དབྱིན་ཁྲོན་གྲོང་ཁྱེར་ཅིན་ཧྥེང་ཆུས་ཁྲིམས་འཛིན་ཅུའུ་ནི་དབྱིན་ཁྲོན་གྲོང་ཁྱེར་ཅིན་ཧྥེང་ཆུས་མི་དམངས་སྲིད་གཞུང་གི་ལས་དོན་སྡེ་ཁག་ཅིག་ཡིན།
(གཅིག)རྒྱལ་ཁབ་དང་། རང་སྐྱོང་ལྗོངས། དབྱིན་ཁྲོན་གྲོང་ཁྱེར་བཅས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་ཁྲིམས་སྲོལ་དང་། སྒྲིག་སྲོལ། སྲིད་ཇུས། ཁྲིམས་འཛིན་སྲིད་འཛིན་ལས་དོན་འཆར་འགོད་བཅས་ལག་ལེན་མཐར་ཕྱིན་བསྟར་དགོས་པ་དང་། ཅིན་ཧྥེང་ཆུས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དང་། ལོ་འཁོར་ལས་དོན་གྱི་འཆར་གཞི་བཅས་བཟོ་འགོད་དང་ལག་བསྟར་སྒྲིག་འཛུགས་བྱེད་པ།
(གཉིས།)ཅིན་ཧྥེང་ཆུས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་འཆར་འགོད་བཟོ་བ་མ་ཟད་སྒྲིག་འཛུགས་དང་ལག་བསྟར་བྱ་རྒྱུ། སྡེ་ཁག་ཁག་དང་ལས་རིགས་ཁག་གི་ཁྲིམས་ལུགས་དྲིལ་བསྒྲགས་དང་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ལས་ཀར་ཁྲིད་སྟོན་དང་ཞིབ་བཤེར་བྱེད་པ།
(གསུམ)ཅིན་ཧྥེང་ཆུས་ཀྱི་ཉེས་ཆད་གུ་ཡངས་དང་བཙོན་གྲོལ་མི་སྣ་བཀོད་སྒྲིག་དང་རོགས་རམ་སློབ་གསོ་གཏོང་བའི་ལས་ཀར་མཐུན་སྦྱོར་དང་མཛུབ་ཁྲིད་བྱ་རྒྱུ། སྤྱི་ཚོགས་ཀྱི་བདེ་དོན་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལས་ཀར་ཞུགས་པ།
(བཞི)ཅིན་ཧྥེང་ཆུས་ཀྱི་བཅའ་ཁྲིམས་རོགས་སྐྱོར་དང“1234”བཅའ་ཁྲིམས་བློ་འདྲིའི་ཞབས་ཞུའི་འགན་འཁུར་བ།
(ལྔ)ཅིན་ཧྥེང་ཆུས་སྡེ་ཁུལ་གྱི་ཡོ་བསྲང་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ལས་དོན་སྒྲུབ་འགན་འཁུར་རྒྱུ་དང་། ཅིན་ཧྥེང་ཆུས་སྡེ་ཁུལ་གྱི་ཡོ་བསྲང་ལས་དོན་ལ་མཛུབ་ཁྲིད་དང་དོ་དམ་བྱ་རྒྱུ།
(དྲུག)ཁྲིམས་འཛིན་སུའོ་འཛུགས་སྐྱོང་དང་གཞི་རིམ་བཅའ་ཁྲིམས་ཞབས་ཞུ་སུའོ་འཛུགས་སྐྱོང་བྱེད་རྒྱུར་མཛུབ་ཁྲིད་དང་དོ་དམ་བྱེད་པ།
(བདུན)ཅིན་ཧྥེང་ཆུས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་འགན་འཁུར་བ།
(བརྒྱད)ཅིན་ཧྥེང་ཆུས་ཀྱི་ཁྲིམས་ལྟར་བཅོས་སྐྱོང་འགོ་ཁྲིད་ཚོ་ཆུང་གི་གཞུང་ལས་ཁང་གི་ལས་འགན་འཁུར་བ་དང་། རྒྱུན་ལྡན་གྱི་ལས་ཀ་ཐག་གཅོད་བྱ་དགོས།
(དགུ)ཅིན་ཧྥེང་ཆུས་ཏང་ཨུ་དང་སྲིད་གཞུང་གིས་བསྒྲུབ་རྒྱུར་སྤྲད་པའི་དོན་དག་གཞན་དག་བསྒྲུབ་རྒྱུ་བཅས་ཡིན།
ཅིན་ཧྥེང་ཆུས་ཁྲིམས་འཛིན་ཅུའུ་ཡི་སྲིད་འཛིན་སྒྲིག་ཁོངས་སུ་མི་གྲངས35ཡོད(ཅུའུ་ཡི་སྒྲིག་ཁོངས་མི་གྲངས12དང་། ཁྲིམས་འཛིན་སུའོ7དང་སྒྲིག་ཁོངས་མི་གྲངས23 གྲོང་རྡལ་གཉིས་ཀྱི་ཁྲིམས་འཛིན་སུའོ་རེར་མི་བཞི་དང་ཁྲོམ་གཞུང་དོན་གཅོད་ཁང་གི་ཁྲིམས་འཛིན་སུའོ་རེར་མི་གྲངས3)བཅས་ཡོད། དེའི་ནང་ཅུས་ཀྲང1དང་ཅུས་ཀྲང་གཞོན་པ2ཡོད།