སྤྱི་ལོ2020ལོའི་ཀྲུང་གོར་སེམས་འགུལ་ཐེབས་པའི་ལོ་འཁོར་མི་སྣ།སྔ་མའི་པར་གཞི་དེ འབུམ་མཚོ།  ནས 2021-03-24 15:53ལ་འགྲུབ།

སྤྱི་ལོ2020ལོའི་ཀྲུང་གོར་སེམས་འགུལ་ཐེབས་པའི་ལོ་འཁོར་མི་སྣ།

སྤྱི་ལོ2020ལོའི་ཀྲུང་གོར་སེམས་འགུལ་ཐེབས་པའི་ལོ་འཁོར་མི་སྣ།
《སྤྱི་་ལོ2020ལོའི་ཀྲུང་གོར་སེམས་འགུལ་ཐེབས་པའི་ལོ་འཁོར་མི་སྣ》ཞེས་པ་ནི་ཀྲུང་གོ་ཀྲུང་དབྱང་བརྙན་འཕྲིན་ཁང་གི《ཀྲུང་གོར་སེམས་འགུལ་ཐེབས་པ》ཞེས་པའི་ལེ་ཚན་ཚོ་ཆུང་གིས་གཙོ་སྒྲུབ་བྱས་པའི་ལོ་འཁོར་གྱི་མི་སྣ་དཔྱད་འདེམས་བྱེད་པའི་བྱ་འགུལ་ཞིག་ཡིན་ཞིང་། པའེ་ཡན་སུང་དང་ཝང་ཉིང་གཉིས་ནས་འགོ་འཛིན་བྱས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
感动中国2020年度人物
ཕྱི་ཡིག་གི་མིང་།
Touching China's 2020 Person of the Year
རྒྱལ་ཁབ།
ཀྲུང་གོ།
རྩ་འཛུགས་ལས་ཁུངས།
ཀྲུང་དབྱང་བརྙན་འཕྲིན་ཁང་།
1 ངོ་སྤྲོད། 

བཅོས་ཐབས་མེད་པའི་ནད་གཞི་ཕོག་ནའང་རིམས་ནད་འགོག་བཅོས་ཀྱི་འཐབ་ས་དང་པོ་བརྟན་སྲུང་བྱེད་མཁན་གྱི་མི་དམངས་དཔའ་བོ་ཀྲང་ཏིང་ཡུས།

ཝུའུ་ཧན་གྲོང་ཁྱེར་ཅིན་དབྱིན་ཐན་སྨན་ཁང་ནི་པྲོག་དབྱིབས་ནད་པར་སྨན་བཅོས་བྱེད་སའི་གཏན་འཁེལ་སྨན་ཁང་སྔ་ཤོས་དེ་ཡིན་པ་དང་། ནད་གཞི་ལྕི་མོའི་རིགས་དང་ནད་གཞི་ལྕི་ལ་སྲོག་ཉེན་ཆེ་བའི་ནད་པར་སྨན་བཅོས་བྱེད་ས་རེད། སྨན་ཁང་དེའི་ཡོན་ཀྲང་ཀྲང་ཏིང་ཡུས་ཀྱིས་རང་ཉིད་ལ་འཁྱག་ནད་བྱུང་ཡོད་པ་སྦ་གསང་བྱས་པ་དང་པྲོག་དབྱིབས་ནད་དུག་ཕོག་པའི་ཆུང་མར་ལྟ་སྐྱོང་བྱེད་ཁོམ་མེད་པར། དུས་ཚོད་དམ་འཛིན་གྱིས་ནད་པ་མང་པོར་སྨན་བཅོས་བྱས་པ་རེད། ཁོང་གིས“མི་གཞན་ལ་རོགས་རམ་བྱེད་ཐུབ་པ་ནི་བདེ་སྐྱིད་ཅིག་ཏུ་བསམ་ཡོད།”

