ཝུའུ་ཀྲུང་གྲོང་ཁྱེར་ཧུང་སི་པའོ་ཆུས་ཁྲིམས་འཛིན་ཅུའུ།སྔ་མའི་པར་གཞི་དེ ལྷ་དབང་རྡོ་རྗེ།  ནས 2021-03-04 09:33ལ་འགྲུབ།

ཝུའུ་ཀྲུང་གྲོང་ཁྱེར་ཧུང་སི་པའོ་ཆུས་ཁྲིམས་འཛིན་ཅུའུ།

ཝུའུ་ཀྲུང་གྲོང་ཁྱེར་ཧུང་སི་པའོ་ཆུས་ཁྲིམས་འཛིན་ཅུའུ།
ཝུའུ་ཀྲུང་གྲོང་ཁྱེར་ཧུང་སི་པའོ་ཆུས་ཁྲིམས་འཛིན་ཅུའུ་ནི་ཆུས་སྲིད་གཞུང་གི་ལས་དོན་སྡེ་ཚན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
吴忠市红寺堡区司法局
ཁོངས་གཏོགས།
ཝུའུ་ཀྲུང་གྲོང་ཁྱེར་ཧུང་སི་པའོ་ཆུས་མི་དམངས་སྲིད་གཞུང་།
རིགས་དབྱེ།
སྲིད་གཞུང་གི་ལས་དོན་སྡེ་ཚན།
གནས་ཡུལ།
ཝུའུ་ཀྲུང་གྲོང་ཁྱེར་ཧུང་སི་པའོ།
1 ངོ་སྤྲོད་མདོར་བསྡུས། 

ཝུའུ་ཀྲུང་གྲོང་ཁྱེར་ཧུང་སི་པའོ་ཆུས་ཁྲིམས་འཛིན་ཅུའུ་ནི་ཆུས་སྲིད་གཞུང་གི་ལས་དོན་སྡེ་ཚན་ཞིག་ཡིན།

2 འགན་འཁྲི་གཙོ་བོ།

(གཅིག)རྒྱལ་ཁབ་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་བྱེད་ཕྱོགས་དང་། སྲིད་ཇུས། བཅའ་ཁྲིམས། ཁྲིམས་སྲོལ་བཅས་ལག་ལེན་མཐར་ཕྱིན་བསྟར་བ། ས་གནས་ཀྱི་རང་བཞིན་ལྡན་པའི་འབྲེལ་ཡོད་སྒྲིག་སྲོལ་གྱི་མ་ཟིན་འགོད་པའི་ལས་ཀར་ཞུགས་པ། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་ས་གནས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཞིབ་འཇུག་དང་འཆར་ཟིན་འགོད་པ། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་ཀའི་སྲིད་ཇུས་གཏན་འབེབས་བྱེད་པ། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་ཀྱི་སྒྲོམ་གཞིའི་ནང་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་བ་དང་འབྲེལ་ལག་ལེན་བསྟར་དང་སྒྲིག་འཛུགས་བྱེད་པ་བཅས་ཀྱི་འགན་འཁུར་ཡོད།  

(གཉིས)གྲོང་ཁྱེར་ཡོངས་སུ་བཅའ་ཁྲིམས་ཀྱི་རྒྱུན་ཤེས་ཁྱབ་སྤེལ་གཏོང་བའི་འཆར་འགོད་བཟོ་བ་དང་འབྲེལ་ལག་ལེན་བསྟར་རྒྱུའི་སྒྲིག་འཛུགས་བྱེད་པ། རྫོང(གྲོང་ཁྱེར་དང་ཆུས)དང་། ལས་རིགས་ཁག་ལ་ཁྲིམས་ལུགས་ཁྱབ་གདལ་གྱི་སློབ་གསོ་དང་། ཁྲིམས་ལྟར་བཅོས་སྐྱོང་དང་ཕྱི་ཕྱོགས་ལ་ཁྲིམས་ལུགས་དྲིལ་བསྒྲགས་བྱེད་པ་སོགས་ཀྱི་ལས་ཀར་ཁྲིད་སྟོན་བྱེད་པ།

