོན་ལ་མུའུ20ཙམ་ཡོད། ཟངས་ཀྱི་སྐུ་བརྙན་ཐང་ཆེན་རྒྱ་ཆེ་ཞིང་ཁོད་སྙོམས་པོ་ཡོད་པ་དང་། འབུར་བརྐོས་ཆེ་གྲས་གཉིས་གཡས་གཡོན་དུ་གནས་ཡོད། ཨེ་ཕིང་རི་བོའི་སྤྱི་གླིང་གི་དུས་ཐེངས་དང་པོའི་ལས་གྲྭའི་སྤྱི་ལེ1.2ཀྱི་ལམ་བུ་དང་། མུའུ30ལྷག་ཙམ་གྱི་སྔོ་ལྗང་དང་གློག་སྒྲོན་འབོར་ཆེན་གྱིས་བཤམས་སྟོན་ཁང་གི་ཁོར་ཡུག་མཛེས་སྡུག་ལྡན་པར་བཏང་ཡོད། འགྲེམས་ཁང་གཙོ་བོའི་ནང་ཁྱོན་བསྡོམས་པར300ཙམ་དང་། རིག་དངོས་དང་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས400ལྷག་ཙམ། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཕྱག་བྲིས་དང་དཔེ་དེབ། རི་མོ་མཁས་ཅན་གྱིས་གསར་རྩོམ་བྱས་པའི་ཡིག་རིས་བརྒྱ་ལྷག་ཙམ་བཅས་བཤམས་སྟོན་བྱས་ཡོད་པ་མ་ཟད། ད་དུང་པར3000ལྷག་ཙམ་དང་། རིག་དངོས་བརྒྱ་ཕྲག་ཁ་ཤས། གྲགས་ཅན་གྱི་ཡིག་རིས་ཁག500ལྷག་ཙམ། དམག་སྤྱི་ཉིའེ་རོང་ཀྲེན་སྐུ་འཚོ་བཞུགས་སྐབས་དཔེ་དེབ་ཁྲི་ལ་ཉེ་བ་བཅས་ཉར་ཚགས་བྱས་ཡོད། འགྲེམས་ཁང་ནང་ད་དུང་རྒྱལ་ཁབ་བཙུགས་ནས་ལོ50འཁོར་བའི་དམག་གཟིགས་མཛད་སྒོའི་ཐོག་རང་རྒྱལ་གྱིས་བཟོས་པའི་སྔོན་ཐོན་གོ་མཚོན་སྒྲིག་ཆས་དང་། རྒྱང་སྐྱོད་རིམ་སྤེལ་མེ་ཤུགས་འཕུར་མདའ། མིས་བཟོས་སྲུང་སྐར་སྣ་ཚོགས་སོགས་སྒྲ་འོད་གློག་ཟུང་འབྲེལ་གྱི་དཔེ་དབྱིབས40ལྷག་ཙམ་བཤམས་སྟོན་བྱས་ཡོད། ལྷག་པར་དུ་སྲུང་སྐར་འཕེན་གཏོང་གི་འདྲ་བཟོའི་འགྲེམས་སྟོན་ནང་འོད་སྡེར་དང་སྒྲ། འོད། གློག་བཅས་ཀྱི་ཕྱོགས་བསྡུས་ནུས་པ་ཆེན་པོ་བརྒྱུད་ཞི་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་མངོན་ཡོད། འཁོར་སྐར་གཏོང་བའི་གོ་རིམ་དང་མེ་ཤུགས་འཕུར་མདའི་འཁོར་སྐར་བར་སྣང་དུ་འཕུར་སྐྱོད་བྱེད་པའི་རྣམ་འགྱུར་གྱིས་མི་རྣམས་ལ་དེའི་ཡུལ་དུ་སླེབས་པའི་ཚོར་སྣང་ཞིག་སྟེར་ཐུབ་ཀྱིན་ཡོད།