མང་ཚོགས་ཆུ་ལོག་ལས་སྐྱོབ་ཆེད་རང་གི་ཚེ་སྲོག་བློས་བཏང་བའི་མེ་གསོད་རུ་མི་ཁྲེང་ལུའུ།

སྤྱི་ལོ2020ལོའི་དབྱར་ཁར། ཨན་ཧུའེ་ཞིང་ཆེན་ལུའུ་ཅང་རྫོང་དུ་ཆུ་ལོག་གི་གནོད་སྐྱོན་བྱུང་ཞིང་། ཁྲེང་ལུའུ་ཡིས་ལུའུ་ཅང་རྫོང་གི་མེ་གསོད་རོགས་སྐྱོབ་རུ་ཆེན་གྱི་སྣེ་ཁྲིད་དེ་མང་ཚོགས2665གནས་སྤོས་པ་རེད། སྲོག་སྐྱོབ་པའི་གོ་རིམ་ཁྲོད་ལོ36ཙམ་ལ་སོན་པའི་ཁྲེང་ལུའུ་ཡིས་རང་སྲོག་བློས་བཏང་ལ། “བློ་བདེ་བར་བཞུགས། ངས་ལུའུ་ཅང་གཙང་པོར་སྲུང་སྐྱོང་བཟང་པོ་བྱེད་ངེས་ཡིན”ཞེས་པ་ནི་ཁྲེང་ལུའུ་ཡིས་ཨ་ཕར་བཞག་པའི་དམ་བཅའ་ཡིན་ལ།ཁོང་གིས་ཚེ་སྲོག་ལ་བརྟེན་ནས་རྒྱལ་ཁབ་དང་མི་དམངས་ལ་བཞག་པའི་དམ་བཅའ་ཞིག་ཀྱང་རེད།

རི་ཁུལ་གྱི་བྱིས་པ་བུ་མོ་ཚོའི་ལས་དབང་ལ་འགྱུར་ལྡོག་གཏོང་མཁན་གྱི་སྤྱི་ཕན་སློབ་གཙོ་ཀྲང་ཀུའེ་མེ།

སློབ་གྲྭ་བཙུགས་ནས་ལོ་ངོ12འགོར་བའི་རིང་ལ། ཡུན་ནན་ཞིང་ཆེན་ལི་ཅང་ཧྭ་ཕིང་གི་བུད་མེད་མཐོ་འབྲིང་སློབ་གྲྭས་བུད་མེད་སློབ་མ1000ལྷག་སློབ་ཆེན་དུ་བསྐྱལ་བ་རེད། གྲུབ་འབྲས་བཟང་པོ་ཡང་ཡང་ཐོབ་པའི་སྐབས་དེར་སློབ་གཙོ་ཀྲང་ཀུའེ་མེ་ཡི་ལུས་པོའི་གནས་ཚུལ་ཇེ་སྡུག་ནས་ཇེ་སྡུག་ཏུ་སོང་བ་རེད། མོས“སློབ་མ་རྣམས་སློབ་གྲྭ་ནས་སློབ་མཐར་ཕྱིན་ཏེ་སྤྱི་ཚོགས་ལ་བྱས་རྗེས་འཇོག་ཐུབ་པ་ཞིག་ཏུ་གྱུར་ན། དོན་སྙིང་ཆེན་པོ་ལྡན་པར་སེམས་བཞིན་ཡོད”ཅེས་བཤད།

གཅེས་སེམས་ཐབ་ཚང་བཙུགས་ནས་མི་གྲངས་མེད་ཅིག་ལ་དྲོ་སྐྱིད་སྦྱིན་མཁན་ཝན་ཙུའོ་ཁྲེང་དང་ཞུང་ཀེང་ཞང་བཟའ་ཟླ་གཉིས།

