(གཅིག)གཞུང་ལས་ཁང་།
ལས་ཁུངས་ཀྱི་ཡིག་ཆ་དང་གློག་འཕྲིན། ཚོགས་དོན། གསང་གནད་ཡིག་ཚགས། གསང་སྲུང་། ཕྱི་དོན་སོགས་ཀྱི་ལས་ཀ་བྱེད་འགན་འཁུར་དགོས་པ་དང་། ཞིབ་དཔྱོད་ཁང་གི་འགོ་ཁྲིད་ཀྱིས་ཞིབ་དཔྱོད་སྲིད་དོན་རྩ་འཛུགས་མཐུན་སྦྱོར་ཁང་གི་ལས་ཀའི་བཀོད་སྒྲིག་གལ་ཆེན་དང་ཐབས་ཇུས་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པར་གཞོགས་འདེགས། འབྲེལ་ཡོད་ཡིག་ཆའི་ཟིན་བྲིས་དང་ཞིབ་བཤེར་གཏན་འབེབས། དྲུང་ཡིག་ལས་དོན་དོ་དམ། ཞིབ་དཔྱོད་ཆ་འཕྲིན་ཐག་གཅོད། ནང་ཁུལ་དུས་དེབ་རྩོམ་སྒྲིག་འགྲེམས་སྤེལ་བཅས་བྱེད་དགོས་ལ། དེ་མིན་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འབྲེལ་གཏུག་ལས་ཀ་དང་ཆེད་བསྐོས་ཞིབ་དཔྱོད་པའི་འབྲེལ་གཏུག་ལས་ཀ་བྱེད་འགན་འཁུར་དགོས་ལ། འགོ་ཁྲིད་བློ་མཐུན་གྱིས་ཆོག་མཆན་བཀོད་པའི་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པའི་འགན་འཁུར་དགོས།
(གཉིས)ཞིབ་དཔྱོད་པུའུ་དང་པོ།
བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་པུའུ་གཉིས་པ་དང་གསུམ་པས་སྒྲུབ་འགན་འཁུར་དགོས་པའི་གྱོད་གཞི་ཕུད་པའི་ཉེས་དོན་གྱོད་གཞིར་ཞིབ་བཤེར་འཛིན་བཟུང་དང་ཞིབ་བཤེར་ཞུ་གཏུག ཁྲིམས་རར་ཞུགས་ནས་གཞུང་གཏུག་ལ་རྒྱབ་སྐྱོར་དང་བསྐྱར་གཅོད་ཞུ་གཏུག་བཅས་བྱེད་འགན་འཁུར་རྒྱུ་དང་། འབྲེལ་ཡོད་གྱོད་དོན་ཐོ་འགོད་ལྟ་སྐུལ་དང་མྱུལ་ཞིབ་ལྟ་སྐུལ། འདྲི་གཅོད་ལྟ་སྐུལ། དེ་བཞིན་འབྲེལ་ཡོད་གྱོད་གཞིར་ཁ་གསབ་མྱུལ་ཞིབ་བྱས་ནས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཁོངས་གཏོགས་ཀྱི་འབྲེལ་ཡོད་ཉེས་དོན་ཞུ་གཏུག་གྱོད་གཞི་བསྒྲུབ་དགོས།
(གསུམ)ཞིབ་དཔྱོད་པུའུ་གཉིས་པ།
བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་སྒྲུབ་གཉེར་བྱས་པའི་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་བའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་དང་བསམ་གཟས་ནས་ནས་མི་བསད་པ་དང་། འཕྲོག་བཅོམ་བྱས་པ། དུག་རྫས་སོགས་ཀྱི་ཉེས་གསོག་གྱོད་གཞིར་ཞིབ་བཤེར་འཛིན་བཟུང་དང་། ཞིབ་བཤེར་ཞུ་གཏུག