རྒྱུ་ནོར་འབྲེལ་བ།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2021-03-24 14:54ལ་འགྲུབ།

རྒྱུ་ནོར་འབྲེལ་བ།

རྒྱུ་ནོར་འབྲེལ་བ།
རྒྱུ་ནོར་འབྲེལ་བ་ནི་ཐོན་སྐྱེད་འབྲེལ་བའི་བཅའ་ཁྲིམས་ཀྱི་ཐ་སྙད་ཅིག་སྟེ། བཅའ་ཁྲིམས་ཐོག་ངོས་འཛིན་གཏན་འཁེལ་བྱས་པའི་དབང་བའི་ལམ་ལུགས་ཀྱི་འབྲེལ་བ་ཡིན་པ་དང་། རྒྱུ་ནོར་བར་གྱི་འབྲེལ་བ་དང་ཐོན་སྐྱེད་འབྲེལ་བ་གཉིས་ཕན་ཚུན་འབྲེལ་ལ་ཁྱད་པར་ཡང་ཡོད། ཐོན་སྐྱེད་འབྲེལ་བ་ནི་མིའི་འདོད་བློ་ལྟར་བསྒྱུར་མི་ཐུབ་པའི་ཕྱི་རོལ་ཡུལ་གྱི་དཔལ་འབྱོར་འབྲེལ་བ་ཞིག་ཡིན་ཞིང་། དེ་ནི་རྒྱུ་ནོར་འབྲེལ་བའི་དཔལ་འབྱོར་གྱི་ནང་དོན་ཞིག་ཡིན་པ་དང་། རྒྱུ་ནོར་འབྲེལ་བ་ནི་བཅའ་ཁྲིམས་ཐོག་གི་ཐོན་སྐྱེད་འབྲེལ་བ་མཚོན་སྟངས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
财产关系
ཕྱི་ཡིག་གི་མིང་།
property relationship
ནང་དོན་ཁོངས་གཏོགས།
དམངས་དོན་འབྲེལ་བ།
དཀར་ཆག
1 ངོ་སྤྲོད།

རྒྱུ་ནོར་འབྲེལ་བ་ནི་ཐོན་སྐྱེད་འབྲེལ་བའི་བཅའ་ཁྲིམས་ཀྱི་ཐ་སྙད་ཅིག་སྟེ། བཅའ་ཁྲིམས་ཐོག་ངོས་འཛིན་གཏན་འཁེལ་བྱས་པའི་དབང་བའི་ལམ་ལུགས་ཀྱི་འབྲེལ་བ་ཡིན། རྒྱུ་ནོར་བར་གྱི་འབྲེལ་བ་དང་ཐོན་སྐྱེད་འབྲེལ་བ་གཉིས་ཕན་ཚུན་འབྲེལ་ལ་ཁྱད་པར་ཡང་ཡོད། ཐོན་སྐྱེད་འབྲེལ་བ་ནི་མིའི་འདོད་བློ་ལྟར་བསྒྱུར་མི་ཐུབ་པའི་ཕྱི་རོལ་ཡུལ་གྱི་དཔལ་འབྱོར་འབྲེལ་བ་ཞིག་ཡིན་ཞིང་། དེ་ནི་རྒྱུ་ནོར་འབྲེལ་བའི་དཔལ་འབྱོར་གྱི་ནང་དོན་ཞིག་ཡིན་པ་དང་།  རྒྱུ་ནོར་འབྲེལ་བ་ནི་བཅའ་ཁྲིམས་ཐོག་གི་ཐོན་སྐྱེད་འབྲེལ་བ་མཚོན་སྟངས་ཤིག་ཡིན་ཞིང་། དེའི་རྣམ་པའི་ཐོག་ནས་བཤད་ན། བསམ་བློའི་འདོད་བློའི་འབྲེལ་བ་ཞིག་ཡིན་པ་དང་། སྟེང་གི་བཀོད་པའི་ཁོངས་སུ་གཏོགས་ཡོད། རྒྱུ་ནོར་གྱི་འབྲེལ་བ་ནི་དཔལ་འབྱོར་གྱི་རྨང་གཞི་སྟེ་ཐོན་སྐྱེད་ཀྱི་འབྲེལ་བས་ཐག་གཅོད་རྒྱུ་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཐེན་ཅིན་གྱི་སྲུང་སྐྱོབ་བྱ་དགོས།

2 ཁྱད་ཆོས།
2_1 གོ་གནས་འདྲ་མཉམ།

བྱེད་པོའི་གོ་གནས་ཀྱི་ཐད་ནས་བཤད་ན། རྒྱུ་ནོར་གྱི་འབྲེལ་བ་ལ་ལའི་བྱེད་པོའི་གོ་གནས་ནི་འདྲ་མཉམ་མིན་པ་དང་། ཕན་ཚུན་བར་ལ་ཁོངས་གཏོགས་ཀྱི་འབྲེལ་བ་ཡོད། རྒྱུ་ནོར་གྱི་འབྲེལ་བ་ལ་ལའི་བྱེད་པོའི་གོ་གནས་ནི་འདྲ་མཉམ་ཡིན་པ་དང་། ཕན་ཚུན་བར་གཅིག་ཁོངས་གཅིག་གཏོགས་ཀྱི་འབྲེལ་བ་མེད། སྔ་མ་ནི་དཔེར་ན་ནོར་སྲིད་ཁྲལ་བསྡུའི་འབྲེལ་བ་ཡིན་ལ། ངག་རྒྱུན་དུ་གཞུང་ཕྱོགས་དཔལ་འབྱོར་འབྲེལ་ཡིན། རྗེས་མ་ནི་དངུལ་བུན་གཏོང་ལེན་གྱི་འབྲེལ་བ་ཡིན་ལ། ངག་རྒྱུན་དུ་འཕྲེད་ཕྱོགས་ཀྱི་དཔལ་འབྱོར་འབྲེལ་བ་ཡིན། བྱེད་པོའི་གོ་གནས་འདྲ་མཉམ་ཡིན་པའི་རྒྱུ་ནོར་འབྲེལ་བ་ཡིན་ན་ད་གཟོད་དམངས་ཁྲིམས་ཀྱི་ལེགས་སྒྲིག་བྱ་ཡུལ་ཡིན།

2_2 དོ་བདག་རང་མོས་ཀྱིས་བྱུང་བ།

རྒྱུ་ནོར་གྱི་འབྲེལ་བ་ལ་ལ་ནི་བྱེད་པོ་རང་ཉིད་ཀྱི་འདོད་བློ་ལྟར་བྱུང་བ་ཡིན་ལ། ལ་ལ་ནི་བྱེད་པོ་རང་མོས་ཀྱིས་བྱུང་བ་མིན་ལ། དམངས་ཁྲིམས་ཀྱིས་ལེགས་སྒྲིག་བྱས་པའི་རྒྱུ་ནོར་འབྲེལ་བའི་གཙོ་གཟུགས་གོ་གནས་ནི་འདྲ་མཉམ་ཡིན་པས། ཕྱོགས་གང་ཞིག་གིས་ཀྱང་རང་ཉིད་ཀྱི་འདོད་བློ་ཕྱོགས་གཞན་ཞིག་ལ་བཙན་འགེལ་བྱས་མི་ཆོག དེའི་ཕྱིར་རྒྱུ་ནོར་གྱི་འབྲེལ་བ་འདི་རིགས་ནི་སྤྱིར་བཏང་དུ་བྱེད་པོ་རང་མོས་ཀྱི་རྨང་གཞིའི་སྟེང་བཙུགས་པ་ཡིན།

2_3 རིན་ཐང་ཆོས་ཉིད་ཀྱིས་ཚོད་འཛིན།

འདྲ་མཉམ་གྱི་བྱེད་པོའི་བར་གྱི་རྒྱུ་ནོར་འབྲེལ་བ་མང་ཆེ་བ་ནི་དོ་བདག་གིས་རང་ཉིད་ཀྱི་ཁེ་ཕན་གྱི་དགོས་མཁོར་གཞིགས་ནས་རང་ཉིད་ཀྱི་འདོད་བློ་ལྟར་བཙུགས་པ་ཡིན་པས། སྤྱིར་བཏང་དུ་རིན་ཐང་ཆོས་ཉིད་བརྩི་སྲུང་བྱེད་པ་ཡིན། དེ་ལྟར་ཡིན་པའི་རྐྱེན་གྱིས་དམངས་ཁྲིམས་ཀྱིས་ལེགས་སྒྲིག་བྱས་པའི་རྒྱུ་ནོར་གྱི་འབྲེལ་བ་མང་ཆེ་བ་ནི་རིན་མཉམ་དང་རིན་དོད་ཡོད་པའི་རྐྱེན་གྱིས་ཡིན།