འགྲེམས་ཁང་དེ་ནི་ཟངས་སྐུའི་ཐང་ཆེན་དང་། འགྲེམས་ཁང་གཙོ་བོ། ཞབས་ཞུ་གླིང་ཁུལ་སོགས་ཁག་ཁ་ཤས་ལས་གྲུབ་པ་དང་། སྤྱི་ལེ1.2ཡོད་པའི་གཞུང་ལམ་སྐོར་དབྱིབས་ཀྱིས་འགྲེམས་ཁང་ཧྲིལ་པོ་གཅིག་ཏུ་སྦྲེལ་ནས་འགྲེམས་ཁང་ནང་གི་རླངས་འཁོར་འཇོག་སའི་ཞེང་ཚད་ཆེ་བ་དང་འཁོར་ལམ་དང་མི་བགྲོད་སའི་ལམ་སོ་སོར་ཡིན། ཤིང་སྡོང་སྔོ་ཐིང་ངེར་གནས་པ་དང་། རྩྭ་སྔོ་ཞིང་དྭངས་ཤིང་མེ་ཏོག་གསར་པ་བཞད་པ། མཚེའུ་ཡི་མདོག་བཀྲ་བ། གཟུགས་ཀྱི་རྣམ་པ་གཅིག་ཏུ་འབྲེལ་ཡོད་པས་རྡོ་རིང་དང་ལྡུམ་ར་གཅིག་ཏུ་འདུས་ནས་མཛེས་སྡུག་ལྡན་ལ་ལྷིང་འཇགས་ཡིན།
ཟངས་སྐུའི་ཐང་ཆེན་ནི་གོང་འོག་གཉིས་སུ་ཕྱེ་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ6600ཡོད་པས། མཐོང་ཡུལ་རྒྱ་ཆེ་ཞིང་བརྗིད་ཉམས་ལྡན་པ་ཞིག་ཡིན། དམག་སྤྱི་ཉིའེ་རུང་ཀྲེན་གྱི་ཟངས་སྐུ་ཐང་ཆེན་གྱི་དཀྱིལ་དུ་འགྱིང་ངེར་གནས་པ་དང་། ཟངས་ཀྱི་སྐུ་བརྙན་མཐོ་ཚད་ལ་སྨི4དང་། སྟེགས་བུའི་མཐོ་ཚད་ལ་སྨི7ཡོད། རྨང་གཞིའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཅང་ཙེ་མིང་གིས་བྲིས་པའི“དམག་སྤྱི་ཉིའེ་རོང་ཀྲེན”ཞེས་པའི་གསེར་མདོག་ཅན་གྱི་ཡིག་འབྲུ་ལྔ་བརྐོས་ཡོད། ཐང་ཆེན་ཐོག་གོ་མཚོན་ཆེ་གྲས་ཁག་ཅིག་བཀོད་སྒྲིག་བྱས་པ་དེས་ཡུལ་སྐོར་བས་རྒྱལ་སྲུང་སློབ་གསོ་ལག་བསྟར་བྱེད་པའི་ཡིད་དབང་འགུག་རྒྱུར་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་ཡོད།
རྟེན་རྫས་བཤམས་མཛོད་ཁང་གཙོ་བོའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ3647ཡོད་པ་དང་། དེ་ནི་ཞལ་མཇལ་ཚོམས་ཆེན་དང་། བཤམས་སྟོན་ཁང་། དམག་སྤྱི་ཉིའེ་རུང་ཀྲེན་གྱི་འདྲ་བཟོའི་གཞུང་ལས་ཁང་དང་ཉལ་ཁང་། ཀྲུང་གོའི་སྲུང་སྐར་འཕེན་གཏོང་འཁྲབ་སྟོན་ཁང་། ཡུལ་སྐོར་བ་སྣེ་ལེན་ལྟེ་གནས་སོགས་ཁག་ཁ་ཤས་ལས་གྲུབ་ཡོད། འགྲེམས་ཁང་རྒྱ་ཆེ་བ་དང་འགྲེམས་སྟོན་བྱེད་བདེ་པོ་ཡོད་པས་གསོན་ཉམས་དོད་པའི་པར་རིས200ལྷག་ཙམ་དང་། ཕུན་སུམ་ཚོགས་པའི་རིག་དངོས། ཞིབ་ཚགས་ཀྱི་ལོ་རྒྱུས་དཔྱད་གཞི། དེ་བཞིན་རྒྱལ་སྲུང་ཚན་རྩལ་གྲུབ་འབྲས་ཀྱི་དཔེ་དབྱིབས་དང་ཞི་ཁྲང་སྲུང་སྐར་འཕེན་གཏོང་གི་དཔེ་དབྱིབས་བཅས་ཀྱི་ཐོག་ནས་ཉིའེ་རོང་ཀྲེན་གྱིས་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན་བྱ་གཞག་གི་བྱས་རྗེས་རླབས་ཆེན་སླར་ཡང་མངོན་ཡོད། དེ་ནི་རྒྱལ་གཅེས་རིང་ལུགས་དང་གསར་བརྗེའི་སྲོལ་རྒྱུན། ཚན་རིག་ཁྱབ་གདལ་གྱི་ཤེས་བྱ། རྒྱལ་སྲུང་སློབ་གསོ་བཅས་བྱེད་པའི་རྟེན་གཞི་གལ་ཆེན་ཞིག་ཡིན།
ཉིའེ་རོང་ཀྲེན་ཡི་བཤམས་སྟོན་ཁང་གི་འགྲེམས་སྟོན་དེ་རིགས་གཅིག་པའི་དྲན་གསོ་ཁང་གི་འགྲེམས་སྟོན་དང་བསྡུར་ན་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་ཞིག་ཡོད་པ་སྟེ། འགྲེམས་རྫས་ཀྱི་གྲངས་འབོར་མང་བ་དང་རང་རྒྱལ་གྱི་རྒྱལ་སྲུང་མཐོ་ཞིང་། སྤུས་ལེགས། རྩེར་སོན་བཅས་ཀྱི་ཚན་རྩལ་གྲུབ་འབྲས་མཚོན་པའི་དཔེ་དབྱིབས40ལྷག་ཙམ་བཤམས་སྟོན་བྱས་པ་དང་། ཚན་རྩལ་འདུས་ཚད་མཐོ་བ་དང་སྒྲ་འོད་གློག་ལག་རྩལ་འབོར་ཆེན་སྤྱད་པས་འགྲེམས་རྫས་མང་པོ་ཞིག་ལ་འགྲེམས་སྟོན་གྱི་ནུས་པ་ལྡན་པ་དང་། གློག་ཀླད་གསུམ(དེའི་ནང་གི་གཅིག་ནི་རེག་ཡོལ་ཡིན)ཡུལ་སྐོར་བས་རང་མོས་ངང་བཀོལ་སྤྱོད་བྱས་ནས་དམག་སྤྱི་ཉིའེ་རོང་ཀྲེན་གྱི་ཚེ་གང་གི་དཔྱད་གཞི་ལྟ་ཀློག་བྱེད་ཆོག་པ་དེ་དག་གིས་ཡུལ་སྐོར་བར་མཐོང་རྒྱ་ཆེ་རུ་ཕྱིན་པ་དང་། ངོ་མཚར་བའི་རྒྱལ་གཅེས་རིང་ལུགས་དང་། གསར་བརྗེའི་སྲོལ་རྒྱུན། ཚན་རིག་ཁྱབ་གདལ་ཤེས་བྱ། རྒྱལ་སྲུང་འདུ་ཤེས་བཅས་ཀྱི་སློབ་གསོ་མཚོན་ཡོད།