ཁྲིམས་རར་ཞུགས་ནས་གཞུང་གཏུག་ལ་རྒྱབ་སྐྱོར། བསྐྱར་གཅོད་ཞུ་གཏུག་བཅས་བྱེད་འགན་འཁུར་རྒྱུ་དང་། འབྲེལ་ཡོད་གྱོད་ཐོ་འགོད་རྒྱུར་ལྟ་སྐུལ་དང་མྱུལ་ཞིབ་ལྟ་སྐུལ། འདྲི་གཅོད་ལྟ་སྐུལ་བཅས་དང་དེ་བཞིན་འབྲེལ་ཡོད་གྱོད་གཞིར་ཁ་གསབ་མྱུལ་ཞིབ་བྱེད་དགོས་ལ། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་དོ་དམ་བྱེད་ཁོངས་ཀྱི་འབྲེལ་ཡོད་ཉེས་དོན་ཞུ་སྦྱོར་གྱོད་གཞི་བསྒྲུབ་དགོས།
(བཞི)ཁྲིམས་ལུགས་སྲིད་ཇུས་ཞིབ་འཇུག་ཁང་།
རྒྱལ་ཁབ་ཀྱིས་ཁྱབ་བསྒྲགས་བྱས་པའི་ཞིབ་དཔྱོད་ལས་ཀ་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ། སྲིད་ཇུས་བཅས་ལག་བསྟར་བྱས་ཚུལ་བརྟག་དཔྱད་ཞིབ་འཇུག་བྱེད་འགན་འཁུར་རྒྱུ་དང་། ཉིང་ཞའི་ཞིབ་དཔྱོད་ལས་ཁུངས་ཀྱི་ཁྲིམས་འཛིན་ལག་ལེན་དང་ཟུང་འབྲེལ་བྱས་ནས་བསམ་འཆར་དང་གྲོས་འགོ་འདོན་རྒྱུ། ཞིབ་དཔྱོད་ཉེར་སྤྱོད་གཞུང་ལུགས་ཞིབ་འཇུག་བྱ་བའི་འགན་འཁུར་ཏེ་ཉིང་ཞའི་ཞིབ་དཔྱོད་བྱ་བའི་བཅའ་ཁྲིམས་བཀོལ་སྤྱོད་གནད་དོན་ལ་བརྟག་དཔྱད་ཞིབ་འཇུག་བྱས་ཏེ། ཁྲིམས་འཛིན་འགྲེལ་བཤད་ཀྱི་གྲོས་འགོ་འདོན་དགོས་ལ། རང་སྐྱོང་ལྗོངས་ཀྱིས་འདོན་རྩིས་ཡོད་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྒྲིག་སྲོལ་ལམ་ལུགས་ཀྱི་བརྟག་ཞིབ་དང་རིགས་པས་ཁུངས་སྐྱེལ་བྱེད་པར་ཞུགས་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་གྲོས་ཞིབ་བྱེད་རྒྱུར་འབུལ་རྩིས་ཡོད་པའི་ཞིབ་དཔྱོད་ལས་ཀའི་ཁྲིམས་སྲོལ་དང་ལམ་ལུགས་འཆར་ཟིན་འགོད་རྒྱུའི་སྒྲིག་འཛུགས་བྱས་ཏེ་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་བསམ་འཆར་བསྡུ་ལེན་བྱེད་པའི་ཁྲིམས་འཛུགས་འཆར་ཟིན་དང་སྲིད་འཛིན་ཁྲིམས་སྲོལ་འཆར་ཟིན་ལ་ཞིབ་འཇུག་བྱས་ནས་བསམ་འཆར་འགོན་དགོས། དེ་མིན་ཉིང་ཞའི་ཞིབ་དཔྱོད་ལས་ཁུངས་ཀྱི་ཕྱོགས་བསྡུས་རིགས་པའི་གཞུང་ལུགས་ཀྱི་བརྟག་དཔྱད་ཞིབ་འཇུག་བྱ་གཞིའི་རྣམ་གྲངས་འཛུགས་པ་དང་མཇུག་སྒྲིལ་བ་སོགས་ཀྱི་ལས་ཀར་ཞིབ་བཤེར་བྱེད་འགན་འཁུར་བ་དང་། ནང་ཁུལ་གྱི་དུས་དེབ་རྩོམ་སྒྲིག་དང་འགྲེམས་སྤེལ་བྱེད་འགན་འཁུར་དགོས་པ་དང་། ཁྲིམས་འཛིན་སྒྲིག་སྲོལ་བསྒྱུར་བཅོས་ཕྱོགས་བསྡུས་མཐུན་སྦྱོར་གྱི་འབྲེལ་ཡོད་ལས་དོན་དང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་རྒྱུན་ལྡན་ལས་དོན་སྒྲུབ་འགན་འཁུར་དགོས་ལ། ཉིང་ཞ་ཞིབ་དཔྱོད་ལས་ཁུངས་ཀྱི་ཞིབ་དཔྱོད་འགོ་འཛིན་འདྲི་གཅོད་ཨུ་ཡོན་ལྷན་ཁང་དུ་ཟུར་ཞུགས་བྱེད་པའི་སློབ་སྟོན་ལས་དོན་སྒྲུབ་འགན་འཁུར་དགོས།
