ཅིང་ཡོན་རྫོང་སྤྱི་བདེ་ཅུའུ།སྔ་མའི་པར་གཞི་དེ ཀླུ་བྷklumtso  ནས 2021-03-03 15:33ལ་འགྲུབ།

ཅིང་ཡོན་རྫོང་སྤྱི་བདེ་ཅུའུ།

ཅིང་ཡོན་རྫོང་སྤྱི་བདེ་ཅུའུ།
ཅིང་ཡོན་རྫོང་སྤྱི་བདེ་ཅུའུ་ནི་ཀན་སུའུ་ཞིང་ཆེན་པའེ་དབྱིན་གྲོང་ཁྱེར་དུ་ཡོད་ལ། དེ་ཡིས་གཙོ་བོ་རྫོང་ཡོངས་ཀྱི་སྤྱི་བདེ་བྱ་བའི་སྤྱིའི་འཆར་འགོད་དང་དུས་རིམ་རང་བཞིན་གྱི་བྱ་བའི་འཆར་གཞི་ཞིབ་འཇུག་བྱས་ནས་གཏན་འབེབས་བྱེད་པ་དང་། འབྲེལ་ཡོད་ཀྱི་སྤྱི་བདེ་བྱ་བའི་སྒྲིག་སྲོལ་ལམ་ལུགས་འཆར་ཟིན་འགོད་པའི་འགན་འཁུར་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
靖远县公安局
གནས་ཡུལ།
ཀན་སུའུ་ཞིང་ཆེན་པའེ་དབྱིན་གྲོང་ཁྱེར་ཁྲེན་ཀོན་གྲོང་རྡལ་ཤར་ཕྱོགས་ལམ་ཆེན་མི་དམངས་སྲང་ལམ།
1 ​འགན་འཁྲི་གཙོ་བོ།

(གཅིག)རྫོང་ཡོངས་ཀྱི་ཆབ་སྲིད་བརྟན་ལྷིང་ལ་གནོད་པ་དང་སྤྱི་ཚོགས་བདེ་འཇགས་ལ་གནོད་འཚེ་གཏོང་བའི་གནས་ཚུལ་ཁོང་དུ་ཆུད་པ་བྱས་ཏེ་རྫོང་ཨུ་དང་རྫོང་སྲིད་གཞུང་། གྲོང་ཁྱེར་སྤྱི་བདེ་ཅུའུ་བཅས་ལ་རྒྱལ་ནང་གི་བདེ་འཇགས་དང་སྤྱི་ཚོགས་བདེ་འཇགས་ཐད་ཀྱི་ཆ་འཕྲིན་གལ་ཆེན་མཁོ་འདོན་བྱས་ནས་དུས་བབ་ལ་དབྱེ་ཞིབ་དང་ཁ་གཏད་འཇལ་ཐབས་མཁོ་འདོན་བྱེད་དགོས།

(གཉིས)ཆབ་སྲིད་ཀྱི་གྱོད་གཞི་དང་ཉེས་དོན་གྱོད་གཞི། དཔལ་འབྱོར་གྱོད་གཞི་བཅས་མྱུལ་ཞིབ་བྱེད་པའི་ལས་ཀ་སྒྲིག་འཛུགས་དང་ལག་བསྟར་བྱས་ཏེ་ཉེས་དོན་གྱོད་གཞི་ཚབས་ཆེན་དང་ཧ་ཅང་ཚབས་ཆེ་བའི་དཔལ་འབྱོར་ཉེས་གསོག་གྱོད་གཞི་ཐད་ཀར་སྒྲུབ་འགན་འཁུར་དགོས་པ་དང་། འཇིགས་སྐུལ་དང་དྲག་ཤུགས་ཀྱི་ཉེས་གསོག་གྱོད་གཞི་མྱུལ་ཞིབ་དང་དོན་རྐྱེན་ཚབས་ཆེན། བདེ་འཇགས་ཀྱི་གནོད་འཚེ་དོན་རྐྱེན་ཚབས་ཆེན་བཅས་ཀྱི་ཚོགས་སྤྱིའི་རང་བཞིན་ལྡན་པའི་དོན་རྐྱེན་ཐག་གཅོད་བྱེད་དགོས།

