མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་གྲ་སྒྲིག་ཚོགས་འདུ།སྔ་མའི་པར་གཞི་དེ འབུམ་མཚོ།  ནས 2021-03-26 09:25ལ་འགྲུབ།

མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་གྲ་སྒྲིག་ཚོགས་འདུ།

མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་གྲ་སྒྲིག་ཚོགས་འདུ།
མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་གྲ་སྒྲིག་ཚོགས་འདུ་ནི་སྤྱི་ལོ2016ལོའི་ཟླ1པོའི་ཚེས24ཉིན་གྱི་སྔ་དྲོར་མཚོ་སྔོན་ཞིང་ཆེན་ཚོགས་འདུ་ལྟེ་གནས་ཚོགས་ཁང་ཆེན་མོ་ནས་འཚོགས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
青海省十二届人大五次会议预备会议
དུས་ཚོད།
སྤྱི་ལོ2016ལོའི་ཟླ1པོའི་ཚེས24ཉིན།
1 ​ངོ་སྤྲོད། 

མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་གྲ་སྒྲིག་ཚོགས་འདུ་ནི་སྤྱི་ལོ2016ལོའི་ཟླ1པོའི་ཚེས24ཉིན་གྱི་སྔ་དྲོར་མཚོ་སྔོན་ཞིང་ཆེན་ཚོགས་འདུ་ལྟེ་གནས་ཚོགས་ཁང་ཆེན་མོ་ནས་འཚོགས་པ་ཡིན།

མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཚུན་འབྲེལ་ཡོད་འདེམས་བསྐོའི་ཚན་པས་ཁྲིམས་ལྟར་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་འཐུས་མི་གསབ་འདེམས་བྱས་པ་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་ཁག་ཅིག་གི་འཐུས་མིའི་ཐོབ་ཐང་ལ་ཞིབ་བཤེར་བྱས་པའི་སྙན་ཞུར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། ད་བར་དུ་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་དངོས་ཡོད་འཐུས་མི394ཡོད་ཅིང་། ད་ཐེངས་ཀྱི་ཚོགས་འདུའི་ཐོག་འབྱོར་ཐོ་འགོད་པའི་འཐུས་མི369དང་ཕྱི་དྲོའི་གྲ་སྒྲིག་ཚོགས་འདུར་ཞུགས་མཁན་འཐུས་མི319ཡོད་པས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན།

ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ཨུའི་ཀྲུའུ་རེན་ལུའོ་ཧུའེ་ཉིང་དང་ཀྲུའུ་རེན་གཞོན་པ་མུའུ་ཏུང་ཧྲེང་དང་། སྟག་འབུམ་ཐར། སུའུ་ཉིང་། དབང་མོ། ཚའོ་ཝུན་ཧུའུ། མ་ཝུའེ། ཚའོ་ཧུང་བཅས་དང་དྲུང་ཡིག་ཆེན་མོ་ཚའེ་ཏེ་ཀུའེ་བཅས་གྲ་སྒྲིག་ཚོགས་འདུར་ཕེབས་པ་དང་འབྲེལ་ཀྲུའུ་ཞི་སྟེགས་བུར་བཞུགས་ཡོད།

ཚོགས་འདུར་ཚའོ་ཝུན་ཧུའུ་ཡིས་འགོ་འཛིན་མཛད།

གྲོས་ཚོགས་ཀྱི་གྲོས་རིམ་ལ་ཁྱོན་བསྡོམས་ཁག་གསུམ་ཡོད་དེ།

གཅིག ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོ་འདེམས་བསྐོ་བྱ་རྒྱུ།

གཉིས། གྲོས་ཚོགས་ཀྱི་གྲོས་རིམ་མ་ཟིན་ལ་བརྡས་ཐག་གཅོད་རྒྱུ།

གསུམ། འཐུས་མི་ཚོགས་པ་ཁག་གི་མདའ་དཔོན་དང་མདའ་དཔོན་གཞོན་པའི་མིང་ཐོ་ཁྱབ་བསྒྲགས་བྱ་རྒྱུ།

ཚོགས་འདུའི་ཐོག་གོང་གསལ་གྱི་གྲོས་རིམ་གསུམ་ལ་རིམ་པ་བཞིན་གྲོས་འཆམ་བྱུང་བ་རེད།


དཔྱད་གཞིའི་ཡིག་ཆ།