3 བཅའ་ཁྲིམས་སྲུང་སྐྱོབ།
3_1 བཅའ་ཁྲིམས་ངོ་བོ།

སྤྱི་ཚོགས་ཀྱི་ཐོན་སྐྱེད་དང་། བགོ་བཤའ། བརྗེ་རེས། འཛད་སྤྱོད་བཅས་ཀྱི་ཁྲོད་དུ་གྲུབ་པའི་སྤྱི་ཚོགས་ཀྱི་འབྲེལ་བའི་སྤྱི་བསྡོམས་ཏེ་དཔལ་འབྱོར་གྱི་ནང་དོན་ལྡན་པའི་སྤྱི་ཚོགས་ཀྱི་འབྲེལ་བ་ཡིན། ཕྱི་རོལ་ཡུལ་གྱི་ཁྱབ་ཁོངས་ཏེ་སྤྱི་ཚོགས་ཀྱི་དཔལ་འབྱོར་རྨང་གཞི་ཡིན་པ་དང་། དཔལ་འབྱོར་རྨང་གཞི་ནི་དཔལ་འབྱོར་རིག་པ་དང་ཆབ་སྲིད་རིག་པའི་ཐ་སྙད་ཡིན་ལ། རྒྱུ་ནོར་འབྲེལ་བ་ནི་བཅའ་ཁྲིམས་ཀྱི་ཐ་སྙད་ཡིན། བཅའ་ཁྲིམས་ལེགས་སྒྲིག་བྱ་ཡུལ་ཡིན་པའི་ཆ་ནས། རྒྱུ་ནོར་གྱི་འབྲེལ་བའི་ཐོག་ནས་སྟེང་གི་བཀོད་པའི་བཅའ་ཁྲིམས་དང་དཔལ་འབྱོར་གྱི་རྨང་གཞིའི་བར་གྱི་ཕན་ཚུན་ནུས་པ་ཐོན་ཚུལ་མཚོན་གྱིན་ཡོད། ལོ་རྒྱུས་ཀྱི་དངོས་གཙོ་སྨྲ་བས་སྤྱི་ཚོགས་ངེས་ཅན་གྱི་དཔལ་འབྱོར་རྨང་གཞི་ཡིས་སྟེང་གི་བཀོད་པ་ཐག་གཅོད་པ་དང་། སྟེང་གི་བཀོད་པར་སྒེར་ཚུགས་ཀྱི་རང་བཞིན་ལྡན་པས། དེས་ཞབས་ཞུ་བྱེད་པ་དང་དཔལ་འབྱོར་རྨང་གཞིར་ལྡོག་ནུས་ཐོན་གྱིན་ཡོད། དེའི་ཕྱིར་དེང་རབས་རྒྱལ་ཁབ་ཚང་མས་ངེས་པར་དུ་སྤྱི་ཚོགས་ཀྱི་རྒྱུ་ནོར་འབྲེལ་བ་ལེགས་སྒྲིག་བྱེད་པའི་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་ཞིག་འཛུགས་དགོས་པ་མ་ཟད། དཔལ་འབྱོར་གྱི་བྱེད་སྒོའི་ཁྲོད་ཁྲིམས་སྐྱོང་ལག་བསྟར་བྱ་དགོས།