(གསུམ)སྤྱི་ཚོགས་ཀྱི་བདེ་འཇགས་སྒྲིག་ལམ་ལ་གནོད་འཚེ་གཏོང་བའི་གྱོད་གཞི་ཁྲིམས་ལུགས་ལྟར་རྩད་ཞིབ་ཐག་གཅོད་བྱེད་པ་དང་། ཐེམ་ཐོ་དང་ཡུལ་མིའི་ཐོབ་ཐང་ལག་འཁྱེར། མེ་མདའ་དང་རྫས་མདེལ། ཉེན་ཡོད་དངོས་རྫས། འབར་གས་དངོས་རྫས། སྤྱི་བའི་རོལ་རྩེད་བྱ་ཡུལ་སོགས་ཀྱི་ལས་དོན་ཁྲིམས་ལུགས་ལྟར་དོ་དམ་བྱེད་དགོས།

(བཞི)ཁྲིམས་ལྟར་རྒྱལ་ཁོངས་དོ་དམ་བྱས་ཏེ། རྒྱལ་ཁོངས་ལས་ཐོན་པ་དང་རྒྱལ་ཁོངས་སུ་ཡོང་བ། ཕྱི་རྒྱལ་བ་རང་རྒྱལ་གྱི་མངའ་ཁོངས་སུ་སྡོད་པ་དང་ཡུལ་སྐོར་དུ་འགྲོ་བ་བཅས་ཀྱི་འབྲེལ་ཡོད་དོ་དམ་ལས་ཀ་སྒྲིག་འཛུགས་དང་མཛུབ་སྟོན་བྱེད་དགོས།

(ལྔ)མེ་གསོད་མེ་འགོག་གི་ལས་ཀར་ཁྲིད་སྟོན་དང་ལྟ་སྐུལ་བྱེད་པ་དང་། གྲོང་ཁྱེར་ཁྲོད་ཀྱི་མེ་གསོད་མེ་འགོག་གི་རྨང་གཞིའི་འཛུགས་སྐྲུན་ཞིབ་འཇུག་དང་གཏན་འབེབས། བདེ་སྲུང་དོགས་ཟོན་གྱི་ལས་ཀར་སྐུལ་འདེད་དང་ཞིབ་བཤེར་བྱེད་དགོས།

(དྲུག)རྫོང་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དང་འགྲིམ་འགྲུལ་སྒྲིག་ལམ། ལམ་འགོག་གཙང་སེལ་དང་དེ་བཞིན་འཕྲུལ་སྒུལ་འཁོར་རིགས་དང་ཁ་ལོ་བའི་དོ་དམ་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་དགོས།

(བདུན)གཟིགས་ཞིབ་ཏུ་ཕེབས་པའི་གཙོ་འཛིན་དང་གལ་ཆེའི་ཕྱི་མགྲོན། གལ་ཆེའི་གྲོས་ཚོགས། གལ་ཆེའི་འདུ་ཚོགས་བཅས་ཀྱི་བདེ་སྲུང་ཉེན་སྲུང་གི་ལས་ཀ་འགན་སྲུང་བྱེད་དགོས།

(བརྒྱད)རྫོང་ཡོངས་ཀྱི་སྤྱི་བདེའི་ཚན་རིག་ལག་རྩལ་ལས་དོན་སྒྲིག་འཛུགས་དང་ལག་བསྟར་བྱས་ཏེ་སྤྱི་བདེའི་ཆ་འཕྲིན་ལག་རྩལ་དང་ཉེས་དོན་ལག་རྩལ་འཛུགས་སྐྱོང་འཆར་འགོད་བྱེད་དགོས།

(དགུ)རྫོང་ཡོངས་ཀྱི་སྤྱི་བདེའི་སྒྲིག་ཆས་དང་འགྲོ་གྲོན་སོགས་ཉེན་རྟོག་ལས་དོན་འགན་སྲུང་འཆར་གཞི་དང་ལམ་ལུགས་གཏན་འབེབས་བྱས་ནས་སྒྲིག་ཆས་དང་དངོས་ཟོག་བགོ་འགྲེམས་དོ་དམ་བྱེད་དགོས།

(བཅུ)ནགས་ལས་སྤྱི་བདེར་མཛུབ་ཁྲིད་དང་མཐུན་སྦྱོར་བྱེད་དགོས།

(བཅུ་གཅིག)བཟོ་ཚོང་དང་ཁྲལ་དོན། རིག་གནས། ལག་རྩལ་ལྟ་སྐུལ། རྡོ་སྣུམ་སོགས་སྡེ་ཁག་ལ་གཞོགས་འདེགས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་སྒྲིག་ལམ་ལ་འགལ་རྐྱེན་བཟོ་བའི་ཁྲིམས་འགལ་ཉེས་གསོག་གི་སྤྱོད་ངན་ལ་རྡུང་རྡེག་གཏོང་དགོས།

(བཅུ་གཉིས)རྫོང་ཨུ་དང་རྫོང་སྲིད་གཞུང་། གྲོང་ཁྱེར་སྤྱི་བདེ་ཅུའུ་བཅས་ཀྱིས་བསྒྲུབ་རྒྱུར་སྤྲད་པའི་ལས་དོན་གཞན་དག་སྒྲུབ་འགན་འཁུར་དགོས།

2 ནང་ཁུལ་གྱི་སྒྲིག་གཞི།

(གཅིག)གཞུང་ལས་ཁང་།

བརྟག་དཔྱད་ཞིབ་འཇུག་བྱས་ཏེ་རྫོང་ཡོངས་ཀྱི་སྤྱི་བདེའི་ལས་ཀའི་གནས་ཚུལ་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་ནས་རྟག་ཏུ་རྫོང་ཨུ་དང་རྫོང་སྲིད་གཞུང་དང་དེ་བཞིན་གྲོང་ཁྱེར་སྤྱི་བདེ་ཅུའུ་ལ་འབྲེལ་ཡོད་སྤྱི་ཚོགས་གནས་ཚུལ་དང་སྤྱི་བདེའི་ཆ་འཕྲིན་སྙན་སེང་ཞུ་བ་དང་། ཛ་དྲག་གི་ཉེན་རྟོག་ལས་དོན་ཐག་གཅོད་བྱེད་རོགས་བྱེད་པ། དབང་ཆ་སྤྲད་པའི་འབྲེལ་ཡོད་བཀོད་འདོམས་མཐུན་སྦྱོར་ལས་དོན་གྱི་འགན་འཁུར་དགོས། དེ་མིན་རྫོང་ཅུའུ་ཡི་མིང་ཐོག་ནས་འགྲེམས་སྤེལ་བྱས་པའི་ཡིག་ཆ་དང་སྙན་ཞུ་གལ་ཆེན་གྱི་འཆར་ཟིན་འགོད་པ་དང་ཞིབ་བཤེར་གཏན་འབེབས་བྱས་ཏེ་གསར་འགྱུར་ཁྱབ་བསྒྲགས་བྱེད་དགོས་ལ། གལ་ཆེའི་ཚོགས་འདུ་དང་གལ་ཆེའི་དོན་གནད་ཀྱི་མཐུན་སྦྱོར་སྒྲིག་འཛུགས་བྱེད་འགན་འཁུར་རྒྱུ་དང་། རྫོང་ཡོངས་ཀྱི་སྤྱི་བདེ་ཁོངས་གཏོགས་ཀྱི་སྙན་ཐོའི་རེའུ་མིག་སྣ་ཚོགས་བསྡོམས་རྩིས་བྱེད་རྒྱུའི་འགན་འཁུར་རྒྱུ། ཡིག་ཆ་གཏོང་ལེན་དང་འགྲེམས་སྤེལ་བྱེད་རྒྱུའི་ལས་དོན་དང་གཤམ་སྤེལ་ཡིག་ཆ་གོང་འབུལ་བྱེད་རྒྱུར་ཞིབ་བཤེར་བྱེད་རྒྱུའི་འགན་འཁུར་རྒྱུ། མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་དང་ཞུ་གཏུག་རྒྱུ་མཚན་ཞུ་འབུལ་བདག་སྤྲོད་བྱེད་རྒྱུ། སྤྱི་བདེ་ལས་ཁུངས་ཀྱི་ཡིག་ཚགས་འཛུགས་སྐྱོང་དང་སྤྱི་བདེའི་ལོ་རྒྱུས་ཐོ་འགོད་ལས་དོན་དོ་དམ་བྱེད་པ་དང་སྤྱི་བདེ་རིགས་པའི་གཞུང་ལུགས་ཞིབ་འཇུག་བྱེད་སྒོ་སྒྲིག་འཛུགས་བྱེད་པ།