(ལྔ)གྱོད་དོན་དོ་དམ་གཞུང་ལས་ཁང་།
གྱོད་གཞི་གཅིག་གྱུར་བདག་སྤྲོད་དང་འཁོར་རྒྱུག གྱོད་གཞི་ཞིབ་གཅོད་བརྒྱུད་རིམ་ལ་ལྟ་སྐུལ་ཚོད་འཛིན། གྱོད་འབྲེལ་རྒྱུ་ནོར་ལ་ལྟ་སྐུལ་དོ་དམ། བཅའ་ཁྲིམས་ཡིག་རིགས་ལ་ལྟ་སྐུལ་དོ་དམ། གྱོད་གཞིའི་ཆ་འཕྲིན་ཡོངས་བསྒྲགས་བཅས་བྱེད་འགན་འཁུར་དགོས་པ་དང་། གྱོད་དོན་ཞིབ་གཅོད་ཀྱི་སྤུས་ཚད་དཔྱད་བཤེར་དང་ལས་སྒོའི་དཔྱད་སྡུར། ལས་སྒོ་བསྡོམས་རྩིས་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བཅས་སྒྲིག་འཛུགས་བྱེད་འགན་འཁུར་དགོས་ལ། དག་འབུད་བྱེད་མཁན་དང་གཞུང་ཕྱོགས་ཀྱི་ཁྲིམས་སྦྱོར་ངོ་ཚབ་སྣེ་ལེན་བྱེད་པའི་འགན་འཁུར་དགོས་པ་དང་མི་དམངས་ལྟ་སྐུལ་བའི་ལས་དོན་སྒྲིག་འཛུགས་དང་དེར་ཁྲིད་སྟོན་བྱེད་དགོས། དེ་མིན་ལས་སྒོ་ཆ་འཕྲིན་ཅན་གྱི་དགོས་མཁོ་གཅིག་གྱུར་འཆར་འགོད་བྱེད་འགན་འཁུར་ནས་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ལས་སྒོ་བཀོལ་སྤྱོད་མ་ལག་གཅིག་གྱུར་ཐོག་བེད་སྤྱོད་བྱ་རྒྱུར་མཛུབ་ཁྲིད་བྱེད་དགོས།
(དྲུག)ཞིབ་དཔྱོད་ལས་དོན་ལྟ་ཞིབ་པུའུ།
རང་སྐྱོང་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་རིམ་པ་ཁག་གིས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱས་ཚུལ་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་གཏན་འབེབས་དང་གཏན་འབེབས་བྱས་ཚུལ་ལ་ལྟ་ཞིབ་བྱེད་འགན་འཁུར་དགོས་ལ། ཞིབ་དཔྱོད་དཔོན་ཆད་གཅོད་བསླབ་འདོམས་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་གི་འབྲེལ་ཡོད་ལས་ཀ་སྒྲུབ་འགན་འཁུར་རྒྱུ། ནང་ཁུལ་གྱི་རྩིས་བཤེར་ལས་དོན་སྒྲུབ་འགན་འཁུར་རྒྱུ། ཞིབ་དཔྱོད་ལས་དོན་ལྟ་ཞིབ་ལས་དོན་གྱི་འབྲེལ་ཡོད་སྲིད་ཇུས་ཞིབ་འཇུག་དང་གཏན་འབེབས་བྱེད་འགན་འཁུར་དགོས།
(བདུན)འཆར་གཞིའི་ནོར་དོན་སྒྲིག་ཆས་ཁྲུའུ།