3_2 དབྱེ་བ།

བཅའ་ཁྲིམས་ཀྱི་འབྲེལ་བའི་བྱེད་པོ་ཞུགས་པའི་སྤྱི་ཚོགས་ཀྱི་དཔལ་འབྱོར་འབྲེལ་བ་བྱེ་བྲག་པར་ཟེར། ཁྱད་ཆོས་ནི་སྤྱི་ཚོགས་ཀྱི་དཔལ་འབྱོར་འབྲེལ་བ་བྱེ་བྲག་པ་འཛུགས་པ་དང་། བསྒྱུར་བ། རྩ་མེད་གཏོང་བ་བཅས་ཀྱིས་བཅའ་ཁྲིམས་འབྲེལ་བའི་གྲུབ་ཆ་གཙོ་བོའི་འདོད་བློ་མཚོན་ཡོད་མོད། འོན་ཀྱང་དེ་ནི་སྔར་བཞིན་ཕྱི་རོལ་ཡུལ་གྱི་སྤྱི་ཚོགས་འབྲེལ་བ་ཡིན་པ་ལས་བསམ་བློའི་འབྲེལ་བ་མིན། དེའི་རྒྱུ་མཚན་ནི་སྤྱི་ཚོགས་ཀྱི་དཔལ་འབྱོར་འབྲེལ་བ་བྱེ་བྲག་པ་རེ་རེ་འཛུགས་པ་དང་། འགྱུར་བ་གཏོང་བ། མེད་པར་བཟོ་བ་བཅས་ཀྱི་འདོད་བློ་དང་འབྲེལ་བ་ཡོད་མོད། འོན་ཀྱང་སྤྱི་ཚོགས་ཀྱི་སྤྱི་ཁོག་ནས་བལྟས་ན། སྤྱི་ཚོགས་ཤིག་ལ་སྤྱི་ཚོགས་ཀྱི་དཔལ་འབྱོར་འབྲེལ་བ་བྱེ་བྲག་པ་གང་འདྲ་ཞིག་འབྱུང་ཐུབ་པ་དེ་མི་སྒེར་རྐྱང་པའི་འདོད་བློ་ལྟར་འགྱུར་བ་མི་བྱེད་པར། ཐག་གཅོད་ཀྱི་ནུས་པ་ཐོན་པ་ནི་ཐོན་སྐྱེད་ནུས་ཤུགས་དང་ཐོན་སྐྱེད་འབྲེལ་བའི་འགལ་ཟླའི་གཅིག་འདུབཅའ་ཁྲིམས་ནི་སྤྱི་ཚོགས་ཀྱི་འབྲེལ་བའི་སྙོམས་སྒྲིག་འཕྲུལ་ཆས་ཤིག་ཡིན་པའི་ཆ་ནས། དེས་ལེགས་སྒྲིག་བྱས་པའི་དཔལ་འབྱོར་འབྲེལ་བ་ནི་སྤྱི་ཚོགས་ཀྱི་དཔལ་འབྱོར་འབྲེལ་བ་བྱེ་བྲག་པ་ཙམ་ཡིན་པ་ལས་དཔལ་འབྱོར་རྨང་གཞི་ཡིན་པའི་ཐོན་སྐྱེད་འབྲེལ་བ་མིན། དེའི་རྒྱུ་མཚན་ནི་ཐོན་སྐྱེད་འབྲེལ་བ་ནི་ཕྱི་རོལ་ཡུལ་དང་མཐུན་པ་ཞིག་ཡིན་པས་བཅའ་ཁྲིམས་ལེགས་སྒྲིག་བྱེད་ཐབས་བྲལ་བས་རེད།བཅའ་ཁྲིམས་ཀྱིས་དཔལ་འབྱོར་གྱི་འབྲེལ་བ་བྱེ་བྲག་པ་ལེགས་སྒྲིག་བྱེད་པར་བརྟེན་ནས་སྤྱི་ཚོགས་ཀྱི་ཐོན་སྐྱེད་འབྲེལ་བ་ཧྲིལ་པོར་ཞབས་འདེགས་ཞུ་བའི་དམིགས་ཡུལ་འགྲུབ་ཐུབ།དཔལ་འབྱོར་འབྲེལ་བ་བྱེ་བྲག་པར་ལེགས་སྒྲིག་བྱེད་པའི་བཅའ་ཁྲིམས་ནི་དེང་རབས་སུ་གཙོ་བོར་དམངས་ཁྲིམས་དང་། སྲིད་འཛིན་བཅའ་ཁྲིམས། དཔལ་འབྱོར་བཅའ་ཁྲིམས།ངལ་རྩོལ་བཅའ་ཁྲིམས་སོགས་ཀྱི་བཅའ་ཁྲིམས་སྡེ་ཁག་ཡོད། དེའི་ནང་དམངས་ཁྲིམས་ཀྱིས་འདྲ་མཉམ་གྱི་བྱེད་པོའི་བར་གྱི་རྒྱུ་ནོར་འབྲེལ་བ་ལེགས་སྒྲིག་བྱེད་པ་དེ་ནི་སྤྱི་ཚོགས་ཀྱི་དཔལ་འབྱོར་འབྲེལ་བ་བྱེ་བྲག་པའི་ཁྲོད་ཀྱི་འཁྲུག་ཆ་དོད་ཤོས་དང་མང་ཤོས་ཀྱི་ཆ་ཤས་ཤིག་ཡིན་ཞིང་། དེའི་ངོ་བོ་ལྟར་ན་རྒྱུ་ནོར་བཀོད་སྒྲིག་དང་། བདག་བཟུང་གི་འབྲེལ་བ། རྒྱུ་ནོར་འཁོར་རྒྱུག་གི་འབྲེལ་བ་བཅས་སུ་དབྱེ་ཆོག

3_3 དོན་འགྲེལ།

དེ་ནི་བཅའ་ཁྲིམས་ལེགས་སྒྲིག་བྱས་པ་ལས་བྱུང་བའི་ཁེ་དབང་དང་འོས་འགན་གྱི་ནང་དོན་ངེས་ཅན་ལྡན་པའི་རྒྱུ་ནོར་གྱི་བཅའ་ཁྲིམས་འབྲེལ་བར་ཟེར། བཅའ་ཁྲིམས་ཀྱིས་སྤྱི་ཚོགས་ཀྱི་དཔལ་འབྱོར་འབྲེལ་བ་བྱེ་བྲག་ལེགས་སྒྲིག་བྱས་པའི་འབྲས་བུ་ཡིན་པ་དང་། གོ་དོན་འདི་ནི་བཅའ་ཁྲིམས་ཀྱིས་ལེགས་སྒྲིག་བྱ་ཡུལ་གྱི་རྒྱུ་ནོར་འབྲེལ་བ་ཡིན་པར་ཟེར་བ་མིན། དེ་བས་ཁྲིམས་རིག་གི་གསུང་རྩོམ་ནང་དུ་སྤྱིར་བཏང་དུ་གོ་དོན་འདི་བེད་སྤྱོད་མི་བྱེད།

