(གཅིག)ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་གཏིང་ཟབ་དང་། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་ལག་བསྟར་གཏིང་ཟབ། ཏང་གིས་ཞིབ་དཔྱོད་ལས་དོན་ལ་འགོ་ཁྲིད་ལྟོས་མེད་བྱ་རྒྱུ་མཐའ་འཁྱོངས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གོ་གནས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཏང་ཀྲུང་དབྱང་གི་དབང་ཆ་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། གོང་རིམ་མི་དམངས་ཞིབ་དཔྱོད་ཁང་དང་རིམ་པ་གཅིག་མཚུངས་ཀྱི་ཏང་ཨུའི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བཅས་བྱེད་དགོས།
(གཉིས)བཅའ་ཁྲིམས་ལྟར་ཕིང་ལུའོ་རྫོང་གི་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་གཞི་འདོན་དགོས།
(གསུམ)བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་ཕིང་ལུའོ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཐད་ཀར་བདག་སྤྲོད་བྱེད་པའི་ཉེས་དོན་གྱོད་གཞིར་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་མྱུལ་ཞིབ་བྱེད་དབང་སྤྱོད་རྒྱུ་དང་། ཉེས་དོན་ཉེས་གསོག་གྱོད་གཞིར་ཁྲིམས་ལྟར་འཛིན་བཟུང་ཆོག་མཆན་སྤྲོད་པ་དང་འཛིན་བཟུང་བྱེད་ཆོག་པ་ཐག་གཅོད་ བྱེད་དགོས།
(བཞི)ཕིང་ལུའོ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་སྒྲུབ་འགན་ཁུར་བའི་ཉེས་དོན་དང་དམངས་དོན། སྲིད་འཛིན་གཏུག་བཤེར་བྱེད་སྒོ་དང་སྲིད་འཛིན་དཔྱད་མཚམས་སོགས་ཕན་ནུས་ཐོན་པའི་ཁྲིམས་དོན་ཡིག་རིགས་ལག་བསྟར་བྱེད་པའི་བཅའ་ཁྲིམས་ལྟ་སྐུལ་བྱ་བའི་འགན་འཁུར་དགོས།
(ལྔ)ཕིང་ལུའོ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་སྒྲུབ་འགན་ཁུར་བའི་སྤྱི་ཕན་གཏུག་བཤེར་བྱ་བའི་འགན་འཁུར་དགོས།
(དྲུག) ཕིང་ལུའོ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་སྒྲུབ་འགན་ཁུར་བའི་སྡེ་ཁུལ་ཡོ་བསྲང་སྒྲིག་གཞིའི་ཁྲིམས་བསྟར་བྱེད་སྒོར་བཅའ་ཁྲིམས་ཐོག་ནས་ལྟ་སྐུལ་བྱེད་པའི་ལས་ཀའི་འགན་འཁུར་དགོས།