རང་སྐྱོང་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ནོར་དོན་སྒྲིག་ཆས་འཆར་འགོད་ལས་དོན་ལ་མཛུབ་ཁྲིད་དང་དོ་དམ་བྱེད་དགོས་པ་དང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ལས་ཁུངས་ཀྱི་སྔོན་རྩིས་དོ་དམ་དང་ནོར་དོན་དོ་དམ། གཞུང་ཁོངས་རྒྱུ་ནོར་དོ་དམ། སྲིད་གཞུང་གི་ཉོ་སྒྲུབ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཚན་རྩལ་སྒྲིག་ཆས་འཛུགས་སྐྲུན། ཁྲིམས་འཛིན་དང་ལས་འགན་སྒྲུབ་པའི་རླངས་འཁོར་དོ་དམ། གྱོན་ཆས་དོ་དམ། མེ་མདའ་དོ་དམ། རྒྱབ་ཕྱོགས་ཞབས་ཞུའི་འགན་ལེན་སོགས་ཀྱི་ལས་དོན་གྱི་འགན་འཁུར་དགོས།
(བརྒྱད)ཞིབ་དཔྱོད་ལག་རྩལ་ཁྲུའུ།
རང་སྐྱོང་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཆ་འཕྲིན་ཅན་གྱི་ལས་དོན་ལ་དོ་དམ་དང་མཛུབ་ཁྲིད་བྱེད་འགན་འཁུར་རྒྱུ་དང་། ཆ་འཕྲིན་ཅན་གྱི་མ་ལག་འཆར་འགོད་དང་འཛུགས་སྐྲུན་ལག་བསྟར། ཁྱབ་གདལ་བེད་སྤྱོད་བཅས་ཀྱི་ལས་དོན་སྒྲུབ་འགན་འཁུར་རྒྱུ། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཆ་འཕྲིན་ཅན་གྱི་བདེ་འཇགས་ལས་དོན་ལ་འགན་འཁུར་རྒྱུ། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལག་རྩལ་ལས་དོན་ལ་དོ་དམ་དང་མཛུབ་ཁྲིད་བྱེད་འགན་འཁུར་པ་དང་། ཡིག་ཆ་ཞིབ་བཤེར། གློག་རྡུལ་གཞི་གྲངས། སྒྲ་བརྙན་སོགས་ལག་རྩལ་རིགས་ཁག་གི་ཞིབ་བཤེར་གསལ་འབྱེད་དང་ལག་རྩལ་རང་བཞིན་གྱི་དཔང་རྟགས་ཞིབ་བཤེར། ལག་རྩལ་གཞོགས་འདེགས་ལས་དོན་བཅས་ཀྱི་འགན་འཁུར་དགོས་ལ། ལྗོངས་ཡོངས་ཀྱི་གལ་ཆེ་རིགས་དང་དཀའ་གནད་ཡོད་པའི་ལག་རྩལ་གྱོད་གཞིར་མཛུབ་ཁྲིད་དང་ཐག་གཅོད་བྱེད་རྒྱུའི་འགན་འཁུར་དགོས།
(དགུ)ཁྲིམས་འཛིན་ཉེན་རྟོག་སྤྱི་ཁྱབ་རུ་ཁག
གྱོད་སྒྲུབ་ཀྱི་ཉེན་རྟོག་འགན་ལེན་དང་ལས་ཁུངས་ཀྱི་གཞུང་ལས་ཉེན་རྟོག་འགན་ལེན་ལས་དོན་གྱི་འགན་འཁུར་རྒྱུ་དང་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཁྲིམས་འཛིན་ཉེན་རྟོག་དཔུང་ཁག་ལ་དོ་དམ་དང་གསོ་སྦྱོང་བྱེད་འགན་འཁུར་རྒྱུ། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ས་ཁོངས་ལས་བརྒལ་བའི་ཉེན་རྟོག་ལས་དོན་གྱི་བྱེད་སྒོ་གལ་ཆེན་སྒྲིག་འཛུགས་བྱེད་འགན་འཁུར་དགོས་པ་དང་ཁྲིམས་འཛིན་ཉེན་རྟོག་གི་སྒྲིག་ཆས་དོ་དམ་བྱེད་འགན་འཁུར་དགོས།
(བཅུ)ལས་བྱེད་པའི་ལས་དོན་ཁྲུའུ།
ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་དང་དཔུང་ཁག་འཛུགས་སྐྱོང་གི་ཕྱོགས་བསྡུས་འཆར་འགོད་དང་སྲིད་ཇུས་ཞིབ་འཇུག ལས་སྒོའི་མཛུབ་ཁྲིད་བཅས་བྱེད་འགན་འཁུར་རྒྱུ་དང་། རང་སྐྱོང་ལྗོངས་ཏང་ཨུའི་གཙོ་གཉེར་སྡེ་ཁག་ལ་གཞོགས་འདེགས་བྱས་ནས་ས་ཁུལ་རིམ་པའི་གྲོང་ཁྱེར་དང་རྫོང(ཁུལ)གི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན་ལ་དོ་དམ་དང་དཔྱད་ཞིབ་བྱེད་པ་དང་། ས་ཁུལ་རིམ་པའི་གྲོང་ཁྱེར་ཏང་ཨུའི་དོ་དམ་དང་གཞོགས་འདེགས་ཀྱིས་གྲོང་ཁྱེར་རིམ་པའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན་གཞོན་པར་དཔྱད་ཞིབ་བྱེད་དགོས་ལ། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་སྒྲིག་ཁོངས་དང་མི་སྣའི་རིགས་དབྱེ་དོ་དམ། ངལ་རྩོལ་གླ་ཕོགས་དོ་དམ་སོགས་ཀྱི་ལས་ཀ་བྱེད་འགན་འཁུར་དགོས།
(བཅུ་གཅིག)དྲིལ་བསྒྲགས་ཁྲུའུ།
ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་བསམ་བློ་དྲིལ་བསྒྲགས་དང་འདུ་ཤེས་འཛིན་སྟངས། ཞིབ་དཔྱོད་རིག་གནས། གཟེངས་བསྟོད་བྱ་དགའ་སོགས་ཀྱི་ལས་དོན་སྒྲིག་འཛུགས་དང་མཛུབ་ཁྲིད་བྱེད་འགན་འཁུར་དགོས་ལ། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་གསར་འགྱུར་དྲིལ་བསྒྲགས་དང་གླེང་ཕྱོགས་ཁྲིད་སྟོན་ལས་དོན་ལ་མཛུབ་ཁྲིད་དང་མཐུན་སྦྱོར། དོ་དམ་བཅས་བྱེད་དགོས་པ་མ་ཟད། ལྗོངས་ཡོངས་ཀྱི་གཞི་རིམ་ཞིབ་དཔྱོད་ཁང་འཛུགས་སྐྱོང་ལ་མཛུབ་ཁྲིད་བྱེད་དགོས།
(བཅུ་གཉིས) ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ཁྲུའུ།
ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ལས་བྱེད་པའི་སློབ་གསོ་སྦྱོང་བརྡར་ལས་དོན་སྒྲིག་འཛུགས་དང་མཛུབ་ཁྲིད་བྱེད་འགན་འཁུར་དགོས།
(བཅུ་གསུམ)ཆབ་སྲིད་པུའུ།
ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་བསམ་བློ་ཆབ་སྲིད་ལས་ཀ་དང་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུའི་ལས་ཀའི་འགན་འཁུར་དགོས།
(བཅུ་བཞི) ལས་ཁུངས་ཀྱི་ཏང་ཨུ།
རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཁུངས་དང་མངགས་གཏོང་མི་དམངས་ཞིབ་དཔྱོད་ཁང་གི་ཏང་དང་མང་ཚོགས་ཀྱི་ལས་དོན་ལ་འགན་འཁུར་དགོས།
(གཅིག)བཅའ་ཁྲིམས་ལྟར་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་དང་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་གཞི་འདོན་པ།