(གསུམ)གྲོང་ཁྱེར་ཡོངས་ཀྱི་ཁྲིམས་རྩོད་པ་དང་གཞུང་དཔང་གི་ལས་ཀར་ཁྲིད་སྟོན་དང་ལྟ་སྐུལ་བྱེད་པ།

(བཞི)གྲོང་ཁྱེར་ཡོངས་ཀྱི་བཅའ་ཁྲིམས་རོགས་སྐྱོར་བྱ་བར་ལྟ་སྐུལ་དང་དོ་དམ་བྱེད་པ།

(ལྔ)གཞི་རིམ་གྱི་ཁྲིམས་འཛིན་སུའོ་འཛུགས་སྐྱོང་དང་། མི་དམངས་འདུམ་འགྲིག གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུའི་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་པ།

(དྲུག)སྡེ་ཁུལ་ཡོ་བསྲང་དང་གྲོང་ཁྱེར་ཡོངས་ཀྱི་ཉེས་ཆད་དང་ཉེས་ཆད་གྲོལ་རྗེས་ཀྱི་སློབ་གསོ་སྤེལ་བར་ཁྲིད་སྟོན་དང་། ལྟ་སྐུལ། དོ་དམ་བཅས་བྱེད་པའི་མི་སྣ་ལ་རོགས་རམ་སློབ་གསོ་དང་ལས་ཀ་བཀོད་སྒྲིག་བྱེད་པ།

(བདུན)གྲོང་ཁྱེར་ནང་གི་རྒྱལ་ཁབ་ཀྱི་ཁྲིམས་འཛིན་རྒྱུགས་ལེན་ལས་ཀ་སྒྲིག་འཛུགས་དང་ལག་བསྟར་བྱེད་པ།  

(བརྒྱད)གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་གསལ་འབྱེད་པ་དང་ཁྲིམས་འཛིན་གསལ་འབྱེད་ལས་ཁུངས་ཐོ་འགོད་དོ་དམ་ལས་ཀར་གཙོ་སྐྱོང་བྱེད་པ། བཅའ་ཁྲིམས་ལྟར་འདུམ་གཅོད་ཐོ་འགོད་ལས་ཀར་དོ་དམ་བྱེད་པ།

(དགུ)གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ཞང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ལས་དོན་དང་དེ་བཞིན་ཕྱི་ཕྱོགས་སྤེལ་རེས་དང་མཉམ་ལས་ལ་མཛུབ་ཁྲིད་བྱེད་པ།

(བཅུ)གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་མ་ལག་གི་མེ་མདའ་དང་། རྫས་མདེལ། གྱོན་ཆས། ཉེན་རྟོག་པའི་རླངས་འཁོར་བཅས་ལ་དོ་དམ་བྱེད་པར་ཁྲིད་སྟོན་དང་། དོ་དམ། ལྟ་སྐུལ་བཅས་བྱེད་པ། 

3 ནང་ཁུལ་གྱི་སྒྲིག་གཞི།

(གཅིག)ཕྱོགས་བསྡུས་དོ་དམ་ལས་གནས། (གཉིས)ཁྲིམས་སྐྱོང་དྲིལ་བསྒྲགས་དང་སློབ་གསོའི་ལས་གནས། (གསུམ)སྡེ་ཁུལ་དོ་དམ་ལས་གནས། (བཞི)གཞི་རིམ་གྱི་འཛུགས་སྐྲུན་ལས་གནས། (ལྔ)སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་དོ་དམ་ལས་གནས།

4 མངག་གཏོང་ལས་ཁུངས།

ཁྲིམས་འཛིན་ཅུའུ་ཡི་ཁོངས་གཏོགས་སུ་ཁྲིམས་འཛིན་སུའོ5ཡོད་དེ། ཧུང་སི་པའོ་ཁྲིམས་འཛིན་སུའོ་དང་། ཏ་ཧུ་ཁྲིམས་འཛིན་སུའོ། ཞིན་ཀྲོང་ཁྲིམས་འཛིན་སུའོ། ལིའུ་ཆོན་ཁྲིམས་འཛིན་སུའོ། ཉི་མ་རིའི་ཁྲིམས་འཛིན་སུའོ་བཅས་ཡོད།

དཔྱད་གཞིའི་ཡིག་ཆ།