4 བཟའ་ཟླའི་རྒྱུ་ནོར།

ཁྱོ་ཤུག་གི་རྒྱུ་ནོར་འབྲེལ་བ་ནི་ཁྱོ་ཤུག་གི་ཁྱིམ་ཚང་གི་རྒྱུ་ནོར་ཐད་ཀྱི་ཁེ་དབང་དང་འོས་འགན་གྱི་འབྲེལ་བ་ལ་ཟེར།《གཉེན་སྒྲིག་བཅའ་ཁྲིམས》ནང་ཁྱོ་ཤུག་གི་འབྲེལ་བ་གནས་པའི་རིང་ལ་ཐོབ་པའི་གཤམ་གྱི་རྒྱུ་ནོར་དག་གཏན་འབེབས་བྱས་ཡོད།

4_1 ཁྱོ་ཤུག་ཐུན་མོང་ལ་དབང་བ།

(གཅིག) གླ་ཕོགས་དང་། བྱ་དགའི་དངུལ།

(གཉིས) ཐོན་སྐྱེད་དང་གཉེར་སྐྱོང་བྱས་པའི་ཡོང་སྒོ།

(གསུམ) ཤེས་ཡོན་གྱི་ཐོན་དངོས་བདག་དབང་གི་ཡོང་སྒོ།

(བཞི) ཤུལ་འཛིན་བྱས་པའམ་གནང་སྦྱིན་བྱས་ནས་ཐོབ་པའི་རྒྱུ་ནོར། ཁ་ཆེམས་བཞག་པའམ་གནང་སྦྱིན་གྱི་གན་རྒྱའི་ནང་ཁྱོ་ཤུག་གཉིས་ལས་གཅིག་ཁོ་ནར་དབང་བ་གཏན་འཁེལ་བྱས་རིགས་འདིའི་ཁོངས་སུ་མི་གཏོགས།

(ལྔ) ཐུན་མོང་ལ་དབང་དགོས་པའི་རྒྱུ་ནོར་གཞན་དག་བཅས་ཡིན།

4_2 ཁྱོ་ཤུག་ཕྱོགས་གཅིག་གི་རྒྱུ་ནོར།

(གཅིག) གཉེན་སྒྲིག་མ་བྱས་གོང་གི་ཕྱོགས་གཅིག་གི་རྒྱུ་ནོར།

(གཉིས) ཕྱོགས་གཅིག་གི་ལུས་པོར་གནོད་འཚེ་བྱུང་བའི་རྐྱེན་གྱིས་སྨན་བཅོས་གྲོན་དངུལ་དང་། དབང་བོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་རོགས་དངུལ་སོགས་ཀྱི་འགྲོ་གྲོན་ཐོབ་རིགས།

(གསུམ) ཁ་ཆེམས་བཞག་པའམ་སྟེར་རྒྱུའི་གན་རྒྱ་བཞག་པའི་ནང་ཁྱོ་ཤུག་གཉིས་ལས་གཅིག་ཁོ་ནར་དབང་བ་གཏན་འཁེལ་བའི་རྒྱུ་ནོར།