(གཉིས)ལྟ་ཞིབ་རུ་ཆེན།

རྫོང་དེ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས《སྤྱི་བདེ་ལས་ཁུངས་ཀྱི་ལྟ་ཞིབ་སྲོལ་ཡིག》ལག་བསྟར་དོན་འཁྱོལ་བྱ་རྒྱུ་སྒྲིག་འཛུགས་བྱས་ནས་གཏན་འབེབས་ཀྱི་དབང་ཚད་གཞིར་བཟུང་རྫོང་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་དང་མི་དམངས་ཉེན་རྟོག་པས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་། འགན་དབང་སྤྱོད་པ། སྒྲིག་བརྩི་ཁྲིམས་སྲུང་བཅས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱེད་པ་དང་། རྫོང་ཨུ་དང་རྫོང་སྲིད་གཞུང་། གྲོང་ཁྱེར་སྤྱི་བདེ་ཅུའུ་བཅས་ཀྱིས་སྤྲད་པའི་ལྟ་ཞིབ་དོན་ཚན་གཞན་དག་སྒྲུབ་འགན་འཁུར་དགོས།

(གསུམ)ཁྲིམས་ལུགས་ཚན་ཁག

སྤྱི་བདེ་ཁྲིམས་ལུགས་བྱ་བའི་འཆར་འགོད་ལ་འགན་འཁུར་དགོས་པ་དང་གཞི་རིམ་གྱི་གྱོད་དོན་ཞིབ་གཅོད་ལས་ཁུངས་ཀྱི་ཁྲིམས་འཛིན་བྱེད་སྒོར་ལྟ་སྐུལ་དང་ཞིབ་བཤེར་བྱས་ཏེ་རྫོང་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཁུངས་སྐྱེལ་དག་འབུད་དང་སྲིད་འཛིན་བསྐྱར་གྲོས། ཞུ་ལན་དང་རྒྱལ་ཁབ་ཀྱི་སྐྱིན་ཚབ་བཅས་ཀྱི་ལས་དོན་སྒྲུབ་འགན་འཁུར་དགོས།

(བཞི)སྒྲིག་ཆས་ནོར་དོན་ཚན་ཁག

རྫོང་སྤྱི་བདེ་ཅུའུ་ཡི་སྒྲིག་ཆས་དང་གྱོན་གོས། ནོར་དོན་བཅས་དོ་དམ་བྱེད་འགན་འཁུར་དགོས་པ་དང་རྫོང་སྤྱི་བདེ་ཅུའུ་ཡི་སྒྲིག་ཆས་འཛུགས་སྐྲུན་གྱི་ལོ་འཁོར་འཆར་གཞི་དང་ཕུགས་ཀྱི་འཆར་འགོད་བཟོ་རྒྱུ། དེ་མིན་གྲོན་དངུལ་སྔོན་རྩིས་དང་ངེས་རྩིས། ཉེན་སྤྱོད་རླངས་འཁོར་དང་གཏན་འཇགས་རྒྱུ་ནོར་དོ་དམ་བྱེད་འགན་ཁུར་ནས་རྒྱབ་ཕྱོགས་ཞབས་འདེགས་ཀྱི་ཞབས་ཞུའི་ལས་ཀ་ལེགས་པར་བསྒྲུབ་དགོས།

