ཅིང་ཐའེ་རྫོང་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1949ལོར་བཙུགས་པ་དང་། རྨ་ནུབ་དོག་ལམ་གྱི་ཤར་སྣེ་དང་ཀན་སུའུ་ཞིང་ཆེན་གྱི་དབུས་ཁུལ་གྱི་བྱང་མཚམས། ཐེང་ཀུ་ལི་བྱེ་ཐང་གི་ལྷོ་མཚམས། ཀན་སུའུ་དང་ཉིང་ཞཱ། ནང་སོག་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་ཀྱི་ཀན་སུའུ་ཞིང་ཆེན་ཅིང་ཐའེ་རྫོང་དུ་གནས་ཤིང་། ཁྲིམས་ཁང་ཡོངས་ལ་ད་ལྟ་ལས་བྱེད་པ་དང་ཉེན་རྟོག་པ83ཡོད་པའི་ནང་སྐྱེས་པ66ཡོད་པ་དེས79.5%དང་བུད་མེད17ཡོད་པ་དེས20.5%ཟིན་ཡོད་ལ། ཞིབ་བཤེར་གཏན་འབེབས་བྱས་པའི་སྒྲིག་ཁོངས་སུ་ཡོད་པའི་མི་གྲངས68ཡོད་པའི་ནང་སྲིད་འཛིན་སྒྲིག་ཁོངས་སུ་ཡོད་པའི་མི་གྲངས65དང་ལས་ཁུངས་རྒྱབ་ཕྱོགས་མཁོ་སྒྲུབ་བྱ་གཞག་སྒྲིག་ཁོངས་ཀྱི་མི3ཡོད་པ་དང་། རབ་འབྱམས་ཞིབ་འཇུག་སློབ་མ3ཡོད་པ་དེས3.6%དང་དངོས་གཞིའི་བསླབ་གནས་ཡོད་པའི་མི59ཡོད་པ་དེས71.1%ཟིན་ཡོད་ལ། དེ་མིན་གཞན་འདྲི་གཅོད་ལག་བསྟར་གྱི་ལས་ཀ་བྱེད་མཁན་ཁྲིམས་དཔོན56ཡོད་པ་དེས་བརྒྱ་ཆའི67.5ཟིན་པ་དང་དྲུང་ཡིག་མི་བརྒྱད་ཡོད་པ་དེས་བརྒྱ་ཆའི9.6 ཁྲིམས་འཛིན་ཉེན་རྟོག་པ4ཡོད་པ་དེས4.8% སྲིད་འཛིན་མི་སྣ10ཡོད་པ་དེས་བརྒྱ་ཆའི12ཟིན། དེ་མིན་ལོ་ན31ནས35བར་གྱི་ལས་བྱེད་ཉེན་རྟོག་པ6 ལོ་ན36ནས40བར་གྱི་མི12 ལོ་ན41ནས45བར་གྱི་མི20 ལོ་ན46ནས50བར་གྱི་མི30 ལོ་ན51ནས55བར་གྱི་མི11 ལོ་ན56ནས60བར་གྱི་མི4བཅས་ཡོད་ལ། ཞིབ་དཔྱོད་ཁང་ཡོངས་སུ་ཏང་གི་སྤྱི་ཁྱབ་ཀྲི་པུའུ་བཙུགས་ཡོད་ལ་དེའི་འོག་ཏུ་ཏང་ཀྲི་པུའུ་ལྔ་བཙུགས་ཡོད་པ་དང་། དེ་རུ་ཏང་ཡོན62ཡོད་པ་དེས་མི་གྲངས་བསྡོམས་འབོར་གྱི74.7%ཟིན་ཡོད། ཉེ་བའི་ལོ་ཤས་རིང་ཅིང་ཐའེ་རྫོང་མི་དམངས་ཁྲིམས་ཁང་གིས་ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་དང“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་བཟུང་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།“ཁྲིམས་འཛིན་གྱོད་གཞི་ཚང་མའི་ཁྲོད་དུ་མི་དམངས་མང་ཚོགས་ལ་དྲང་སྙོམས་དྲང་བདེན་ཚོར་དུ་འཇུག་དགོས”པ་དམིགས་འབེན་དུ་དམ་པོར་འཛིན་པ་དང་། མི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ་དང་ཁྲིམས་འཛིན་དྲང་བཞག་གི་ལམ་ཕྱོགས་གཙོ་བོར་བཟུང་བར་བརྟེན་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་ངང་འཕེལ་རྒྱས་ཡོང་བར་ཁྲིམས་འཛིན་གྱི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས་ཡོད། སྤྱི་ལོ2009ལོ་ནས་སྤྱི་ལོ2013ལོའི་བར་རིགས་མི་འདྲ་བའི་གྱོད་གཞི6889བདག་སྤྲོད་བྱས་པ་དང་། གྱོད་གཞི6824འདྲི་གཅོད་མཇུག་སྒྲིལ་བྱས་ཤིང་། གྱོད་གཞི་མཇུག་སྒྲིལ་ཚད99.1%ཟིན་ལ། དེ་ལས་སྤྱི་ལོ2013ལོར་གྱོད་གཞི་སྣ་ཚོགས1864བདག་སྤྲོད་བྱས་པ་དེ་དུས་མཚུངས་ལས153འཕར་བ་དང་། གྱོད་གཞི1851ཞིབ་གཅོད་མཇུག་སྒྲིལ་བྱས་པ་དང་གྱོད་གཞི་མཇུག་སྒྲིལ་ཚད་བརྒྱ་ཆའི99.3ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་ཚེག0.1འཕར་ཡོད། དེ་མིན་ཅིང་ཐའེ་རྫོང་མི་དམངས་ཁྲིམས་ཁང་ལ་སྔ་རྗེས་སུ་པའེ་དབྱིན་གྲོང་ཁྱེར་གྱི་སྤྱི་ཚོགས་བཅོས་སྐྱོང་གྱོད་གཞི་ཕྱོགས་བསྡུས་བཅོས་སྐྱོང་གི་བདེ་འཇགས་ལས་ཁུངས་དང་། ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་ཁྲིམས་ཁང་། གྲོང་ཁྱེར་ཡོངས་ཀྱི་གསོག་གྱོད་གཙང་སེལ་ལག་བསྟར་བྱེད་སྒོའི་སྔོན་ཐོན་ཐུན་མོང་། རྫོང་ཡོངས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་སྔོན་ཐོན་ཐུན་མོང་། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཁང་འདུམ་འགྲིག་ལས་དོན་གྱི་སྔོན་ཐོན་ཁྲིམས་ཁང་སོགས་གཟི་བརྗིད་མཚན་སྙན་ཐོབ་ཡོད།