སྐྲན་ནད་སྨན་ཁང་ཉེ་འགྲམ་གྱི་སྲང་ལམ་དུ་སྣུམ་བཙོས་གོ་རེ་བཙོང་བ་ནས་བརྔོས་ཚལ་གཅིག་ལ་སྒོར1ལེན་པའི“སྐྲན་ནད་ལ་རྒོལ་བའི་ཐབ་ཚང”བཙུགས་པའི་ལོ་ངོ18ཀྱི་རིང་ལ། ཝན་ཙུའོ་ཁྲེང་དང་ཞུང་ཀེང་ཞང་གཉིས་སྐྲན་ནད་ཕོག་པའི་ནད་པ་དང་མཉམ་འདུག་བྱས་ཏེ་བརྩེ་སེམས་ཀྱིས་ཁོ་ཚོར་སྲུང་སྐྱོང་བྱས་པ་རེད། བཟའ་ཟླ་དེ་གཉིས་ཀྱི་ཐོག་མའི་བསམ་ཚུལ་ནི་ཧ་ཅང་སྟབས་བདེ་ཞིག་ཡིན་ཏེ། “ནད་རིགས་ལ་ལ་ནི་བཅོས་ཐབས་མེད་ཀྱང་། འཚོ་བཞེས་ཀྱི་སྐབས་སུ་ཟ་མ་ཞིམ་པོ་བྱིན་ཏེ། ནང་མི་རྣམས་ཀྱི་བློ་ཕམ་ཇེ་ཉུང་དུ་གཏོང་ཆེད་ཡིན”ཞེས་པ་དེ་ཡིན། 

འཐབ་འཛིང་གི་བྱས་རྗེས་བླ་ན་མེད་པ་འཇོག་མཁན་གྱི་དང་བླངས་དམག་མི་དཔའ་བོ་ཝང་ཧའེ།

མེ་འགོག་ཁྲའོ་རོགས་ཀྱི་སྐབས་སུ། མཁའ་དམག་གི་དམག་སྤྱི་ཟུར་པ་ཝང་ཧའེ་ཧྲང་ཅང་གིས་མི་དམངས་མཁའ་དམག་ན་གཞོན་རུ་ཆེན་དང་པོའི་སྣེ་ཁྲིད་དེ། “འཛམ་གླིང་གི་ཆེས་མཆོག་གྱུར”དུ་འབོད་པའི་ཨ་རིའི་མཁའ་དམག་ལ་དམག་འཐབ་ཐེངས80ལྷག་བྱས་ནས། དགྲ་བོའི་གནམ་གྲུ29གཏོར་བ་དང་། ཁོ་རང་ཉིད་ཀྱིས་དགྲ་བོའི་གནམ་གྲུ9གཏོར་བ་རེད། སྤྱི་ལོ2020ལོའི་ཟླ8པའི་ཚེས2ཉིན་དགུང་ལོ95ལ་སོན་པའི་ཝང་ཧའེ་སྐུ་གཤེགས་པ་རེད། རི་ཀླུང་བདེ་བར་བཀོད་པ་དང་མེས་རྒྱལ་གྱི་བྱ་རྒོད་སྔར་ལས་མཐོ་སར་འཕུར་ཐུབ་པ་བྱུང་བས་དཔའ་བོའི་མཛད་རྗེས་རླབས་པོ་ཆེ་ང་ཚོའི་ཡིད་ལ་བརྟན་པོར་ངེས་དགོས།

རིམས་ནད་ཁྲོད་དང་བླངས་ཞབས་ཞུ་བསྒྲུབས་པ་དང་སྨན་བཅོས་མི་སྣར་སྲུང་སྐྱོང་བྱས་པའི་མྱུར་སྐྱེལ་པ་ཝང་ཡུང་།

སྤྱི་ལོ2020ལོའི་གནམ་གང་གི་ཉིན་མོར། ཝུའུ་ཧན་གྱི་མྱུར་སྐྱེལ་པ་ཝང་ཡུང་གིས་ཁྱིམ་མིར་གོ་སྐོན་བློ་འགུག་བྱས་ནས་ཅིན་དབྱིན་ཐན་སྨན་ཁང་གི་ནད་སྐྱོང་པ་ཁྱིམ་དུ་སྐྱེལ་བར་འབད་པ་རེད། ཟླ1པོའི་ཚེས25ཉིན་ནས་ཟླ4པའི་ཚེས8ཉིན་བར། ཉིན་གཅིག་ལ་དུས་ཡུན་ཆུ་ཚོད4ལས་གཉིད་ཁོམ་མེད་པས། རང་ཉིད་གཅིག་པུས་རོགས་རམ་མང་པོ་བྱེད་མི་ཐུབ་པར་བསམ་ནས། སྐད་འཕྲིན་ལས་ཚང་མར་མཉམ་དུ་རོགས་སྐྱོར་བྱེད་དགོས་པའི་སྐུལ་སློང་བཏང་། སྨན་བཅོས་མི་སྣར་ག་དུས་ཡིན་ཡང་རིན་མེད་དུ་ཟ་མ་བཟའ་ཐུབ་པ་ཡོང་ཆེད། ཁོས་ཕྱོགས་མང་པོར་འབྲེལ་གཏུག་བྱས་ནས་དགོས་མཁོ་ཐག་གཅོད་བྱས་ཏེ། མི་ཕལ་བ་ཞིག་གི་སྟོབས་ཤུགས་ཀྱིས་གཏམ་རྒྱུད་ངོ་མཚར་བ་བསྐྲུན་ཡོད།