ཀྲུང་གོའི་སྲུང་སྐར་འཕེན་གཏོང་འགྲེམས་སྟོན་ནི་ཉིའེ་རོང་ཀྲེན་བཤམས་སྟོན་ཁང་གི་འགྲེམས་སྟོན་གྱི་ངོ་མཚར་ཆེ་ཤོས་ཀྱི་ཆ་ཤས་ཤིག་ཡིན། ཚོམས་ཆེན་དེས་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ413དང་མཐོ་ཚད་སྨི10.2ཡོད་པས་ཐེངས་གཅིག་ལ་ལྟད་མོ་བ250ཤོང་ཐུབ། སྲུང་སྐར་འཕེན་གཏོང་གི་ཞི་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ཀྱི་འོད་སྡེར་དང་། རྩིས་འཁོར། སྒྲ་འོད་གློག་སོགས་བྱེད་ཐབས་ཀྱི་ཕྱོགས་བསྡུས་ནུས་པ་བརྒྱུད་མེ་ཤུགས་འཕུར་མདའི་སྲུང་སྐར་འཕེན་གཏོང་བྱེད་སྐབས་ཀྱི་བརྗིད་ཆགས་ཡིད་དུ་འོང་བའི་རྣམ་པ་མངོན་པར་བྱས་ཏེ་མི་རྣམས་ཡུལ་དངོས་སུ་སླེབས་པའི་མྱོང་ཚོར་ཞིག་སྦྱིན་ཡོད།
བཤམས་སྟོན་ཁང་གི་འཕྲིན་གཏོང་ཤར་གཏོང་ཐུབ་པ་དང་། འགྲེམས་ཁང་གི་འཛུལ་སྒོ་དང་ཚོམས་ཆེན་ནང་གཱICདང་དུས་ཚོད་བརྩི་བའི་སྤྱི་སྤྱོད་ཁ་པར་བཙུགས་ཡོད་པས་སྒུལ་བདེའི་འཕྲིན་གཏོང་ལ་ལོང་བའི་ཁུལ་མེད་པ་དང་། སྦྲག་སྲིད་ཞབས་ཞུ་སྟབས་བདེ་བ་དང་། དྲན་གསོའི་སྦྲག་རྟགས། ཡིག་སྐོགས་མེད་པའི་འཕྲིན་ཡིག་སོགས་ཞབས་ཞུའི་ཆེད་སྒྲོམ་བཙུགས་ཡོད་པས་ལྟ་སྐོར་བས་འཕྲིན་ཡིག་བསྐུར་ཆོག
བཤམས་སྟོན་ཁང་གི་སྒྲིག་ཆས་དང་ཕྱོགས་བསྡུས་ལེ་ལག་ཚང་བས་ཡུལ་སྐོར་ཞབས་ཞུའི་ནུས་པ་ཉིན་རེ་བཞིན་འཐུས་སྒོ་ཇེ་ཚང་དུ་ཕྱིན་ཡོད། འགྲེམས་ཁང་ནང་དུ་ཚོང་ཁང་དང་། བཟའ་བཏུང་པུའུ། ཞག་སྡོད་ཁང་། རོལ་རྩེད་ཁང་བཅས་བཙུགས་ཡོད། ཟ་ཁང་གིས་ཐེངས་གཅིག་ལ་མི80ནས100བར་གྱི་ཟ་མར་ཞབས་ཞུ་བྱེད་ཆོག་པ་དང་། ཞག་སྡོད་ཁང་དུ་ཚད་ལྡན་ཁང་པ20དང་། མི་གསུམ་ཅན་གྱི་ཁང་པ1 མི་གཅིག་ཅན་གྱི་ཁང་པ4བཅས་ཡོད། ལས་ཁུངས་ཀྱིས་འདུ་འཛོམས་སྣ་ཚོགས་སྒྲིག་འཛུགས་བྱེད་པར་སྟབས་བདེ་ཡོང་ཆེད་ཚོགས་ཁང་ཆེ་ཆུང་རེ་རེ་བཀོད་སྒྲིག་བྱས་ཡོད་པས་ཚོགས་འདུ་འབྲིང་ཆུང་ལ་སྣེ་ལེན་ཞུ་ཆོག་པ་དང་། ཚོགས་ཁང་ནང་དུ་དྲོད་སྙོམས་འཕྲུལ་ཆས་དང་། སྒྲ་སྐྱེད། བརྙན་འཕྲིན། ཁ་པར་བཅས་ཆ་ཚང་བར་བཀོད་སྒྲིག་བྱས་ཡོད།