ཁྲིམས་ཁང་དུ་ད་ལྟ་གཞུང་ལས་ཁང་དང་ཆབ་སྲིད་ལས་དོན་ཚན་ཁག གྱོད་དོན་ཐོ་འགོད་ཁང་། དམངས་དོན་འདྲི་གཅོད་ཁྲིམས་ར་དང་པོ། དམངས་དོན་འདྲི་གཅོད་ཁྲིམས་ར་གཉིས་པ། དམངས་དོན་འདྲི་གཅོད་ཁྲིམས་ར་གསུམ་པ། ཉེས་དོན་འདྲི་གཅོད་ཁྲིམས་ར། སྲིད་འཛིན་ཁྲིམས་ར། འདྲི་གཅོད་ལྟ་སྐུལ་ཁང་། ཁྲིམས་འཛིན་ཉེན་རྟོག་རུ་ཆེན། ལག་བསྟར་ཅུའུ། ཡིག་སྐུར་ངོ་གཏུག་ལས་དོན་གཞུང་ལས་ཁང་། འཆར་གཞིའི་ནོར་དོན་གྱི་སྒྲིག་ཆས་ཚན་ཁག་བཅས་པའི་ནང་ཁུལ་གྱི་སྒྲིག་གཞི13བཙུགས་ཡོད་ལ། ད་དུང་ཧྲང་ཧྲ་ཝོ་མི་དམངས་ཁྲིམས་ར་དང་ཞི་ཆོན་མི་དམངས་ཁྲིམས་ར་སྟེ་མངགས་གཏོང་ལས་ཁུངས2ཡོད།
ལས་ཀའི་འགན་འཁྲི་གཙོ་བོ་ནི་ཁྲིམས་ཁང་གི་འགོ་ཁྲིད་ཀྱིས་ཁྲིམས་འཛིན་གཞུང་དོན་མཐུན་སྦྱོར་ཐག་གཅོད་བྱེད་པར་གཞོགས་འདེགས་དང་ཁྲིམས་ཁང་གི་ཏང་རྩ་འཛུགས། ཁྲིམས་ཁང་གི་ལས་དོན་ཚོགས་འདུ། ཡོན་ཀྲང་གི་གཞུང་དོན་ཚོགས་འདུ་སོགས་གལ་ཆེའི་ཚོགས་འདུ་སྒྲིག་འཛུགས་བཀོད་སྒྲིག་དང་ཐག་གཅོད་དོན་ཚན་ལ་ལྟ་སྐུལ་བྱེད་འགན་འཁུར་དགོས་པ་དང་། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱི་འབྲེལ་གཏུག་ལས་ཀའི་འགན་འཁུར་བ། རྫོང་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱི་འབྲེལ་ཡོད་གྲོས་གཞི་དང་གྲོས་འགོ་སྒྲུབ་པ་རྩ་འཛུགས་བྱེད་པ། དྲུང་ཡིག་དང་རིག་གནས་གློག་འཕྲིན། གསང་སྲུང་། ཆ་འཕྲིན། ཡིག་ཚགས། ཡིག་ཆ་པར་འདེབས། བསྡོམས་རྩིས། ཡིག་ཆའི་མཆན་བཀོད་བརྒྱུད་སྤྲོད་དང་བརྒྱུད་ལྟ་བྱེད་འགན་འཁུར་དགོས་ལ། ཡིག་ཆ་གལ་ཆེན་དང་ཡོན་ཀྲང་གི་གསུང་བཤད་སོགས་ཀྱི་ཟིན་བྲིས་འགོད་དགོས་པ་རེད། དེ་མིན་ཁྲིམས་ཁང་ཡོངས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་དང་ཕྱི་ཕྱོགས་སུ་སྤེལ་བའི་ལས་འགན་འཁུར་དགོས་པ་དང《ཁྲིམས་ཁང་གི་ལས་ཀའི་གསར་འགྱུར་མདོར་བསྡུས》རྩོམ་སྒྲིག་འགྲེམས་སྤེལ་བྱེད་དགོས་པ་མ་ཟད། ཁྲིམས་ཁང་གི་ཕྱི་ཕྱོགས་སྣེ་ལེན་དང་འབྲེལ་ཡོད་ཕྱི་དོན་བྱེད་སྒོ་བཀོད་སྒྲིག་དང་ཁྲིམས་ཁང་གི་སྡེ་ཁག་སོ་སོའི་བྱ་བ་མཐུན་སྦྱོར་བྱེད་པ། འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ལས་དོན་དང་ཁྲིམས་ཁང་ཡོངས་ཀྱི་རླངས་འཁོར་དོ་དམ་ལས་དོན་གྱི་འགན་འཁུར་དགོས།