(ལྔ)དུག་འགོག་གཞུང་ལས་ཁང་།

རྫོང་ཡོངས་ཀྱི་དུག་འགོག་ལས་དོན་གྱི་འགན་འཁུར་རྒྱུ་དང་རྫོང་དུག་འགོག་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་གི་རྒྱུན་གཏན་ལས་དོན་སྒྲུབ་འགན་འཁུར་དགོས།

(དྲུག)མེ་གསོད་མེ་འགོག་ཚན་ཁག

རྫོང་ཡོངས་ཀྱི་མེ་གསོད་མེ་འགོག་གི་ལས་དོན་སྒྲུབ་འགན་འཁུར་དགོས།

(བདུན)རྒྱལ་ནང་བདེ་འཇགས་སྲུང་སྐྱོབ་རུ་ཆེན།

རྫོང་ཡོངས་ཀྱི་ཆབ་སྲིད་བརྟན་ལྷིང་དང་རྒྱལ་ཁབ་བདེ་འཇགས་ལ་གནོད་པའི་གསང་འཕྲིན་དང་གནས་ཚུལ་ ཁོང་དུ་ཆུད་པ་མ་ཟད། ལམ་ལུགས་དང་ཁ་གཏད་གཅོག་ཐབས་ཞིབ་འཇུག་བྱེད་དགོས་ལ། རྒྱལ་ནང་གི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་གྱོད་གཞི་དང་དོན་རྐྱེན་ལ་མྱུལ་ཞིབ་དང་ཐག་གཅོད་ཀྱི་ལས་ཀ་བྱེད་འགན་འཁུར་དགོས་པ་དང་། སྤྱི་ཚོགས་ཀྱི་རིག་གནས་ཁྱབ་ཁོངས་དང་ལས་ཁུངས་ཚོགས་པ། ཁེ་ལས་དང་བྱ་གཞག་སྡེ་ཚན་བཅས་ཀྱི་རྒྱལ་ནང་གི་བདེ་འཇགས་སྲུང་སྐྱོང་ལས་དོན་སྒྲིག་འཛུགས་དང་མཛུབ་ཁྲིད་བྱེད་འགན་འཁུར་རྒྱུ་དང་རྒྱལ་ནང་གི་བདེ་འཇགས་སྲུང་སྐྱོང་ལས་དོན་ཐད་ཀྱི་གཙོ་གནད་མི་སྣ་དང་གཡུལ་ས་གལ་ཆེན་ཚོད་འཛིན་བྱེད་འགན་འཁུར་དགོས། དེ་ལས་གཞན་གསང་བའི་སྟོབས་ཤུགས་འཛུགས་སྐྱོང་དང་མི་མངོན་པའི་ལས་ཀ་ལས་རིགས་ཅན་དང་སྤྱི་ཚོགས་ཅན་དུ་འགྱུར་བའི་འཛུགས་སྐྲུན་དང་། སྤྱི་ཚོགས་ཀྱི་ཆབ་སྲིད་བརྟན་ལྷིང་ལ་གནོད་འཚེ་གཏོང་བའི་ཆ་འཕྲིན་བསྡུ་རུབ་དང་ཕྱོགས་སྡོམ་བྱེད་དགོས།