ཉིའེ་རོང་ཀྲེན་བཤམས་སྟོན་ཁང་ནི་རྒྱལ་གཅེས་རིང་ལུགས་དང་། གསར་བརྗེའི་སྲོལ་རྒྱུན། ཚན་རིག་ཁྱབ་གདལ་ཤེས་བྱ། རྒྱལ་སྲུང་སློབ་གསོ་བཅས་ཀྱི་རྟེན་གཞི་གལ་ཆེན་ཞིག་དང་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་དང་སྐུལ་འདེད་གཏོང་བའི་དྲིལ་སྒྲོག་སློབ་གསོའི་འཐབ་ས་གལ་ཆེན་ཞིག་ཡིན་པས། འཛུགས་སྐྲུན་དང་ནུས་པ་འདོན་སྤེལ་བྱེད་པར་ཕུགས་རིང་གི་ཆབ་སྲིད་དོན་སྙིང་དང་དངོས་ཡོད་ཀྱི་དོན་སྙིང་དམིགས་བསལ་ཅན་ལྡན་པ་ཡིན།
དམག་སྤྱི་ཉིའེ་རུང་ཀྲེན་གྱི་བཤམས་སྟོན་ཁང་ནི་དམག་སྤྱིའི་ཚེ་གང་བྱས་རྗེས་དང་ཤུལ་བཞག་དངོས་རྫས་བཤམས་སྟོན་བྱེད་པའི་བརྗོད་བྱ་གཙོ་བོའི་འགྲེམས་ཁང་ཞིག་ཡིན་ཞིང་། ཉིའེ་རུང་ཀྲེན། NieRongzhen ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་གསར་འཛུགས་པ་དང་། འགོ་ཁྲིད་པ། དམག་དོན་པ་བཅས་ཡིན། སི་ཁྲོན་ཞིང་ཆེན་གྱི་ཅང་ཅིན་ཝུའུ་ཐན་གྲོང་རྡལ་དུ་སྐྱེས་པ་དང་། ཆུང་དུས་ནས་སློབ་སྦྱོང་ལ་དགའ་བ་དང་། དབུལ་སྐྱོར་ཉམས་ཞན། བློ་རྒྱ་ཆེ་བ། རྒྱལ་ཁབ་ལ་དྲིན་ལན་འཇལ་བ་བཅས་ཀྱི་གཤིས་རྒྱུད་ལྡན།
ཁྲུང་ཆིང་ཐང་ཧུ་གནའ་གྲོང་ནི་ཁྲུང་ཆིང་གྲོང་ཁྱེར་ཅང་ཅིན་རྫོང་དུ་གནས་ཡོད། གནའ་བོའི་བབ་ཆགས་དང་ངར་ཤུགས་ལྡན་པའི་གྲོང་རྡལ་ཆུང་ཆུང་དེའི་འོད་སྟོང་འབར་བའི་གནའ་བོའི་འཛུགས་སྐྲུན་རིག་གནས་དང་བབ་ཆགས་པའི་དམངས་སྲོལ། ཡུལ་ལྗོངས་ཀྱི་མཛེས་སྡུག་ལྡན་པའི་ཁོར་ཡུག་བཅས་ལ་བརྟེན་ནས་ཁྲུང་ཆིང་གྲོང་ཁྱེར་གྱི་ཁག་དང་པོའི་ལོ་རྒྱུས་རིག་གནས་ཀྱི་གྲོང་རྡལ་གྲགས་ཅན་ཞིག་ཏུ་གྱུར་ཡོད།
ཀྲུང་ཧྲན་གྲོང་རྡལ་ལ་སན་ཧུ་ར་བ་ཞེས་འབོད་པ་དང་། ལུང་ཏུང་ར་བ་ཡང་ཟེར། དེ་ནི་ཅང་ཅིན་གྲོང་ཁྱེར་གྱི་ལྷོ་རྒྱུད་རི་ཁུལ་དུ་གནས་པ་དང་། ཁྲུང་ཆིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ125ཡོད། རླངས་འཁོར་བསྡད་ན་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་ཡོད་པ་དེ་རྒྱལ་ཁབ་རིམ་པའི་མཛེས་ལྗོངས་གྲགས་ཅན