(བཞི) ཕྱོགས་གཅིག་པུའི་ཆེད་སྤྱོད་འཚོ་བའི་ཉེར་སྤྱོད།

(ལྔ) ཕྱོགས་གཅིག་པུར་དབང་དགོས་པའི་རྒྱུ་ནོར་གཞན་དག་བཅས་ཡིན།

《གཉེན་སྒྲིག་བཅའ་ཁྲིམས》ནང་ད་དུང་ཁྱོ་ཤུག་གཉིས་པོས་གཉེན་སྒྲིག་གི་འབྲེལ་བ་གནས་པའི་རིང་ལ་བསགས་པའི་རྒྱུ་ནོར་དང་དེ་བཞིན་གཉེན་སྒྲིག་མ་བྱས་གོང་གི་རྒྱུ་ནོར་སོ་སོར་དབང་བ་དང་། ཐུན་མོང་ལ་དབང་བའམ་ཡང་ན་ཆ་ཤས་སོ་སོར་དབང་བ་དང་ཆ་ཤས་ཐུན་མོང་ལ་དབང་བའི་ཁ་དན་བཞག་ཆོག ཁ་དན་ཡིག་ཐོག་གི་འཇོག་སྟངས་སྤྱོད་དགོས་པ་དང་། ཁྱོ་ཤུག་གཉིས་ཀར་དབང་བའི་རྒྱུ་ནོར་རྣམས་འདྲ་མཉམ་གྱིས་ཐག་གཅོད་བྱེད་དབང་ཡོད། ཁྱོ་ཤུག་གཉིས་ཀར་ཕན་ཚུན་གསོ་རྒྱུའི་འོས་འགན་ཡོད་པ་དང་། ཁྱོ་ཤུག་གཉིས་ཀར་ཕན་ཚུན་རྒྱུ་དངོས་ཤུལ་འཛིན་བྱེད་དབང་ཡོད།

5 གཉེན་སྒྲིག་བཅའ་ཁྲིམས་གསར་བ།
5_1 ཁྱོ་ཤུག་རྒྱུ་ནོར་བགོ་བཤའ་རྒྱག་སྟངས།

ཁྱོ་ཤུག་གཉིས་པོའི་རྒྱུ་ནོར་སྐོར་གྱི་གཏན་འབེབས་ལའང་འགྱུར་ལྡོག་ཆེན་པོ་བྱུང་ཡོད། དེ་དོན་ཚན་བཅོ་བརྒྱད་པའི་ནང་གསེས་དོན་ཚན་དང་པོ་དང་གསུམ་པའི་ནང་མངོན་ཡོད། དོན་ཚན་འདིའི་ནང་གཤམ་གྱི་གནས་ཚུལ་གྲས་ཤིག་ཡོད་ཚེ་ཁྱོ་ཤུག་ཕྱོགས་གཅིག་གི་རྒྱུ་ནོར་ཡིན་པ་སྟེ། (གཅིག)ཕྱོགས་གཅིག་གི་གཉེན་སྒྲིག་མ་བྱས་གོང་གི་རྒྱུ་ནོར།……(གསུམ)ཁ་ཆེམས་བཞག་པའམ་སྟེར་རྒྱུའི་གན་རྒྱའི་ནང་ཁྱོ་ཤུག་ཕྱོགས་གཅིག་ཁོ་ནར་དབང་བ་གཏན་འཁེལ་བྱས་པའི་རྒྱུ་ནོར། གཉེན་སྒྲིག་བཅའ་ཁྲིམས་སྔ་མའི་གཏན་འབེབས་ལྟར་ན། ཁྱོ་ཤུག་གཉེན་སྒྲིག་མ་བྱས་གོང་གི་མི་སྒེར་གྱི་རྒྱུ་ནོར་དུས་ཡུན་ངེས་ཅན་ཞིག་བརྒྱུད་རྗེས་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་དུ་བསྒྱུར་ཆོག་པ་དང་། དེའི་ནང་གི་རྒྱུ་ནོར་གལ་ཆེན་ལོ8འགོར་བ་དང་། སྤྱིར་བཏང་གི་རྒྱུ་ནོར་ལོ4འགོར་ཡོད།

5_2 གཉེན་སྒྲིག་མ་བྱས་པར་སྐྱེས་པའི་ཕྲུ་གུའི་སློབ་ཡོན་གྱི་གནད་དོན།

དེ་སྔའི་བཅའ་ཁྲིམས་ཀྱི་དོན་ཚན་ནང་སྐྱེས་པའི་ཕའི་འོས་འགན་ནན་བཤད་བྱས་ཡོད་པ་དང་། བཅའ་ཁྲིམས་གསར་པའི་ནང“གཉེན་སྒྲིག་མ་བྱས་པར་སྐྱེས་པའི་ཕྲུ་གུ་དངོས་སུ་གསོ་སྐྱོང་མི་བྱེད་པའི་ལུས་སྦྱིན་ཕ་མས་ཕྲུ་གུའི་འཚོ་བའི་གྲོན་དངུལ་དང་སློབ་ཡོན་གྱི་འགན་འཁུར་དགོས་པ་དང་། ཕྲུ་གུ་རང་མགོ་མ་ཐོན་བར་དུ་གསོ་དགོས།