(བརྒྱད)དུག་འགོག་ཉེན་རྟོག་རུ་ཆེན།

རྫོང་ཡོངས་ཀྱི་དུག་རྫས་ཁྲིམས་འགལ་ཉེས་གསོག་གི་གནས་ཚུལ་ཁོང་དུ་ཆུད་པ་བྱས་ནས་སྔོན་འགོག་དང་རྡུང་རྡེག ཁ་གཏད་འཇལ་ཐབས་བཅས་ཞིབ་འཇུག་བྱས་ནས་བཟོ་འགོད་བྱེད་པ་དང་། དུག་རྫས་ཉེས་གསོག་གྱོད་གཞིའི་མྱུལ་ཞིབ་ལས་ཀ་དང་སྦྲིད་སྨན་དང་ཀླད་རྩའི་སྨན་རྫས་ཀྱི་བདེ་འཇགས་དོ་དམ། དུག་རྫས་བཟོ་བྱའི་རྫས་འགྱུར་དངོས་རྫས་དོ་དམ་སོགས་ཀྱི་ལས་ཀའི་འགན་འཁུར་དགོས་ལ། དུག་རྫས་གཏན་འགོག་གི་དྲིལ་བསྒྲགས་སློབ་གསོ་དང་དུག་འཐེན་མི་སྣར་བརྟག་དཔྱད་དང་གཅིན་བཤེར་གྱི་ལས་ཀ་བྱེད་འགན་འཁུར་དགོས།

(དགུ)ཉེས་དོན་མྱུལ་ཞིབ་རུ་ཆེན།

རྫོང་ཡོངས་ཀྱི་ཉེས་དོན་ཉེས་གསོག་གནས་ཚུལ་ལ་དབྱེ་ཞིབ་བྱས་ནས་ཁོང་དུ་ཆུད་པ་དང་། ཉེས་དོན་ཉེས་གསོག་གི་གསང་འཕྲིན་ཆ་འཕྲིན་བསྡུ་རུབ་དང་བརྡ་ཁྱབསྤེལ་རེས་བཅས་བྱས་ནས་ཉེས་དོན་ཉེས་གསོག་ཚབས་ཆེན་སྔོན་འགོག་དང་རྡུང་རྡེག་གཏོང་རྒྱུའི་ལས་ཀའི་ཐབས་ཇུས་ཞིབ་འཇུག་བྱེད་དགོས་ལ། རྫོང་ཡོངས་ཀྱི་འཇིགས་སྐུལ་གྱི་གྱོད་གཞི་ཚབས་ཆེན་དང་དྲག་སྤྱོད་ཀྱི་གྱོད་གཞི་ཚབས་ཆེན། ས་ཁུལ་ལས་བརྒལ་ནས་མཉམ་འབྲེལ་གྱིས་མྱུལ་ཞིབ་བྱ་དགོས་པའི་གྱོད་གཞི་གལ་ཆེན་བཅས་ཐག་གཅོད་བྱེད་འགན་འཁུར་དགོས་པ་མ་ཟད། ཉེས་དོན་གྱི་གྱོད་གཞི་ཚབས་ཆེན་དང་རྫོང་ཨུ་དང་རྫོང་སྲིད་གཞུང་དེ་བཞིན་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡིས་བསྒྲུབ་རྒྱུར་སྤྲད་པའི་གྱོད་གཞི་བཅས་རྩད་ཞིབ་ཐག་གཅོད་བྱེད་དགོས།

(བཅུ)བདེ་འཇགས་ཉེན་ཟོན་རུ་ཆེན།

གྲོང་ཁུལ་གྱི་ཁྲོམ་གཞུང་དང་སྤྱི་བདེ་རྙོག་འཛིང་ཆེ་བའི་ཁུལ་དུ་བདེ་འཇགས་སྐོར་གཡེང་བྱེད་འགན་འཁུར་ནས་སྤྱི་ཚོགས་ཐོག་གི་བདེ་འཇགས་སྒྲིག་ལམ་སྲུང་སྐྱོང་དང་ཚོད་འཛིན་བྱེད་དགོས་ལ། ཐོལ་བྱུང་དོན་རྐྱེན་ཐག་གཅོད་དང་གཏུམ་སྤྱོད་ཉེས་གསོག་གི་གྱོད་གཞི་ཐག་གཅོད་བྱེད་འགན་འཁུར་དགོས་པ་དང་། དེ་མིན་ཉེན་ཁ་མྱུར་སེལ་དང་རྒུད་སྐྱོབ། མང་ཚོགས་ལ་རོགས་སྐྱོར་བཅས་ཀྱི་བྱ་བ་གཞན་དག་སྒྲུབ་འགན་འཁུར་དགོས།