ས་གནས་ཀྱི་ཏང་ཨུ་དང་ཁྲིམས་ཁང་གི་ཏང་རྩ་འཛུགས་ལ་གཞོགས་འདེགས་བྱས་ནས་ཁྲིམས་ཁང་གི་ཏང་འཛུགས་སྐྱོང་དང་འགོ་ཁྲིད་ཚན་པ་འཛུགས་སྐྱོང་ལེགས་པོ་བྱེད་དགོས་པ་དང་། རྫོང་ལས་ཁུངས་ཀྱི་སྒྲིག་ཁོངས་སྡེ་ཁག་ལ་གཞོགས་འདེགས་བྱས་ནས་ཁྲིམས་ཁང་གི་སྒྲིག་གཞིའི་སྒྲིག་ཁོངས་དོ་དམ་ལས་དོན་ལེགས་པར་བསྒྲུབ་དགོས་ལ། ཁྲིམས་ཁང་གི་ཁྲིམས་འཛིན་ཉེན་རྟོག་པའི་གོ་རྟགས་དཔྱད་བསྡུར་གཏན་འབེབས་དང་ཆོག་མཆན་ཞུ་བ། དོ་དམ་བྱ་བ་བཅས་ཀྱི་འགན་འཁུར་དགོས་པ་མ་ཟད། ཞིབ་དཔྱོད་ཁང་དེ་གའི་ལས་བྱེད་པར་རྟོག་ཞིབ་དང་བསྐོ་འཐེན། གླ་ཕོགས། ཁྲིམས་དཔོན་གྱི་རིམ་པ་དཔྱད་བསྡུར་གཏན་འབེབས་དང་གོ་གནས་སྤོར་རྒྱུ་དང་ལས་འཁྱུར་ངལ་གསོ་རྒྱག་རྒྱུའི་ལས་ཀའི་འགན་འཁུར་དགོས།
ལས་ཀའི་འགན་འཁྲི་གཙོ་བོ་ནི་འདྲི་གཅོད་དང་པོའི་གཉེན་སྒྲིག་དང་ཁྱིམ་ཚང་། ཤུལ་འཛིན། མི་ལུས་ཀྱི་ཁེ་དབང་། འབྲེལ་ཡོད་གན་རྒྱའི་རྩོད་གཞིའི་གྱོད་དོན་བཅས་འདྲི་གཅོད་བྱེད་པ་དང་། གཞི་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་འགན་འཁུར་དགོས།
འགན་འཁྲི་གཙོ་བོ་ནི་འདྲི་གཅོད་དང་པོའི་རྒྱལ་ནང་གི་ཁྲིམས་མིའི་བར་དང་ཁྲིམས་མི་དང་རྩ་འཛུགས་གཞན་དག་བར་གྱི་གན་རྒྱའི་རྩོད་གཞི་དང་དབང་གནོད་རྩོད་གཞིའི་གྱོད་དོན་ཞིབ་གཅོད་བྱེད་པ་དང་། འདྲི་གཅོད་དང་པོའི་རྒྱལ་ནང་གི་རྐང་འཛིན་དང་དུས་བཅད་ཚོང་ཟོག་འཛིན་ཤོག ཀུང་སི། མ་རྩ་སྟོངས་པ་སོགས་ཀྱི་གྱོད་གཞི་འདྲི་གཅོད་བྱེད་དགོས།
ལས་ཀའི་འགན་འཁྲི་ནི་འདྲི་གཅོད་དང་པོའི་ས་ཁང་བདག་ཁོངས་དང་ངལ་རྩོལ་གྱི་རྩོད་གླེང་། གནོད་འཚེ་གུན་གསབ། བུན་དབང་དང་བུ་ལོན། དེ་བཞིན་གཏན་ཚུགས་ནོར་རྫས་ཀྱི་གྱོད་དོན་གཞན་དག་བཅས་འདྲི་གཅོད་བྱེད་དགོས།
ལས་ཀའི་འགན་འཁྲི་ནི་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་གཞི་རིམ་མི་དམངས་ཁྲིམས་ཁང་གི་བདག་སྤྲོད་བྱེད་ཁོངས་ཡིན་པའི་འདྲི་གཅོད་དང་པོའི་ཉེས་དོན་གྱི་གྱོད་གཞི་དང་། འབྲེལ་ཡོད་འདྲི་གཅོད་དང་པོའི་ཉེས་དོན་འདྲི་གཅོད་ལས་དོན་གཞན་དག་བསྒྲུབ་དགོས།