5_3 “དམག་མིའི་གཉེན་སྒྲིག”སྲུང་སྐྱོང་བྱེད་ཐབས།

དམག་མིའི་གཉེན་སྒྲིག་ཐད་ལའང་བཅའ་ཁྲིམས་གསར་པར་བཟོ་བཅོས་བརྒྱབ་ཡོད་ཅིང་། དོན་ཚན་སོ་གསུམ་པའི་ནང་གཏན་འབེབས་བྱས་དོན། “དངོས་ཞབས་དམག་མིའི་བཟའ་ཟླས་བཟའ་ཚང་ཁ་བྲལ་རྒྱུའི་རེ་འདུན་བཏོན་ན་ངེས་པར་དུ་དམག་མིའི་མོས་མཐུན་འཐོབ་དགོས། འོན་ཀྱང་དམག་མིའི་ཕྱོགས་ལ་ནོར་འཛོལ་ཆེན་པོ་ཡོད་རིགས་དེའི་ཁོངས་སུ་མི་གཏོགས” དེའི་ཁྲོད་དུ“ནོར་འཛོལ་ཚབས་ཆེན་ཡོད་རིགས་ཕུད”ཅེས་པའི་གཏན་འབེབས་ཁ་སྣོན་བྱས་ནས་དམག་མིའི་གཉེན་སྒྲིག་ལ་སྲུང་སྐྱོབ་བྱེད་པའི་ཁྱབ་ཁོངས་ལ་ཚོད་འཛིན་བྱས་ཡོད་པས། རྩ་བ་ནས་སྲུང་སྐྱོབ་བྱེད་པ་མིན།

5_4 ལྟ་ཞིབ་དབང་ཆ་ལ་བཅའ་ཁྲིམས་ཀྱི་གཞི་འཛིན་ས་ཡོད།

བཟོ་བཅོས་བྱས་རྗེས་ཀྱི་གཉེན་སྒྲིག་བཅའ་ཁྲིམས་ནང་ཐུག་འཕྲད་བྱེད་དབང་ཞེས་པའི་དོན་ཚན་གཏན་འབེབས་བྱས་ཡོད་པ་སྟེ། ཁྱོ་ཤུག་ཁ་བྲལ་རྗེས་ཕྲུ་གུར་ཐུག་འཕྲད་བྱེད་དབང་སྟེ། “བཟའ་ཚང་ཁ་བྲལ་རྗེས་ཕྲུ་གུ་དངོས་སུ་མི་གསོ་བའི་ཕའམ་མར་ཕྲུ་གུ་ཐུག་འཕྲད་བྱེད་དབང་ཡོད་པ་དང་། ཕྱོགས་ཅིག་ཤོས་ལ་རོགས་རམ་བྱེད་པའི་འོས་འགན་ཡོད།

6 ནར་མ་སོན་པའི་སྲུང་སྐྱོབ།

《དམངས་ཁྲིམས་སྤྱི་སྲོལ》དང《ལོ་ན་མ་སོན་པའི་སྲུང་སྐྱོབ་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ན། བཟའ་ཚང་ཁ་བྲལ་བྱས་པའི་ཁྱིམ་ཚང་ཁྲོད་ཀྱི་ནར་མ་སོན་པའི་མིས་ཐུན་མོང་གི་རྒྱུ་ནོར་བགོ་བཤའ་རྒྱག་སྐབས་བསམ་བློ་གཏོང་དགོས། བགོ་བཤའ་མ་བརྒྱབ་གོང་། ཐོག་མར་ནར་མ་སོན་པའི་མི་དེ་དང་མཉམ་པའི་རྒྱུ་ནོར་དེ་གསོ་སྐྱོང་དང་སློབ་གསོ་བཏང་ནས་སོ་སོར་དབྱེ་སྟེ། ནར་མ་སོན་པའི་མི་དེར་ཁེ་དབང་ཡོད་པ་གཏན་འཁེལ་བྱས་ཏེ། ཁོ་ཚོའི་མིང་ཐོག་ནས་གསལ་བོར་འགོད་དགོས་པ་མ་ཟད། ལུགས་མཐུན་གྱིས་ལྟ་སྐུལ་དང་གོ་རིམ་ལྡན་པའི་སྒོ་ནས་བཀོལ་སྤྱོད་བྱེད་དགོས། གསོ་སྐྱོང་བྱེད་མཁན་ཕྱོགས་ཀྱིས་རྒྱུ་ནོར་འདི་དག་གི་སྤྱོད་སྒོ་བསྒྱུར་བའམ་འགན་མི་འཁུར་བར་འཛད་སྤྱོད་བྱེད་པ་སྔོན་འགོག་བྱས་ཏེ། ནར་མ་སོན་པའི་མི་བདེ་ཐང་དང་བདེ་བླག་ངང་འཚར་ལོངས་འབྱུང་བར་ཁག་ཐེག་བྱེད་དགོས་པ་དང་། ཁྲིམས་འཛིན་འགྲེལ་བཤད་གཏན་འབེབས་བྱེད་སྐབས་བསམ་གཞིགས་བྱ་རྒྱུའི་གྲོས་འགོ་འདོན་དགོས།