(གཉིས)ལྗོངས་ཡོངས་ཀྱི་རིམ་པ་སོ་སོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་ལ་འགོ་ཁྲིད་བྱེད་པ་དང་ཞིབ་དཔྱོད་ལས་ཀའི་བྱེད་ཕྱོགས་གཏན་འཁེལ་དང་ཞིབ་དཔྱོད་ལས་ཀའི་ལས་འགན་བཀོད་སྒྲིག་བྱེད་པ།
(གསུམ)རྒྱལ་ཁབ་ལ་རྒྱབ་འགལ་བྱས་པའི་གྱོད་གཞི་དང་རྒྱལ་ཁབ་ཁ་བྲལ་གཏོང་བ། དེ་བཞིན་རྒྱལ་ཁབ་ཀྱི་སྲིད་ཇུས་དང་བཅའ་ཁྲིམས། བཀའ་ཁྲིམས། སྲིད་བཀའ་བཅས་གཅིག་གྱུར་ཐོག་ལག་བསྟར་བྱེད་པར་གཏོར་བཤིག་ཚབས་ཆེན་བཏང་བའི་ཉེས་གསོག་གྱོད་གཞི་ཚབས་ཆེན་ལ་བཅའ་ཁྲིམས་ལྟར་ཞིབ་དཔྱོད་དབང་ཆ་སྤྱོད་པ།
(བཞི)ལྐོག་ཟ་དང་ལྐོག་རྔན་སྤྲོད་པའི་གྱོད་གཞི་དང་སྤྱི་དམངས་ཀྱི་དམངས་གཙོའི་ཁེ་དབང་ལ་གནོད་འཚེ་གཏོང་བའི་གྱོད་གཞི། འགན་འཛོལ་གྱི་གྱོད་གཞི། དེ་བཞིན་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣས་འགན་དབང་སྤྱད་དེ་ལག་བསྟར་བྱས་པའི་ཉེས་གསོག་གྱོད་གཞི་ཚབས་ཆེན་གཞན་དག་བཅས་ལ་ཁྲིམས་ལྟར་མྱུལ་ཞིབ་བྱེད་པ།
(ལྔ)ལྗོངས་ཡོངས་རང་བཞིན་གྱི་ཉེས་དོན་གྱོད་གཞི་ཚབས་ཆེན་ལ་བཅའ་ཁྲིམས་ལྟར་ཞིབ་བཤེར་བྱས་ནས་འཛིན་བཟུང་བྱས་འཐུས་ཀྱི་ཆོག་མཆན་སྤྲོད་པ་དང་། འཛིན་བཟུང་བྱ་རྒྱུའི་ཐག་གཅོད་དང་ཞུ་གཏུག་རྒྱག་པ།
(དྲུག)ལྗོངས་ཡོངས་ཀྱི་མི་དམངས་ཞིབ་དཔྱོད་ཁང་གི་རིམ་པ་སོ་སོའི་འགོ་ཁྲིད་དེ་བཅའ་ཁྲིམས་ལྟར་ཉེས་དོན་གཏུག་བཤེར་དང་དམངས་དོན་འདྲི་གཅོད། སྲིད་འཛིན་གཏུག་བཤེར་བཅས་ལ་བཅའ་ཁྲིམས་ལྟར་ལྟ་སྐུལ་བྱེད་པ།
(བདུན)ལྗོངས་ཡོངས་ཀྱི་རིམ་པ་སོ་སོའི་མི་དམངས་ཞིབ་དཔྱོད་ཁང་ལ་འགོ་ཁྲིད་བྱས་ཏེ་ཁྲིམས་ལྟར་ལག་བསྟར་ལས་ཁུངས་ཀྱིས་ཁྲིམས་ཆད་ལག་བསྟར་བྱེད་ཚུལ་དེ་ཁྲིམས་མཐུན་ཡིན་མིན་ལ་ལྟ་སྐུལ་བྱེད་དགོས།
(བརྒྱད)ལྗོངས་ཡོངས་ཀྱི་རིམ་པ་སོའ་སོའི་མི་དམངས་ཁྲིམས་ཁང་ལ་བཅའ་ཁྲིམས་ཀྱི་ནུས་པ་ཐོན་ཟིན་པ་དང་། དངོས་འབྲེལ་ནོར་འཁྲུལ་གྱི་དཔྱད་མཚམས་དང་བཀའ་བཅད་བཏང་རིགས་ལ་ཁྲིམས་ལྟར་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ལ་བསྐྱར་གཅོད་ཡོང་རེ་ཞུ་དགོས།
(དགུ)ལྗོངས་ཡོངས་ཀྱི་རིམ་པ་སོ་སོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་དབང་ཆ་སྤྱོད་རིང་བཏོན་པའི་གཏན་འབེབས་ལ་ཞིབ་བཤེར་བྱས་ནས་ནོར་འཁྲུལ་གྱི་གཏན་འབེབས་ཡོ་བསྲང་བྱེད་པ།