(བདུན)ཕིང་ལུའོ་རྫོང་མི་དམངས་ཞིབ་དཔྱོད་ཁང་ལ་ཞུ་གཏུག་དང་རྒྱུ་མཚན་ཞུ་འབུལ་བྱས་རིགས་བདག་སྤྲོད་བྱེད་འགན་འཁུར་དགོས།
(བརྒྱད)ཞིབ་དཔྱོད་དཔུང་ཁག་འཛུགས་སྐྱོང་དང་བསམ་བློ་ཆབ་སྲིད་ཀྱི་ལས་ཀའི་འགན་ཁུར་ནས་ཞིབ་དཔྱོད་མི་སྣར་གྲངས་རིག་གསོ་སྐྱོང་སྦྱོང་བརྡར་བྱེད་པ།
(དགུ)ལས་བྱེད་པའི་དོ་དམ་དབང་ཚད་གཞིར་བཟུང་ས་གནས་ཏང་ཨུ་དང་གོང་རིམ་མི་དམངས་ཞིབ་དཔྱོད་ཁང་ལ་གཞོགས་འདེགས་བྱས་ཏེ་ཞིབ་དཔྱོད་ཁང་དེའི་ཞིབ་དཔྱོད་མི་སྣར་དོ་དམ་དང་དཔྱད་ཞིབ་བྱེད་དགོས།
(བཅུ) ཞིབ་དཔྱོད་ལས་ཁུངས་ཀྱི་ནོར་དོན་སྒྲིག་ཆས་ལས་དོན་འཆར་འགོད་དོན་འཁྱོལ་བྱས་ནས་ཞིབ་དཔྱོད་ལས་ཁུངས་ཀྱི་ཆ་འཕྲིན་ཅན་འཛུགས་སྐྱོང་དང་ཞིབ་དཔྱོད་ལག་རྩལ་ལས་དོན་སྤེལ་དགོས།
(བཅུ་གཅིག) རྫོང་རིམ་པའི་མི་དམངས་ཞིབ་དཔྱོད་ཁང་གིས་སྒྲུབ་འགན་འཁུར་དགོས་པའི་དོན་ཚན་གཞན་དག་གི་འགན་འཁུར་དགོས།
(གཅིག)གཞུང་ལས་ཁང་།
ལས་ཁུངས་ཀྱི་ཡིག་ཆ་དང་གློག་འཕྲིན། ཚོགས་དོན། གསང་གནད་ཡིག་ཚགས། གསང་སྲུང་། ཕྱི་དོན་སོགས་ཀྱི་ལས་ཀ་བྱེད་འགན་འཁུར་རྒྱུ། འགོ་ཁྲིད་ཀྱིས་ཞིབ་དཔྱོད་སྲིད་དོན་ཐག་གཅོད་བྱེད་པར་གཞོགས་འདེགས་དང་ཞིབ་དཔྱོད་ཁང་གི་ལས་ཀའི་བཀོད་སྒྲིག་གལ་ཆེན་དང་ཐབས་ཇུས་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པར་སྒྲིག་འཛུགས་མཐུན་སྦྱོར་བྱེད་པ། དྲུང་ཡིག་ལས་དོན་ལ་དོ་དམདང་ཞིབ་དཔྱོད་ཆ་འཕྲིན་ཐག་གཅོད། ནང་ཁུལ་གྱི་གསར་འགྱུར་མདོར་བསྡུས་རྩོམ་སྒྲིག་འགྲེམས་སྤེལ་བཅས་བྱེད་དགོས་པ་དང་། ལས་ཁུངས་ཀྱི་ནོར་དོན་དོ་དམ་དང་སྒྲིག་ཆས་དོ་དམ། རྒྱབ་ཕྱོགས་ཞབས་ཞུའི་འགན་སྲུང་སོགས་ཀྱི་ལས་ཀ་བྱེད་འགན་འཁུར་དགོས།
(གཉིས)ཞིབ་དཔྱོད་པུའུ་དང་པོ།
ཞིབ་དཔྱོད་པུའུ་གཉིས་པས་གྱོད་གཞི་སྒྲུབ་གཉེར་བྱས་པ་ཕུད་པའི་ཉེས་དོན་གྱོད་གཞི་ཞིབ་བཤེར་འཛིན་བཟུང་དང་ཞིབ་བཤེར་ཁྲིམས་སྦྱོར། ཁྲིམས་རར་ཞུགས་ནས་གཞུང་གཏུག་དང་བསྐྱར་གཅོད་ཞུ་གཏུག་ལ་རྒྱབ་སྐྱོར་བྱེད་པའི་འགན་འཁུར་རྒྱུ་དང་། འབྲེལ་ཡོད་གྱོད་ཐོ་འགོད་ཚུལ་ལ་ལྟ་སྐུལ་དང་མྱུལ་ཞིབ་ལྟ་སྐུལ། འདྲི་གཅོད་ལྟ་སྐུལ་བཅས་དང་དེ་བཞིན་འབྲེལ་ཡོད་གྱོད་གཞིར་མྱུལ་ཞིབ་ཁ་གསབ་བྱས་ནས་ཕིང་ལུའོ་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་དོ་དམ་ཁོངས་གཏོགས་ཀྱི་འབྲེལ་ཡོད་ཉེས་དོན་བསྐྱར་ཞུ་དང་གྱོད་གཞི་བསྒྲུབ་དགོས།
(གསུམ)ཞིབ་དཔྱོད་པུའུ་གཉིས་པ།
ལྟ་ཞིབ་ཨུ་ལྷན་གྱིས་ལས་ཐོག་ཉེས་གསོག་གྱོད་གཞི་སྐྱེལ་སྤྲོད་བྱེད་པ་དང་། ཞིབ་དཔྱོད་པུའུ་གསུམ་པས་ཐད་ཀར་བདག་སྤྲོད་དང་མྱུལ་ཞིབ་བྱས་རྗེས་སྐྱེལ་སྤྲོད་བྱེད་པའི་གྱོད་གཞི་དང་ཉེས་དོན་ཉེས་གསོག་གྱོད་གཞི་ཚབས་ཆེན་ཞིབ་བཤེར་འཛིན་བཟུང་དང།ཞིབ་བཤེར་ཞུ་གཏུག ཁྲིམས་རར་ཞུགས་ནས་གཞུང་གཏུག་ལ་རྒྱབ་སྐྱོར། བསྐྱར་གཅོད་ཞུ་གཏུག་བཅས་བྱེད་འགན་འཁུར་དགོས་པ་དང་། འབྲེལ་ཡོད་གྱོད་དོན་ཐོ་འགོད་ལྟ་སྐུལ་དང་མྱུལ་ཞིབ་ལྟ་སྐུལ། འདྲི་གཅོད་ལྟ་སྐུལ། དེ་བཞིན་འབྲེལ་ཡོད་གྱོད་གཞིར་ཁ་གསབ་མྱུལ་ཞིབ་བྱེད་དགོས།
(བཞི)ཞིབ་དཔྱོད་པུའུ་གསུམ་པ།
སྡེ་ཁུལ་ཡོ་བསྲང་སྒྲིག་གཞིའི་ཁྲིམས་འཛིན་བྱེད་སྒོར་ལྟ་སྐུལ་བྱེད་འགན་འཁུར་རྒྱུ་དང་། ཉེས་དོན་ཁྲུན་བཅད་དང་ཁྲུན་བཅད་ལག་བསྟར། བཀག་ཉར་དུས་ཚད་བཅས་ལ་ལྟ་སྐུལ་བྱེད་འགན་འཁུར་དགོའས་པ་དང་། རྫོང་རིམ་པའི་མི་དམངས་ཞིབ་དཔྱོད་ཁང་གིས་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་ཁྲིམས་འཛིན་ལས་བྱེད་མི་སྣས་འགན་དབང་སྤྱད་དེ་ཁྲིམས་འགལ་གྱིས་བཀག་སྐྱིལ་དང་ཚ་འདྲི་བྱས་ནས་ངོས་ལེན་ཞུ་རུ་འཇུག་པ། ཁྲིམས་འགལ་གྱིས་སྔོག་བཤེར་བྱེད་པ་སོགས་སྤྱི་དམངས་ཀྱི་ཁེ་དབང་ལ་གནོད་འཚེ་གཏོང་བ་དང་ཁྲིམས་འཛིན་དྲང་གཞག་ལ་གནོད་འཚེ་གཏོང་བའི་ཉེས་གསོག་གྱོད་གཞི་མྱུལ་ཞིབ་བྱེད་འགན་འཁུར་དགོས།
(ལྔ)ཞིབ་དཔྱོད་པུའུ་བཞི་པ།
