སྤྱི་ལོ2016ལོའི་ཟླ1པོའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དྲུག་པ་ཟི་ལིང་ནས་འཚོགས། མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་། དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་བཅས་ཀྱི་འགན་བཞེས་པའི་ལུའོ་ཧུའེ་ཉིང་གིས་ཚོགས་འདུར་འགོ་འཛིན་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིང་གིས་སྲིད་གཞུང་གི་བྱ་བའི་སྙན་ཞུ་ཕུལ།
ཧའོ་ཕིང་གིས་བསྟན་དོན། སྤྱི་ལོ2015ལོར་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བརྟན་ཐོག་ཡར་འཕེལ་དང་བརྟན་ཐོག་ཇེ་ལེགས་སུ་འགྲོ་བཞིན་ཡོད། དཔལ་འབྱོར་འཕར་ཚད་འབྲིང་མཐོ་རྒྱུན་འཁྱོངས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་བསྡོམས་ཐང་སྒོར་དུང་ཕྱུར2417ཟིན་པ་དང་། 8.2%འཕར་ནས་རྒྱལ་ཡོངས་ཀྱི་ཆུ་ཚད་འབྲིང་བར་སླེབས་པ་དང་། ས་གནས་ཀྱི་སྤྱི་བའི་ནོར་སྲིད་ཀྱི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར267ཟིན་ཞིང6.1%འཕར་བ་དང་། ནོར་ཤུགས་བསྡོམས་འབོར་སྒོར་དུང་ཕྱུར1665ཟིན་ཞིང8.7%འཕར་ཡོད། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད2.6%ཟིན་ཞིང་། ཉེ་བའི་ལོ་འགའི་ནང་ཅུང་དམའ་བའི་ཆུ་ཚད་དུ་གནས་ཡོད། སྤྱི་ཚོགས་ཡོངས་ཀྱི་འཛད་སྐྱོད་སིལ་འཚོང་བྱེད་གྲངས་བསྡོམས་འབོར11.3%འཕར་ཏེ་འཕར་ཚད་ནུབ་རྒྱུད་ཀྱི་མདུན་གྲལ་དུ་སླེབས་ཡོད། ཕྱིར་གཏོང་ནང་འདྲེན་བྱས་གྲངས་བསྡོམས་འབོར་ཨ་སྒོར་དུང་ཕྱུར19.3ཟིན་ཞིང126%འཕར་ཡོད།
སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་། ཀྲུང་གོའི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་པ་དེའི་ངོས་ནས་མཚོ་སྔོན་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དེ་དུས་མཚམས་གསར་བར་སླེབས་པ་མཚོན་ཡོད། གཙོ་གནད་སྣོད་བཅུད་འདུ་འགོད་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ་དང་། རྩིས་གཞིGDPདང་བཟོ་ལས་འཕར་ཐང་གི་ནུས་རྒྱུ་ཟད་གྲོན་ཐད“གཉིས་ཆག”མངོན་འགྱུར་བྱུང་བ། ཟི་ལིང་གྲོང་ཁྱེར་གྱི་མཁའ་རླུང་ལེགས་ཚད77.6%ཟིན་པ།“ལོ་ལྔའི་འཆར་འགོད་བཅུ་གཉིས་པའི”རིང་གི་ཆུ་ཚད་ཡག་ཤོས་ཡིན་པ་བཅས་ཡིན། དམངས་འཚོ་བདེ་སྐྱིད་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་ཁྲི6.2གསར་དུ་ལས་ཞུགས་ཐུབ་པ་བྱུང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར24542དང་སྒོར7933སོ་སོར་ཟིན་ནསརེ་རེ་བཞིན10%དང8.9%འཕར་ཡོད། གནད་སྨིན་དབུལ་ཐར་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ལོ་འཁོར་གྱི་དབུལ་ཐར་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་དགོས། གཏན་འཁེལ་བྱས་པའི་“དམངས་འཚོའི་དོན་དངོས་ཁག་བཅུ”ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་ཡོད།