ལས་ཀའི་འགན་འཁྲི་ནི་འདྲི་གཅོད་དང་པོའི་སྲིད་འཛིན་གྱོད་དོན་སྣ་ཚོགས་འདྲི་གཅོད་བྱེད་པ་དང་སྲིད་འཛིན་ལས་ཁུངས་ཀྱིས་བཙན་ཐབས་ལག་བསྟར་བྱེད་རེ་ཞུས་པའི་གྱོད་དོན་ལ་ཞིབ་བཤེར་བྱེད་པ། འབྲེལ་ཡོད་སྲིད་འཛིན་འདྲི་གཅོད་ཀྱི་ལས་དོན་གཞན་དག་བསྒྲུབ་དགོས།
ལས་ཀའི་འགན་འཁྲི་ནི་ཁྲིམས་ཁང་དེའི་ཁྲིམས་འཛིན་ཉེན་རྟོག་བྱ་བ་དང་འདྲི་གཅོད་ལྟ་སྐྱེལ། འཐེན་ཞིབ། ལས་རེས་ཁྲིམས་ར། ཁྲིམས་འཛིན་ཡིག་ཆ་སྐྱེལ་སྤྲོད་བཅས་ཀྱི་འགན་འཁུར་དགོས་པ་དང་། སྲོག་ཁྲིམས་ལག་ལེན་བསྟར་རོགས་བྱས་བྱེད་པ་དང་ལག་བསྟར་ཁྲིམས་རར་གཞོགས་འདེགས་བྱས་ནས་གྱོད་དོན་ལག་བསྟར་བྱེད་པ། ཁྲིམས་ཁང་དེ་རང་གི་ལས་ཁུངས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱ་བའི་འགན་འཁུར་དགོས་པ་དང་ཁྲིམས་ལྟར་ཉེན་རྟོག་ལས་འགན་གཞན་དག་བསྒྲུབ་དགོས།
བྱ་བའི་འགན་འཁྲི་ནི་ཁྲིམས་ཁང་ཡོངས་ཀྱི་ལག་བསྟར་བྱ་བར་གཅིག་གྱུར་གྱིས་དོ་དམ་དང་མཐུན་སྦྱོར། བཀོད་འདོམས་བཅས་ཀྱི་འགན་འཁུར་དགོས་པ་དང་། གོང་རིམ་ཁྲིམས་ཁང་དང་ཁ་གཏད་བྱས་ནས་གོང་རིམ་ཁྲིམས་ཁང་གི་འགོ་ཁྲིད་དང་ལེན་བྱེད་པ། ཕྱི་ཕྱོགས་སུ་སྤུན་ཟླའི་ཁྲིམས་ཁང་དང་ཁ་གཏད་དང་འབྲེལ་གཏུག་མཐུན་སྦྱོར་བྱེད་པ། ནང་ཁུལ་དུ་ཁྲིམས་ཁང་དེ་ཡོངས་ཀྱི་ལག་བསྟར་སྟོབས་ཤུགས་དང་སྒྲིག་ཆས་གཅིག་གྱུར་གྱིས་བཀོད་གཏོང་དང་བེད་སྤྱོད་བྱེད་པ་དང་། ཁྲིམས་ཁང་ཡོངས་ཀྱི་ལག་བསྟར་ལས་བྱེད་ཉེན་རྟོག་པར་གཅིག་གྱུར་གྱིས་ལྟ་སྐུལ་དོ་དམ་དང་ལག་བསྟར་མངགས་བཅོལ་བྱེད་པ་བཅས་ཡིན།
ལས་ཀའི་འགན་འཁྲི་ནི་ལས་ཀ་མཐུན་སྦྱོར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གོང་རིམ་ཁྲིམས་ཁང་དང་གྲོང་ཁྱེར། རྫོང་བཅས་ཀྱི་ནོར་སྲིད་དང་སྡེ་ཚན་གཞན་དག་དབར་འབྲེལ་གཏུག་དང་མཐུན་སྦྱོར་ཧུར་ཐག་བྱས་ནས་མ་དངུལ་བརྩོན་ལེན་གྱིས་ཁྲིམས་ཁང་གི་འགྲོ་