རྫོང་མི་དམངས་ཁྲིམས་ཁང་གི་དམངས་དོན་སྲིད་འཛིན་གཏུག་བཤེར་བྱེད་སྒོར་བཅའ་ཁྲིམས་ལྟར་ལྟ་སྐུལ་བྱེད་འགན་འཁུར་རྒྱུ་དང་། འདྲི་གཅོད་ལྟ་སྐུལ་གོ་རིམ་ཕུད་པའི་དམངས་དོན་སྲིད་འཛིན་འདྲི་གཅོད་ཀྱི་གོ་རིམ་གཞན་དག་ནང་འདྲི་གཅོད་མི་སྣའི་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་དཔྱོད་ཀྱི་གྲོས་འགོ་འདོན་རྒྱུ། དམངས་དོན་སྲིད་འཛིན་ལག་བསྟར་བྱེད་སྒོར་བཅའ་ཁྲིམས་ཀྱི་ལྟ་སྐུལ་བྱེད་དགོས།
(དྲུག)ཞིབ་དཔྱོད་པུའུ་ལྔ་པ།
ཕིང་ལུའོ་རྫོང་མི་དམངས་ཞིབ་དཔྱོད་ཁང་ལ་ཞུ་གཏུག་དང་རྒྱུ་མཚན་ཞུ་འབུལ་བྱས་པའི་གྱོད་གཞི་བདག་སྤྲོད་བྱེད་འགན་འཁུར་དགོས་པ་དང་། འགན་འཁྲིའི་ཁྱབ་ཁོངས་ནང་གི་རྒྱལ་ཁབ་ཀྱི་གུན་གསབ་དང་ཁྲིམས་འཛིན་རོགས་སྐྱོབ་ཀྱི་གྱོད་གཞི་ལག་བསྟར་སྒྲིག་འཛུགས་བྱེད་འགན་འཁུར་དགོས་ལ། ཕིང་ལུའོ་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་འགན་འཁྲིའི་ཁྱབ་ཁོངས་ནང་གི་ཡིག་བསྐུར་ངོ་བཅར་གྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྒྲིག་འཛུགས་དང་ལག་བསྟར་བྱེད་འགན་འཁུར་དགོས།
(བདུན)ཕྱོགས་བསྡུས་ལས་སྒོ་པུའུ།
གྱོད་གཞི་གཅིག་གྱུར་བདག་སྤྲོད་དང་འཁོར་རྒྱུག གྱོད་གཞི་ཞིབ་གཅོད་བརྒྱུད་རིམ་ལ་ལྟ་སྐུལ་ཚོད་འཛིན། གྱོད་འབྲེལ་རྒྱུ་ནོར་ལ་ལྟ་སྐུལ་དོ་དམ། བཅའ་ཁྲིམས་ཡིག་རིགས་ལ་ལྟ་སྐུལ་དོ་དམ། གྱོད་གཞིའི་ཆ་འཕྲིན་ཡོངས་བསྒྲགས་བཅས་བྱེད་འགན་འཁུར་དགོས་ལ། འབྲེལ་ཡོད་ཞིབ་དཔྱོད་ལས་ཀའི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གྲོས་གཞི་འདྲི་རྩད་ཀྱི་བསམ་འཆར་བསྡུ་ལེན་ལས་ཀ་སྒྲུབ་འགན་འཁུར་དགོས་པ་དང་། ཞིབ་དཔྱོད་ཁང་དེའི་ཁྱབ་ཁོངས་ནང་གི་ཞིབ་དཔྱོད་ལས་དོན་གྱི་ལྟ་ཞིབ་ལས་དོན་གྱི་འགན་འཁུར་ནས་ནང་ཁུལ་གྱི་རྩིས་བཤེར་བྱེད་འགན་འཁུར་དགོས།
(བརྒྱད)ཆབ་སྲིད་པུའུ(ཁྲིམས་འཛིན་ཉེན་རྟོག་རུ་ཆེན)
ཞིབ་དཔྱོད་ཁང་གི་ཏང་རྩ་འཛུགས་ལ་གཞོགས་འདེགས་བྱས་ནས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་དང་དཔུང་ཁག་འཛུགས་སྐྱོང་གི་ལས་དོན་ལེགས་པར་བསྒྲུབ་དགོས་པ་དང་། ཞིབ་དཔྱོད་ཁང་དེ་གའི་སྒྲིག་གཞིའི་སྒྲིག་ཁོངས་དོ་དམ་དང་མི་སྣའི་རིགས་དབྱེ་དོ་དམ། ངལ་རྩོལ་གླ་ཕོགས་དོ་དམ། གཟེངས་བསྟོད་བྱ་དགའ་སོགས་ཀྱི་ལས་དོན་སྒྲུབ་འགན་འཁུར་དགོས་ལ། ཞིབ་དཔྱོད་ལས་ཁུངས་ཀྱི་གསར་འགྱུར་དྲིལ་བསྒྲགས་ལས་ཀ་དང་ཞིབ་དཔྱོད་རིག་གནས་འཛུགས་སྤེལ་བྱེད་འགན་འཁུར་དགོས།