དུས་ཚོད་དང་མགྱོགས་ཚད་འགྲན་མཁན་གྱི་བྱང་སྐར་སྤུན་བདུན་སྲུང་སྐར་གསུམ་པའི་དབུ་བཞུགས་ཇུས་འགོད་པ་ཞེ་ཅུན།

གཡང་གཟའ་ཨང55པ་མཁའ་དབྱིངས་སུ་འཕུར་བ་དང་བསྟུན་ནས་བྱང་སྐར་སྤུན་བདུན་གྱིས་ཀྲུང་གོའི་འདུན་མ་མངོན་འགྱུར་བྱས། བྱང་སྐར་སྤུན་བདུན་རྟགས་ཅན་གྱི་སྲུང་སྐར་གསུམ་པ་ཞིབ་འཇུག་དང་གསར་བཟོ་བྱེད་པའི་ཁྲོད། ཞེ་ཅུན་ཚོགས་པས་གསར་གཏོད་རང་བཞིན་གྱི་སྒོ་ནས་སྲུང་སྐར་འབོར་གྲངས་ཅན་ཐོན་སྐྱེད་བྱས་ཏེ། ལོ1དང་ཉིན14ཡི་དུས་ཡུན་ནང་ཕྱོགས་སྟོན་སྲུང་སྐར19མཁའ་དབྱིངས་སུ་བསྐྱལ་ནས་ཟིན་ཐོ་གསར་པ་བཀོད་པ་དང་། དུས་ཚོད་དམ་འཛིན་བྱས་ནས་མྱུར་ཚད་ཟམ་མི་ཆད་པར་ཇེ་མགྱོགས་སུ་བཏང་བ་རེད།

ཀྲུང་གོའི་སྲོལ་རྒྱུན་རིག་གནས་བརྒྱུད་སྤེལ་ཐད་སེམས་ཤུགས་བླ་མེད་གཞོལ་མཁན་གྱི་བུད་མེད་མཁས་དབང་ཡེ་ཅ་ཡིང་།

དུས་རབས་སྔོན་མའི་ལོ་རབས70པར། མིང་དུ་གྲགས་པའི་སློབ་ཆེན་མང་པོ་ཞིག་གི་དགེ་རྒན་ཆེན་མོའི་གོ་མིང་བླངས་ཡོད་པའི་ཡེ་ཅ་ཡིང་གིས་གླ་རིན་གཅིག་ཀྱང་མ་བླངས་པར། རྒྱལ་ནང་དུ་ལོག་ནས་སློབ་ཁྲིད་བྱས་པ་རེད།དེང་སྐབས་ལོ90ལྷག་ལ་སོན་པའི་ཁོ་མོས་སྔར་བཞིན་འཆད་ཁྲིད་རྒྱུན་འཁྱོངས་བྱེད་བཞིན་ཡོད་པར་མ་ཟད། ད་དུང་སྒོར་ཁྲི3500ལྷག་ཞལ་འདེབས་ཕུལ་ནས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཞིབ་འཇུག་ལ་རྒྱབ་སྐྱོར་བྱས་པ་རེད།ཁོ་མོས་སྐུ་ཚེ་ཧྲིལ་པོར་ཀྲུང་གོའི་སྲོལ་རྒྱུན་རིག་གནས་དང་གནའ་བོའི་རྩོམ་རིག་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་བྱས་ཡོད། སློབ་བུ་གང་སར་ཁྱབ་ནས་རིག་གནས་རྒྱུན་འཛིན་བྱེད་བཞིན་ཡོད་པས་སློབ་དཔོན་ཆེན་མོ་ཁོ་མོར་ང་ཚོས་སྙིང་ནས་གུས་འདུད་ཞུ།