་ཁུལ་གྱི་སི་མེན་རི་བོ་དང་འབྲེལ་ཡོད། གནའ་བོའི་གྲོང་རྡལ་གྱི་རྒྱབ་རི་དང་། མདུན་ཆུ་ལ་ཐུག་ཡོད། གྲོང་རྡལ་གྱི་འཛུགས་སྐྲུན་ཆུ་ལ་བརྟེན་ནས་བསྐྲུན་ཡོད་པ་དང་། ལུང་ཏུང་དང་། ཧོང་ཁྲུང་པ། ཀའོ་ཧྲེང་ཆའོ་བཅས་ཁྲོམ་གཞུང་གསུམ་སྦྲེལ་ནས་གྲུབ་ཡོད།
དམག་སྤྱིའི་བཞུགས་གནས་རྙིང་པ་ནི་ཁྲུང་ཆིང་ཅང་ཅིན་གྲོང་ཁྱེར་ཝུའུ་ཐན་གྲོང་རྡལ་ལང་ཅ་གྲོང་ཚོའི་ལྷོ་ནུབ་ཀྱི་སྨི750མཚམས་སུ་གནས་ཡོད་པ་དང་། ཅང་ཅིན་གྲོང་ཁུལ་དང་བར་ཐག་སྟོང་སྨི30དང་། ཁྲུང་ཆིང་གྲོང་ཁུལ་དང་བར་ཐག་སྟོང་སྨི70ཡོད་ཅིང་། རིམ་ལྡན་གཞུང་ལམ་ཁྲིན་ཏུའུ་དང་ཁྲུང་ཆིང་བར་གྱི་མྱུར་བགྲོད་གཞུང་ལམ་དུ་བགྲོད་ཐུབ།
རྒྱལ་ཁབ་ཀྱི་གཙོ་གནད་མཛེས་ལྗོངས་གྲགས་ཅན་ཁུལ་སི་མེན་རི་བོའི་མཛེས་ལྗོངས་ཁུལ་དུ་སའི་གོ་ལའི་འཕྲེད་ཐིག་གཅིག་མཚུངས་ས་ཁུལ་གྱི་གདོད་མའི་རྒྱུན་ལྗང་གི་ལོ་མ་ཆེ་བའི་ནགས་ཚལ་རྒྱུད་གཅིག་པུ་དེ་ཡོད་པ་དང་། དེའི་ནང་སྲོག་ཆགས་དང་རྩི་ཤིང་རིགས2000ལྷག་ཙམ་དང་། ལོ་འཁོར་མོའི་རྦབ་ཆུ28 རི་མཐོའི་མཚེའུ8བཅས་དང་། ཁྱོན་མཛེས་ལྗོངས་ཁུལ128ཡོད།
སྤྱི་ལོ2011ལོའི་ཟླ10པའི་བར། ཁྲུང་ཆིང་གྲོང་ཨུ་དྲིལ་བསྒྲགས་པུའུ་དང་ཅང་ཅིན་ཆུས་ཨུའི་དྲིལ་བསྒྲགས་པུའུ་ཡིས་གཙོ་གཉེར་བྱས་པ་དང་། དམག་སྤྱི་ཉིའེ་རོང་ཀྲེན་བཤམས་སྟོན་ཁང་གིས་ཁྲུང་ཆིང་གྲོང་ཁྱེར་གྱི་ཆུས་དང་རྫོང་ཁག་གི་དྲིལ་བསྒྲགས་པུའུ་དང་མཉམ་དུ“དམག་སྤྱི་ཉིའེ་རོང་ཀྲེན་གྱི་སྙིང་སྟོབས་སྙན་ཞུའི་ཚོགས་འདུ”སྒྲུབ་འགན་འཁུར་བ་དང་། ཟླ10ཚེས13ཉིན་ལིང་ཕིང་རྫོང་གི་འགོ་ཁྲིད་དང་། རྫོང་རིམ་པའི་སྡེ་ཁག་སོ་སོའི་སྙན་ཞུའི་ཚོགས་འདུ“གླུ་ལེན་པ་དང་ཀློག་པ། འཆད་ཁྲིད”བཅས་ཀྱི་རྣམ་པའི་ཐོག་ནས་སྤེལ། སྙན་ཞུའི་ཚོགས་འདུ་གྲོལ་རྗེས་ཉིའེ་རུང་ཀྲེན་གྱི་བྱས་རྗེས་པར་རིས་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་རེད།