ཕིན་ལུའོ་རྫོང་ཁྲིམས་འཛིན་ཅུའུ།སྔ་མའི་པར་གཞི་དེ ལྷ་དབང་རྡོ་རྗེ།  ནས 2021-03-04 09:46ལ་འགྲུབ།

ཕིན་ལུའོ་རྫོང་ཁྲིམས་འཛིན་ཅུའུ།

ཕིན་ལུའོ་རྫོང་ཁྲིམས་འཛིན་ཅུའུ།
ཕིན་ལུའོ་རྫོང་ཁྲིམས་འཛིན་ཅུའུ་ནི་ཕིན་ལུའོ་རྫོང་སྲིད་གཞུང་གི་ལས་དོན་སྡེ་ཚན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
平罗县司法局
ཁོངས་གཏོགས།
ཕིན་ལུའོ་རྫོང་མི་དམངས་སྲིད་གཞུང་།
རིགས་དབྱེ།
སྲིད་གཞུང་གི་ལས་དོན་སྡེ་ཚན།
གནས་ཡུལ།
ཕིན་ལུའོ་རྫོང་།
1 འགན་ནུས་བཅོས་བསྒྱུར།

རྒྱལ་ཁབ་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཡོངས་བསྒྲགས་བྱས་ཤིང་རྩིས་མེད་དུ་བཏང་བའི་སྲིད་འཛིན་ཞིབ་མཆན་འགོད་པའི་ལས་དོན་ཕྱིར་འཐེན་བྱ་རྒྱུ།

2 འགན་འཁྲི་གཙོ་བོ། 

གཅིག ཀྲུང་དབྱང་དང་། ཞིང་ཆེན། གྲོང་ཁྱེར་བཅས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་ཀའི་བྱེད་ཕྱོགས་དང་། སྲིད་ཇུས། བཅའ་ཁྲིམས། ཁྲིམས་སྲོལ། སྒྲིག་སྲོལ་བཅས་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཆུས་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་གཏན་འབེབས་བྱེད་པ། ལོ་རེའི་འཆར་གཞི་ཞིབ་འཇུག་དང་བཟོ་འགོད་བྱེད་པ།

གཉིས། ཆུས་ཡོངས་ཀྱི་ཁྲིམས་ལྟར་བཅོས་སྐྱོང་ལས་དོན་དང་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་གཏོང་རྒྱུ་དང་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་ལས་དོན་གྱི་སྤྱིའི་འཆར་འགོད་ཞིབ་འཇུག་བཟོ་འགོད་བྱ་རྒྱུ་མ་ཟད་ལག་བསྟར་སྒྲིག་འཛུགས་ཀྱང་བྱས་ཏེ་ཆུས་ཡོངས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་དང་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ལས་དོན་ལ་མཛུབ་ཁྲིད་དང་། མཐུན་སྦྱོར། སྐུལ་འདེད་བཅས་གཏོང་རྒྱུ།

གསུམ། ཆུས་ཡོངས་ཀྱི་བཅའ་ཁྲིམས་ཞབས་ཞུའི་ལས་ཀར་མཛུབ་ཁྲིད་དང་། དོ་དམ། ལྟ་སྐུལ་དང་། གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུ་ཁང་། སྤྱི་ཚོགས་ཀྱི་བཅའ་ཁྲིམས་འདྲི་རྩད་ལས་ཁུངས། ཁེ་ལས་ཀྱི་བཅའ་ཁྲིམས་བློ་འདྲིའི་ལས་དོན་སྒྲུབ་པར་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་པ།

བཞི། ཆུས་ཡོངས་ཀྱི་མི་དམངས་འདུམ་འགྲིག་ལས་དོན་དོ་དམ་དང་མཛུབ་ཁྲིད་གནང་བ་དང་། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་ཀ་སྒྲུབ་པ་དང་། གཞི་རིམ་ཁྲིམས་འཛིན་ཁང་ལ་དོ་དམ་དང་མཛུབ་ཁྲིད་བྱེད་པ་བཅས་ཡིན།

ལྔ། ཆུས་ཡོངས་ཀྱི་བཅའ་ཁྲིམས་རོགས་སྐྱོར་ལས་དོན་ལ་དོ་དམ་དང་མཛུབ་ཁྲིད་བྱེད་པ།

དྲུག ཆུས་ཡོངས་ཀྱི་ཁྲིམས་ལུགས་རིག་པའི་སློབ་གསོའི་འཆར་གཞི་ཞིབ་འཇུག་དང་གཏན་འབེབས་བྱས་ཏེ་ཁྲིམས་ལུགས་རིག་པའི་སློབ་གསོ་དང་ཁྲིམས་ལུགས་རིག་པའི་གཞུང་ལུགས་སྐོར་གྱི་ཞིབ་འཇུག་སྒྲིག་འཛུགས་དང་དེར་མཛུབ་ཁྲིད་བྱེད་པ།

བདུན། ཆུས་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ཁྲིམས་ལུགས་ལས་ཀ་དང་སྲིད་འཛིན་གྱི་བྱ་ཐབས་བཟོ་བཀོད་ཀྱི་ལས་འགན་འགན་འཁུར་བ།

བརྒྱད། ཆུས་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་དཔུང་ཁག་འཛུགས་སྐྱོང་དང་། བསམ་བློ་ཆབ་སྲིད་ལས་དོན། མི་སྣའི་ལས་སྒོའི་གསོ་སྦྱོང་བཅས་ཀྱི་འགན་འཁུར་བ་དང་། བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་རྒྱག་པ། ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ཆབ་སྲིད་བསམ་བློ་དང་ཆབ་སྲིད་ལས་དོན་ལ་ཞིབ་འཇུག་བྱེད་པ།

དགུ། གོང་རིམ་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་དང་ཆུས་སྲིད་གཞུང་གིས་སྤྲད་པའི་དོན་ཚན་གཞན་དག་སྒྲུབ་འགན་འཁུར་བ།

3 ནང་ཁུལ་གྱི་ལས་གནས།

གོང་གསལ་གྱི་འགན་འཁྲི་ལྟར་རྫོང་ཁྲིམས་འཛིན་ཅུའུ་ཡིས་ནང་ཁུལ་དུ་ལས་གནས5བཙུགས་ཡོད་དེ།(གཅིག)ཕྱོགས་བསྡུས་དོ་དམ་ལས་གནས།(གཉིས)ཁྲིམས་ལུགས་དྲིལ་བསྒྲགས་ལས་གནས།(གསུམ)བཅའ་ཁྲིམས་རོགས་སྐྱོར་ལས་གནས།(བཞི)གཞི་རིམ་འཛུགས་སྐྱོང་ལས་གནས།(ལྔ)སྡེ་ཁུལ་ཡོ་བསྲང་དང་བཀོད་སྒྲིག་རོགས་རམ་ལས་གནས་བཅས་ཡིན།

དཔྱད་གཞིའི་ཡིག་ཆ།