(བཅུ)ཚན་པ་དང་མི་སྒེར་གྱི་གྱོད་དོན་སྙན་སེང་དང་ཞུ་གཏུག རྒྱུ་མཚན་ཞུ་འབུལ། ཐེར་འདོན་བཅས་དང་དེ་བཞིན་ཉེས་གསོག་དོགས་ཡོད་མི་སྣས་རང་ཉེས་རང་ཞུ་བདག་སྤྲོད་བྱེད་པ་དང་འབྲེལ་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཐེར་འདོན་ལས་དོན་ལ་འགོ་ཁྲིད་བྱེད་དགོས།
(བཅུ་གཅིག)ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་དོན་བསྒྱུར་བཅོས་བྱེད་རྒྱུའི་ཐད་བསམ་འཆར་འདོན་པ་དང་། རང་སྐྱོང་ལྗོངས་ཏང་ཨུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཆོག་མཆན་ཐོབ་རྗེས་ལག་བསྟར་རྩ་འཛུགས་བྱེད་པ། དེ་མིན་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས་པ།
(བཅུ་གཉིས)ཞིབ་དཔྱོད་ལས་ཀའི་ནང་བཅའ་ཁྲིམས་དངོས་སུ་བེད་སྤྱོད་བྱ་རྒྱུའི་གནད་དོན་ལ་ཞིབ་འཇུག་དང་འབྲེལ་བསམ་འཆར་འདོན་དགོས་ལ། ཞིབ་དཔྱོད་ལས་དོན་སྐོར་གྱི་གཏན་འབེབས་བཟོ་དགོས།
(བཅུ་གསུམ)ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ཁོངས་གཏོགས་ཀྱི་ལས་བྱེད་པའི་སློབ་གསོ་སྦྱོང་བརྡར་ལས་དོན་ལ་སྒྲིག་འཛུགས་དང་མཛུབ་ཁྲིད་བྱས་ཏེ་ཞིབ་དཔྱོད་ཁོངས་གཏོགས་ཀྱི་སྦྱོང་བརྡར་རྟེན་གཞི་འཛུགས་སྐྲུན་དང་དགེ་རྒན་དཔུང་ཁག་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་འཆར་འགོད་དང་མཛུབ་ཁྲིད་བྱེད་དགོས།
(བཅུ་བཞི)ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ནོར་དོན་སྒྲིག་ཆས་ལས་དོན་ལ་འཆར་འགོད་དང་མཛུབ་ཁྲིད་བྱེད་པ་དང་། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཞིབ་དཔྱོད་ལག་རྩལ་ཆ་འཕྲིན་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས།
(བཅོ་ལྔ)ལས་ཁུངས་ཀྱི་ལས་བྱེད་པ་དང་ཐད་གཏོགས་བྱ་གཞག་སྡེ་ཚན་གྱི་འགོ་ཁྲིད་ལས་བྱེད་པར་དོ་དམ་བྱེད་དགོས།
(བཅུ་དྲུག)རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་སྒྲུབ་འགན་འཁུར་དགོས་པའི་དོན་གནད་གཞན་དག་ལ་འགན་འཁུར་དགོས།
