སྤྱི་ལོ1958ལོའི་ཟླ10བའི་ཚེས25ཉིན། རང་རྒྱལ་གྱི་ཆེས་མཐའ་མཇུག་གི་ཞིང་ཆེན་རིམ་པའི་མི་རིགས་ས་ཁོངས་རང་སྐྱོང་ས་ཁུལ་སྟེ་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་དབུ་བརྙེས་པ་དང་། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཡང་དེ་དང་བསྟུན་ནས་བཙུགས་པ་རེད། “རིག་གནས་གསར་བརྗེ་ཆེན་པོའི”སྐབས་སུ་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དེ་ཉིད་འགན་ནུས་ཤོར་བའི་གནས་སུ་གྱུར། སྤྱི་ལོ1972ལོའི་ཟླ9པར། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་སླར་གསོ་བསྐྱར་སྐྲུན་བྱས་པ་མ་ཟད། དབྱིན་ཁྲོན་གྲོང་ཁྱེར་བཅིངས་འགྲོལ་སྲང་ལམ་ནུབ་མའི་ཨང་རྟགས56པའི་གཞུང་ལས་ཁང་དུ(ཁྲིམས་འཛིན་སྲིད་འཛིན་ཚོ་ཆུང་དང་དྲུང་ཡིག་ཚོ་ཆུང་གཉིས་སུ་བགོས་ཡོད།)ཉེས་དོན་དང་དམངས་དོན་འདྲི་གཅོད་ཁང་བཙུགས། སྤྱི་ལོ1996ལོའི་ཟླ7པར། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དབྱིན་ཁྲོན་གྲོང་ཁྱེར་ཞིང་ཆིང་ཁུལ་པེ་ཅིང་ཤར་ལམ་གྱི་ཨང་རྟགས149པར་གཞུང་དོན་སྒྲུབ་པར་སྤོས་པ་ནས་ད་བར་སྒྲིག་གཞིའི་བཀོད་སྒྲིག་ཉིན་རེ་བཞིན་འཐུས་ཚང་དུ་ཕྱིན་པ་དང་། ལས་བྱེད་ཉེན་རྟོག་པའི་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཇེ་ཆེར་འགྲོ་བཞིན་ཡོད།
ཧྲ་ཝུན་ལིན། ཉིང་ཞ་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་ཡོན་ཀྲང་།
ཞེ་ཡུང་ཁྲུན། ཉིང་ཞ་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ ཏང་རྩ་འཛུགས་ཀྱི་ཁོངས་མི་དང་སྒྲིག་བཤེར་ཚོ་ཆུང་གི་ཚོ་དཔོན།
ལི་ཧྥན། ཉིང་ཞ་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་རྩ་འཛུགས་ཀྱི་ཁོངས་མི་དང་ཡོན་ཀྲང་གཞོན་པ།
ཐེན་པིན། ཉིང་ཞ་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་རྩ་འཛུགས་ཀྱི་ཁོངས་མི་དང་ཆབ་སྲིད་པུའུ་ཡི་ཀྲུའུ་རེན།
དབྱང་ཞའོ་ཧུང་། ཉིང་ཞ་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་རྩ་འཛུགས་ཀྱི་ཁོངས་མི་དང་ལག་བསྟར་ཅུའུ་ཡི་ཅུའུ་ཀྲང་།
ཧུ་ཡའོ། ཉིང་ཞ་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ།