(བཅུ་གཅིག)གྲོང་ཁུལ་འགྲིམ་འགྲུལ་ཉེན་རྟོག་རུ་འབྲིང་།

གྲོང་ཁུལ་གྱི་འགྲིམ་འགྲུལ་སྒྲིག་ལམ་སྲུང་སྐྱོང་དང་ཁྲོམ་གཞུང་གི་གེགས་རྐྱེན་སེལ་བ། བྱེད་སྒོ་གལ་ཆེན་སྤེལ་སའི་གྲོང་ཁུལ་གྱི་ཁྲོམ་གཞུང་ཤར་གཏོང་དང་གྲོང་ཁུལ་གྱི་འགྲིམ་འགྲུལ་དོ་དམ་འཆར་འགོད་ཞིབ་འཇུག་དང་གཏན་འབེབས་བྱེད་དགོས།

(བཅུ་གཉིས)ལྟ་སྲུང་ཁང་།

ཉེས་ཅན་ལ་དོ་དམ་དང་སློབ་གསོ་གཏོང་བའི་ལས་ཀའི་འགན་འཁུར་བ་དང་། ཉེས་ཅན་གྱི་བསམ་བློའི་གནས་ཚུལ་ཁོང་དུ་ཆུད་པ་བྱས་ནས་ཉེས་ཅན་ལ་རྡུང་རྡེག་གཏོང་བའི་གཡུལ་ས་གཉིས་པ་བྱས་ནས་བྱས་ཉེས་ལྷག་མ་རྣམས་ཚོད་འཛིན་གཏིང་ཟབ་བྱེད་དགོས་ལ། བཙོན་ཁང་གི་སྒྲིག་བཀོད་དང་སྒྲིག་ཆས། ལག་རྩལ་བཅས་འཛུགས་སྐྲུན་བྱེད་འགན་འཁུར་ནས་བདེ་འཇགས་མེད་པའི་མངོན་མེད་རྐྱེན་ངན་སེལ་བ།

(བཅུ་གསུམ) བཙན་ཐབས་དུག་གཅོད་ཁང་།

བཙན་ཤེད་ཀྱིས་དུག་གཅོད་མཁན་ལ་སློབ་གསོ་དང་དོ་དམ། སྨན་བཅོས་ལུས་གསོ། དུག་གཅོད་མཁན་གྱི་བསམ་བློའི་གནས་ཚུལ་ལ་རྒྱུས་ལོན། དུག་རྫས་ཉེས་གསོག་གི་ཁུངས་སྣེ་ཚོད་འཛིན་གཏིང་ཟབ་བཅས་བྱས་ནས་སློབ་གསོ་དང་དོ་དམ་བྱེད་ཐབས་ཞིབ་འཇུག་དང་གཏན་འབེབས་བྱེད་དགོས།

(བཅུ་བཞི)སྲིད་འཛིན་བཀག་སྐྱིལ་སུའོ།

བདེ་འཇགས་ཆད་གཅོད་མི་སྣར་དོ་དམ་དང་སློབ་གསོ་གཏོང་འགན་འཁུར་རྒྱུ་དང་། བདེ་འཇགས་བཀག་ཉར་མི་སྣའི་བཅའ་ཁྲིམས་དང་ཁྲིམས་སྲོལ་སློབ་སྦྱོང་དང་བསམ་བློའི་ཁྲིད་སྟོན་ལས་ཀ་བྱེད་འགན་འཁུར་དགོས།

3 གཟི་བརྗིད་མཚན་སྙན།

སྤྱི་ལོ2019ལོའི་ཟླ་བཅུ་གཅིག་པར“རྒྱལ་ཡོངས་ཀྱི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་བྱེད་པའི་སྔོན་ཐོན་ཐུན་མོང”གི་གཟི་བརྗིད་མཚན་སྙན་ཐོབ།


དཔྱད་གཞིའི་ཡིག་ཆ།