ལི་ཅེ། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་ཞིབ་དཔྱོད་འགོ་འཛིན།
ཀྲང་ཀང་། ཏང་རྩ་འཛུགས་ཀྱི་ཁོངས་མི་དང་ཞིབ་དཔྱོད་འགོ་འཛིན་གཞོན་པ།
ལུའུ་ལེན། ཏང་རྩ་འཛུགས་ཀྱི་ཁོངས་མི་དང་ཞིབ་དཔྱོད་འགོ་འཛིན་གཞོན་པ།
ཧྥན་ཞིའུ་ཧུང་། ཏང་རྩ་འཛུགས་ཀྱི་ཁོངས་མི་དང་ཞིབ་དཔྱོད་འགོ་འཛིན་གཞོན་པ།
ཝང་ཝེ། ཏང་རྩ་འཛུགས་ཀྱི་ཁོངས་མི།
ཀའོ་ཡུན་ཧྥེང་། ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཨུ་ཡོན།
ཕིང་ལུའོ་རྫོང་མི་དམངས་ཞིབ་དཔྱོད་ཁང་ལ་སྔ་རྗེས་སུ་གྲོང་ཁྱེར་ཨུ་ཡོན་དང་གྲོང་ཁྱེར་སྲིད་གཞུང་གི“ཁྲིམས་འཛིན་སྒྲིག་བསྟར་གྱི་དཔལ་ཡོན་ཚན་པ”དང“དཔལ་ཡོན་ལྡན་པའི་ལས་ཁུངས་ཀྱི་ཐོག་ཁང”སོགས་ཀྱི་མཚན་སྙན་ཐོབ་པ་དང་། རང་སྐྱོང་ལྗོངས་སྲིད་ཁྲིམས་ཨུ་ལྷན་དང་ཞིབ་དཔྱོད་ཁང་གི“མི་དམངས་ཀྱི་བློ་ཡིད་ཚིམ་པའི་སྲིད་ཁྲིམས་ཚན་པ”དང“མི་དམངས་ཀྱི་བློ་ཡིད་ཚིམ་པའི་ཞིབ་དཔྱོད་ཁང”སོགས་ཀྱི་གཟི་བརྗིད་མཚན་སྙན་ཡང་ཐོབ་ལ། སྤྱི་ལོ1998ལོར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི“ཐུན་མོང་གི་བྱས་རྗེས་རིམ་པ་དང་པོའི”གཟེངས་རྟགས་ཐོབ་པའི་རྨང་གཞིའི་སྟེང་སྤྱི་ལོ2000ལོར་ཡང་བསྐྱར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས“མི་དམངས་ཀྱི་བློ་ཡིད་ཚིམ་པའི་ཞིབ་དཔྱོད་ཁང”གི་གཟི་བརྗིད་མཚན་སྙན་གནང་པས། ལྗོངས་ཡོང་ཀྱི་བསྟུད་མར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་གཟེངས་རྟགས་གནང་བའི་གཞི་རིམ་གྱི་སྔོན་ཐོན་ཞིབ་དཔྱོད་ཁང་ཁོ་ན་རུ་གྱུར། དེ་མིན་སྤྱི་ལོ2015ལོའི་ཟླ2པར་ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མཛུབ་ཁྲིད་ཨུ་ལྷན་གྱིས་གནང་བའི་སྐབས་བཞི་པའི་རྒྱལ་ཡོངས་ཀྱི་དཔལ་ཡོན་ལྡན་པའི་ཚན་པའི་གཟི་བརྗིད་མཚན་སྙན་ཐོབ།