སྤྱི་ལོ2017ལོའི་ཟླ4བའི་ཚེས8ཉིན་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ལྐོག་ཟ་ལྐོག་རྔན་ལ་ངོ་རྒོལ་བྱེད་པའི་ཅུའུ་ཡི་མྱུལ་ཞིབ་ཁྲུའུ་དང་པོའི་ལས་བྱེད་ཉེན་རྟོག་པ་ལྔ་སྤྱི་ལོ2017ལོའི་རྒྱལ་ཡོངས་བཟོ་བའི་གདོང་མཆོངས་བའི་མིང་ཐོ་ཁྲོད་འོས་སྦྱོར་བྱས་ཤིང་། སྤྱི་ལོ2014ལོར་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་དེ་ཉིད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དང་གིས་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་ཏང་ཀྲི་པུའུ་ལ་བདམས་པ་དང་། སྤྱི་ལོ2015ལོར་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ལ་ཐུན་མོང་གི་བྱས་རྗེས་རིམ་པ་གཉིས་པ་སྤྲད། དེ་མིན་སྤྱི་ལོ2020ལོའི་ཟླ་བཅུ་གཉིས་པར་སྤྱི་ལོ2019ནས་སྤྱི་ལོ2020ལོའི་བར་གྱི་གྲོན་ཆུང་ཅན་གྱི་སྤྱི་བའི་སྒྲིག་གཞིའི་དཔེ་སྟོན་ཚན་པའི་མིང་ཐོའི་ནང་ཚུད།
ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་ཞིབ་དཔྱོད་འགོ་འཛིན། ཧྲི་ཞ་ལེན།
ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་ཞིབ་དཔྱོད་འགོ་འཛིན་གཞོན་པ། ཝང་ཅིང་ཙི།
ཉིང་ཞ་ཧུའེ་རིགས་རང་སྐྱོང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཏང་རྩ་འཛུགས་ཀྱི་ཁོངས་མི་དང་ཞིབ་དཔྱོད་དཔོན་གཞོན་པ། ཏའེ་ཞང་ཧུའེ།
ཉིང་ཞ་ཧུའེ་རིགས་རང་སྐྱོང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཏང་རྩ་འཛུགས་ཀྱི་ཁོངས་མི་དང་ཞིབ་དཔྱོད་འགོ་འཛིན་གཞོན་པ། ལི་ཀུའེ་ལན།
ཉིང་ཞ་ཧུའེ་རིགས་རང་སྐྱོང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཏང་རྩ་འཛུགས་ཀྱི་ཁོངས་མི་དང་ཞིབ་དཔྱོད་འགོ་འཛིན་གཞོན་པ། ཞའོ་ཀྲུང་དབྱང་།
ཉིང་ཞ་ཧུའེ་རིགས་རང་སྐྱོང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཏང་རྩ་འཛུགས་ཀྱི་ཁོངས་མི་དང་ཞིབ་དཔྱོད་འགོ་འཛིན་གཞོན་པ། ལུའེ་མིན།
ཉིང་ཞ་ཧུའེ་རིགས་རང་སྐྱོང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཏང་རྩ་འཛུགས་ཀྱི་ཁོངས་མི་དང་སྒྲིག་བཤེར་ཚོ་ཆུང་གི་ཚོ་དཔོན། ཝང་ཅིན་སུང་།
ཉིང་ཞ་ཧུའེ་རིགས་རང་སྐྱོང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཏང་རྩ་འཛུགས་ཀྱི་ཁོངས་མི་དང་ཆབ་སྲིད་པུའུ་ཡི་ཀྲུའུ་རེན། ཧྲི་ཁྲུན་མིང་།
པེ་ཅིང་ཤར་ལམ་གྱི་ཨང་གྲངས41པ།