ཆའོ་ཧྲེང་པེའོ། ཉིང་ཞ་མཐོ་རིམ་མི་དམངས་ཁྲིམས་ཁང་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཨུ་ཡོན།
མེང་ཞའོ་ཕིང་། ཉིང་ཞ་མཐོ་རིམ་མི་དམངས་ཁྲིམས་ཁང་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཨུ་ཡོན།
མཱ་མིང་ཧྥུའུ། ཉིང་ཞ་མཐོ་རིམ་མི་དམངས་ཁྲིམས་ཁང་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཨུ་ཡོན།
ཅིན་ཀྲོའུ་ཆང་། ཉིང་ཞ་མཐོ་རིམ་མི་དམངས་ཁྲིམས་ཁང་གི་སྐོར་ཞིབ་པ་གཞོན་པ།
གཞུང་ལས་ཁང་།
ཆབ་སྲིད་པུའུ་ལས་བྱེད་ཁྲུའུ།
ཆབ་སྲིད་པུའུ་རྩ་འཛུགས་དྲིལ་བསྒྲགས་ཁྲུའུ།
ལྟ་ཞིབ་ཁང་།
ལས་ཁུངས་ཀྱི་ཏང་ཨུ།
ཞིབ་འཇུག་ཁང་།
འདྲི་གཅོད་དོ་དམ་གཞུང་ལས་ཁང་།
ཉེས་དོན་འདྲི་གཅོད་ཁྲིམས་ར་དང་པོ།
ཉེས་དོན་འདྲི་གཅོད་ཁྲིམས་ར་གཉིས་པ།
ཉེས་དོན་འདྲི་གཅོད་ཁྲིམས་ར་གསུམ་པ།
དམངས་དོན་འདྲི་གཅོད་ཁྲིམས་ར་དང་པོ།
དམངས་དོན་འདྲི་གཅོད་ཁྲིམས་ར་གཉིས་པ།
དམངས་དོན་འདྲི་གཅོད་ཁྲིམས་ར་གསུམ་པ།
ཤེས་རིག་ཐོན་དབང་འདྲི་གཅོད་ཁྲིམས་ར།
སྲིད་འཛིན(རྒྱལ་ཁབ་སྐྱིན་གསབ)ཁྲིམས་ར།
འདྲི་གཅོད་ལྟ་སྐུལ་ཁང་།
གྱོད་དོན་ཐོ་འགོད་ཁང་།(ཡིག་སྐུར་ངོ་གཏུག་དོན་གཅོད་ཁང་།)
ལག་བསྟར་ཅུའུ།
ཁྲིམས་འཛིན་སྲིད་འཛིན་སྒྲིག་ཆས་དོ་དམ་ཁྲུའུ།
ཁྲིམས་འཛིན་ལག་རྩལ་དོ་དམ་ཁྲུའུ།
ཆ་འཕྲིན་ལག་རྩལ་ཁྲུའུ།
ལས་འཁྱུར་ངལ་གསོའི་ལས་བྱེད་ཞབས་ཞུ་ཁང་།
ཁྲིམས་འཛིན་ཉེན་རྟོག་སྤྱི་ཁྱབ་རུ་ཁག
ཉིང་ཞ་ཁྲིམས་དཔོན་ཟབ་སྦྱོང་སློབ་གླིང་།
ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དུ་གཞུང་ལས་ཁང་དང་ཆབ་སྲིད་པུའུ(ལས་བྱེད་པའི་ཁྲུའུ་དང་རྩ་འཛུགས་དྲིལ་བསྒྲགས་ཁྲུའུ།) ཉེས་དོན་འདྲི་གཅོད་ཁྲིམས་ར་དང་པོ་དང་གཉིས་པ། གསུམ་པ་བཅས་ཡོད་པ་དང་། དམངས་དོན་འདྲི་གཅོད་ཁྲིམས་ར་དང་པོ་དང་གཉིས་པ། གསུམ་པ་བཅས་དང་། སྲིད་འཛིན་ཁྲིམས་ར་དང་ཤེས་བྱའི་ཐོན་དབང་ཁྲིམས་ར་སོགས་སྡེ་ཁག་བཙུགས་ཡོད་ལ། ད་ཆ་སྒྲིག་ཁོངས་སུ་ཡོད་པའི་ལས་བྱེད་ཉེན་རྟོག་པ210དང་བཅད་གྲངས་ཁྲིམས་དཔོན64ཡོད།
སྤྱི་ལོ2020ལོའི་ཟླ་དང་པོར་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་སྲིད་འཛིན་འདྲི་གཅོད་ཁྲིམས་རར“རྒྱལ་ཡོངས་ཁྲིམས་ཁང་གི་སྔོན་ཐོན་ཐུན་མོང”གི་གཟི་བརྗིད་མཚན་སྙན་སྤྲད་པ་རེད།