བྲག་རི་གཡང་གཟར་ལ་ལམ་བཏོད་ཅིང་སྡེ་མིའི་སྣེ་ཁྲིད་དེ་དབུལ་ཐར་ཕྱུག་བསྒྱུར་བྱེད་མཁན་གྱི“དེང་རབས་ཡུས་ཀུང”མའོ་ཞང་ལིན།

མའོ་ཞང་ལིན་གྱིས་ལོ43གྱི་རིང་ལ་ཐག་རིང་ལུང་ཁུག་གི་རི་གྲོང་བརྟན་སྲུང་བྱས་ཤིང་། དཀའ་སྤྱད་དངོས་སྒྲུབ་ཀྱིས་ཁྲུང་ཆིང་ཝུའུ་ཧྲན་རྫོང་ཀྲུའུ་ཞན་ཞང་ཞ་གྲོང་སྡེ་བའི་སྡེ་མིའི་སྣེ་ཁྲིད་དེ་གཡང་གཟར་བའི་བྲག་ངོས་སུ་བགྲོད་ལམ་བཏོད། ལོ་ངོ7རིང་ལས་པའི་སྤྱི་ལེ8ཅན་གྱི“གཡང་ལམ”དེར་བརྟེན་ནས་ཚང་མ་ཕྱུག་བསྒྱུར་གྱི་ལམ་དུ་བསྐྱོད་པ་རེད། དེང་སྐབས་དགུང་ལོ་དྲུག་ཅུ་ལྷག་ལ་སོན་པའི་མའོ་ཞང་ལིན་སྔར་བཞིན་ཁོམ་ལོང་མེད་པ་དང་གྲོང་ཚོའི་འབྱུང་འགྱུར་ཐད་ཁོང་ལ་ཕུགས་འདུན་དེ་བས་ཆེན་པོ་ཡོད།

དཀའ་ཁག་དང་ཉེན་ཁར་མི་སྐྲག་པར་མེས་རྒྱལ་གྱི་རི་ཀླུང་ཚད་འཇལ་བྱེད་པ་དང་ལོ67རིང་ཐོག་མའི་བསམ་འདུན་མི་བསྒྱུར་བའི་རྒྱལ་ཁབ་ལྟ་ཞིབ་ཚད་ལེན་རུ་ཆེན་དང་པོ།

ལྷོ་སྣེར་ལྟ་ཞིབ་ཚད་ལེན་ཐེངས2དང་། ཇོ་མོ་གླང་མར་ལྟ་ཞིབ་ཚད་ལེན་ཐེངས7བྱས་པ་དང་། ནང་སོག་གི་ཐང་རྒོད་དུ་ཐེངས39ལ་སོང་ཞིང་། མཐོ་སྒང་གི་མི་མེད་ལུང་སྟོང་ཁུལ་དུ་ཐེངས52སོང་ལ། བྱེ་ཐང་གི་དབུས་སུ་ཐེངས52ལ་སོང་བ་སོགས་ལོ67རིང་རྒྱལ་ཁབ་ལྟ་ཞིབ་ཚད་ལེན་རུ་ཆེན་དང་པོ་རྐང་ཐང་དུ་སོང་བའི་ཚད་སྤྱི་ལེ་ཁྲི6000ལྷག་ལ་སླེབས། ཁོ་ཚོས་རང་ཉིད་ཀྱི་གོམ་པར་བརྟེན་ནས་མེས་རྒྱལ་གྱི་ས་གཞི་ལ་ཚད་འཇལ་བ་དང་རྔུལ་ཆུ་དང་ཚེ་སྲོག་ལ་བརྟེན་ནས་མེས་རྒྱལ་སྔར་བས་མཛེས་སྡུག་ལྡན་པར་བཏང་བ་རེད།

དཔྱད་གཞིའི་ཡིག་ཆ།