“འདས་ཟིན་པའི་ལོ་ལྔ་ནི་རང་རེའི་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་འབོར་འཕར་ཚད་མགྱོགས་ཤོས་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཆེ་ཤོས། མང་ཚོགས་ལ་དངོས་ཕན་མང་ཤོས་ཐོབ་པ་བཅས་ཀྱི་ལོ་ལྔ་ཡིན” ཞེས་ཧའོ་ཕུང་གིས་བཤད།
“ལོ་ལྔའི་འཆར་འགོད་བཅུ་གཉིས་པའི”དུས་མཇུག་ཏུ་ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་བསྡོམས་ཐང་སྒོར་དུང་ཕྱུར་སྟོང་གི་མཆོང་སྐྱོད་ཐེངས་གཉིས་པ་མངོན་འགྱུར་བྱུང་བ་དེ“ལོ་ལྔའི་འཆར་འགོད་བཅུ་གཅིག་པའི”དུས་མཇུག་གི་ལྡབ1.67ཡིན་པ་དང་ལོ་རེར་ཆ་སྙོམས་ཀྱིས10.7%འཕར་ཡོད། ལོ་ལྔའི་ནང་ཞིང་ཆེན་དེ་ཡོངས་སུ་སྟོང་ཆ་སྐོང་ནུས་ཀྱི་རྣམ་གྲངས་གལ་ཆེན་ཁག་གཅིག་བསྐྲུན་ནས་མྱུར་བགྲོད་གཞུང་ལམ་སྤྱི་ལེ3000ལས་བརྒལ་བ་དང་མཚོ་སྔོན་རྒྱལ་ཡོངས་ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བར་ཞུགས་ཡོད། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སྐས་རིམ་གསར་བ་ཞིག་ཏུ་སླེབས་པ་དང་། ཞིང་ཆེན་ཡོངས་ཀྱི་ནགས་ཚལ་ཁྱབ་ཚད1.07%མཐོ་རུ་ཕྱིན་པ། འདམ་རའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ། ནོར་སྲིད་ཀྱིས་སྔ་ཕྱིའི་སྡེབ་རྩིས་བརྒྱབ་ན་དམངས་འཚོའི་ཐད་ཀྱི་མ་དངུལ་འཇོག་ཚད“ལོ་ལྔའི་འཆར་འགོད་བཅུ་གཅིག་པའི”སྒོར་དུང་ཕྱུར1493ནས་སྒོར་དུང་ཕྱུར4649བར་ཇེ་མང་དུ་སོང་ནས་ལྡབ2.1འཕར་ཞིང་། དམངས་འཚོ་འགན་སྲུང་གི་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོ་རུ་ཕྱིན་ཡོད། “རྒྱལ་རྟགས་ཅན”གྱི་སྒྱུར་བཅོས་ཆེན་པོ་གསུམ་འཁྱག་གཏོར་མདུན་སྐྱོད་བྱས་པ་དང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི“གདུང་མ་བཞི་དང་ཀ་བ་བརྒྱད”ཀྱི་སྣོད་བཅུད་ཤེས་དཔལ་ལམ་ལུགས་ཀྱི་མ་ལག་སྔོན་ལ་བཙུགས་ཡོད།
སྤྱི་ལོ2016ལོའི་མཚོ་སྔོན་གྱི་འཕེལ་རྒྱས་དམིགས་ཚད་ནིGDP 7.5%འཕར་བར་བྱ་རྒྱུ་དེ་ཡིན།
སྲིད་གཞུང་གི་བྱ་བའི་སྙན་ཞུའི་ཁྲོད《མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་རྩ་གནད(འཆར་ཟིན)》གཙོ་གནད་དུ་བཟུང་ནས་ངོ་སྤྲོད་དང་གསལ་བཤད་བྱས་ཡོད། དུས་མཚུངས་སུ། ཧའོ་ཕིང་གིས“ལོ་ལྔའི་འཆར་འགོད་བཅུ་གཅིག་པ”འགོ་རྩོམ་པའི་ལོ་དེའི་སྲིད་གཞུང་གི་ལས་དོན་ལ་སྤྱིའི་བླང་བྱ་བཏོན།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ། ལྔ་པ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས། “ཁྱོན་ཡོངས་བཞི”ཡི་འཐབ་ཇུས་ཀྱི་བཀོད་པ་ལྟར། འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་བརྟན་པོར་འཛུགས་པ། ཞིང་ཆེན་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་ཐབས་ཇུས་བཀོད་སྒྲིག་ལྟར། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་འཚམ་པར་བྱས། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་གཞི་གདངས་རྒྱུན་འཁྱོངས། སྐྱེ་ཁམས་སྲུང་སྐྱོང་དམིགས་བསལ་གྱིས་སྔོན་ལ་འཛིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ འཕར་སྣོན་བརྟན་པོ་དང་གྲུབ་ཚུལ་ལེགས་སྒྲིག་གིས་བསྒྱུར་བཅོས་ལ་སྐུལ་སྤེལ་དང་དམངས་འཚོར་ཕན་པ་འདོགས་རྒྱུ་རྒྱུན་འཁྱོ ཕན་ནུས་ལྡན་པའི་དགོས་མཁོ་མུ་མཐུད་རྒྱ་སྐྱེད་གཏོང་བ་དང་དུས་མཚུངས་སུ།མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་ལ་ཤུགས་སྣོན་ཆེན་པོ་བརྒྱབ་སྟེ། གསར་གཏོད་དང་། ཐོན་ནུས་གཅོག་པ། མཛོད་ཉར་འཕྲི་བ། མ་གནས་གཅོག་པ། ཉེན་ཁ་འགོག་པ་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་འགུལ་ནུས་ཆེ་རུ་ཏན་ཏིག་གཏོང་བ་དང་། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བར་ཤུགས་རྒྱག་པ། སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་ཡོང་བར་འགན་ལེན་ཏན་ཏིག་བཅས་བྱས་ཏེ།“ལོ་ལྔའི་འཆར་འགོད་བཅུ་གསུམ་པ”ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་ཡག་པོ་ཞིག་རྩོམ་པར་འབད་བརྩོན་བྱ་དགོས།
སྲིད་གཞུང་གི་ལས་དོན་གྱིས་མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་ལ་བརྟེན་ནས་དཔལ་འབྱོར་གཞན་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་ལས་དོན་གཙོ་གནད་ཐོག་ཡག་པོ་བསྒྲུབས། ནུས་ལྡན་གྱི་དགོས་མཁོ་རྒྱ་ཆེར་གཏོང་བར་བརྟེན་ནས་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུར་འདེགས་སྐྱོར་བྱེད་པ་དང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་ལེགས་ཆ་གསར་བ་གཏོད་རྒྱུར་སྣེ་ཁྲིད་བྱེད་པ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་བ་གཏོད་རྒྱུ་ཁྲིད་སྟོན་དུ་བྱས་ནས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་ཁྱབ་ཁོངས་ཀྱི་སྒྱུར་བཅོས་གཙོ་གནད་དུ་བྱས་ནས་འཕེལ་རྒྱས་ཀྱི་བར་མཐོངས་རྒྱ་ཆེར་གཏོང་བ།“དམངས་འཚོའི་དོན་དངོས་ཁག་བཅུ”གཙོ་གནས་དུ་བཟུང་ནས་འཕེལ་རྒྱས་ཀྱི་ཕྱོགས6གི་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
སྤྱི་ལོ2016ལོའི་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། གྲུབ་ཚུལ་ལེགས་འགྱུར། སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བའི་རྨང་གཞིའི་ཐོག ཐོན་སྐྱེད་བསྡོམས་ཐང7.5%ཡས་མས་འཕར་བར་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་མི་ཁྲི6གསར་དུ་འཕར་བ་དང་། ཞིང་འབྲོག་པ་མི་ཐེངས་ཁྲི105ལས་ཞུགས་གཞན་སྒྱུར་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ9%ཙམ་འཕར་བ། གྲོང་མིའི་འཛད་སྤྱོད་རིན་གོང3%ཙམ་དུ་ཚོད་འཛིན་བྱེད་པ། གྲོང་ཁྱེར་གཙོ་བོའི་མཁའ་རླུང་སྤུས་ཚད་ལེགས་ཚད75%ཡན་རྒྱུན་འཁྱོངས་བྱེད་པ། ཙོང་ཆུའི་ཆུ་འགོའི་ས་ཁོངས་ནས་ཕྱིར་སྐྱོད་པའི་ཆུའི་སྤུས་ཚད་ལོན་ཚད83%ཡན་ཟིན་པ། ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་གི་དམིགས་ཚད་རྒྱལ་ཁབ་ཀྱི་གཏན་འབེབས་དང་མཐུན་པར་བྱེད་དགོས་པ་བཅས་ཡིན།