7 མཉམ་སྡེབ་རྒྱུ་ནོར།

《དམངས་ཁྲིམས་ཀྱི་སྤྱི་འགྲོས་རྩ་སྲོལ》གྱི་དོན་ཚན32པས་གཏན་འབེབས་བྱས་དོན། མཉམ་སྡེབ་ཀྱི་རྒྱུ་ནོར་ནི་ཁག་གཉིས་ཀྱིས་གྲུབ་ཡོད་དེ། གཅིག་ནི་མཉམ་སྡེབ་འཛུགས་སྐབས་མཉམ་སྡེབ་བྱེད་མཁན་སོ་སོས་མཉམ་སྡེབ་གྲོས་མཐུན་ནང་གཏན་འཁེལ་བྱས་པའི་མ་དངུལ་གྱི་གྲངས་འབོར་ལྟར་མཉམ་སྡེབ་ལ་བཏང་བའི་མ་དངུལ་དང་དངོས་པོ་སོགས་དང་། གཉིས་ནི་མཉམ་སྡེབ་བདག་གཉེར་གྱི་གོ་རིམ་ཁྲོད་བསགས་པའི་རྒྱུ་ནོར་ཡིན། ངོ་བོའི་ཐོག་ནས་བཤད་ན། རྒྱུ་ནོར་ཁག་དེ་གཉིས་ཀ་མཉམ་སྡེབ་པ་ཡོངས་ཀྱི་ཐུན་མོང་གི་རྒྱུ་ནོར་ཡིན། འོན་ཀྱང་མཉམ་སྡེབ་བྱེད་མི་སྤྱི་དམངས་མི་སྒེར་ཁོ་ནར་ཚོད་འཛིན་བྱས་ཡོད་ཅིང་། ཁོ་ཚོ་ནི་ཐོན་སྐྱེད་རྒྱུ་ཆས་སྒེར་ལ་དབང་བ་ཡིན་ལ། ཁེར་རྐྱང་གིས་བདག་གཉེར་བྱེད་པའི་ངལ་རྩོལ་པའང་ཡིན་པས། མཉམ་སྡེབ་ཀྱི་རྒྱུ་ནོར་ནི་སྔར་བཞིན་མི་སྒེར་གྱི་རྒྱུ་ནོར་ཡིན། མཉམ་གཉེར་གྱི་རྒྱུ་ནོར་ལ་ངེས་པར་དུ་རྒྱུ་ནོར་ཐུན་མོང་ལ་དབང་བའི་འབྲེལ་བའི་བཅའ་ཁྲིམས་ཀྱི་བླང་བྱ་ལྟར་མཉམ་གཉེར་པ་ཡོངས་ཀྱིས་མཉམ་གཉེར་གྱི་རྒྱུ་ནོར་ལ་གཅིག་གྱུར་གྱིས་དོ་དམ་དང་བེད་སྤྱོད་བྱ་རྒྱུ་དང་། མཉམ་གཉེར་པ་ཚང་མས་ཡིད་མཐུན་མ་བྱས་ན།མཉམ་གཉེར་པ་སུ་ཞིག་གིས་ཀྱང་མཉམ་གཉེར་པའི་རྒྱུ་ནོར་བེད་སྤྱོད་དང་བགོ་བཤའ་བརྒྱབ་མི་ཆོག གལ་ཏེ་མཉམ་སྡེབ་བྱེད་མཁན་གྱིས་མཉམ་སྡེབ་རྒྱུ་ནོར་བེད་སྤྱོད་དང་ཐག་གཅོད་བྱེད་པར་བསམ་འཆར་གཅིག་མཐུན་མ་བྱུང་ཚེ། མཉམ་སྡེབ་བྱེད་མཁན་མང་ཆེ་བའམ་ཡང་ན་མ་དངུལ་འཇོག་མཁན་མང་ཤོས་ཀྱི་བསམ་འཆར་ལྟར་བསྒྲུབ་དགོས། དེ་ནས་མཉམ་སྡེབ་རྩ་འཛུགས་ཀྱིས་མ་དངུལ་འཇོག་པའི་དོ་དམ་དབང་ཆ་དང་བཀོལ་སྤྱོད་དབང་ཆ་ཁག་ཐེག་བྱས་ཏེ། མཉམ་སྡེབ་རྩ་འཛུགས་དང་གཅིག་གྱུར་གྱིས་མཉམ་སྡེབ་མ་དངུལ་བེད་སྤྱོད་བྱས་ཏེ། མཉམ་སྡེབ་བདག་གཉེར་གྱི་དམིགས་ཡུལ་མངོན་འགྱུར་བྱ་དགོས།


དཔྱད་གཞིའི་ཡིག་ཆ།