གྲོན་མི་འདང་བའི་གནས་ཚུལ་ཞི་ལྷོད་དུ་གཏོང་དགོས་པ་དང་། ཁྲིམས་ཁང་གི་ལོ་ཧྲིལ་པོའི་སྔོན་རྩིས་དང་ངེས་རྩིས་བཟོ་རྒྱུ། ཆེད་སྤྱོད་གྲོན་དངུལ་གྱི་སྙན་ཞུ་དང་གཏོང་སྤྲོད། བེད་སྤྱོད་བཅས་ལ་ལྟ་སྐུལ་ཡག་པོ་བྱེད་དགོས་པ། ཁྲིམས་ཁང་གི་ནོར་དོན་གཏོང་སྒོར་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་མ་དངུལ་སྤྱོད་པའི་ཕན་འབྲས་ཆེ་རུ་གཏོང་དགོས། དེ་མིན་རྩིས་ཐོ་འགོད་པ་དང་གླ་ཕོགས་སྤྲོད་པ། སྤྱི་གསོག་མ་དངུལ་དང་སྨན་བཅོས་འགན་བཅོལ་གྲོན་དངུལ་དང་གཏུག་བཤེར་གྲོན་དངུལ་བསྡུ་ལེན་དང་བཀོལ་སྤྱོད། དོ་དམ་བཅས་ཀྱི་ལས་ཀ་ལེགས་པར་བསྒྲུབ་དགོས་ལ། མཚོན་ཆ་དང་གྱོན་ཆས། རླངས་འཁོར། འཕྲིན་སྐྱེལ་ལག་རྩལ། གཞུང་ལས་རང་འགུལ་ཅན། གཞི་རྩའི་འཛུགས་སྐྲུན། རྒྱུ་ནོར་དོ་དམ་སོགས་ཀྱི་ལས་དོན་གཞན་དག་སྒྲུབ་འགན་འཁུར་དགོས།
བྱ་བའི་འགན་འཁྲི་ནི་རང་གི་མངའ་ཁོངས་ནང་གི་འདྲི་གཅོད་དང་པོའི་གཉེན་སྒྲིག་དང་ཁྱིམ་ཚང་། ཤུལ་འཛིན། མི་ལུས་ཁེ་དབང་གི་དམངས་དོན་གྱོད་དོན་འདྲི་གཅོད་དང་ལག་བསྟར་བྱེད་པ་དང་། མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་དང་མི་དམངས་འདུམ་འགྲིག་པས་དུས་ཐོག་ཏུ་རྩོད་གཞི་འདུམ་འགྲིག་དང་འགལ་བ་སེལ་བ། ཁྲིམས་ལུགས་དྲིལ་བསྒྲགས། སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་བྱ་བར་ཞུགས་པར་མཛུབ་སྟོན་བྱེད་དགོས།
བྱ་བའི་འགན་འཁྲི་ནི་རང་གི་མངའ་ཁོངས་ནང་གི་འདྲི་གཅོད་དང་པོའི་གཉེན་སྒྲིག་དང་ཁྱིམ་ཚང་། ཤུལ་འཛིན། མི་ལུས་ཁེ་དབང་གི་དམངས་དོན་གྱོད་དོན་འདྲི་གཅོད་དང་ལག་བསྟར་བྱེད་པ་དང་། མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་དང་མི་དམངས་འདུམ་འགྲིག་པས་དུས་ཐོག་ཏུ་རྩོད་གཞི་འདུམ་འགྲིག་དང་འགལ་བ་སེལ་བ། ཁྲིམས་ལུགས་དྲིལ་སྒྲོག་བྱེད་པ། སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་བྱ་བར་ཞུགས་པར་མཛུབ་སྟོན་བྱེད་དགོས།
ཉེ་བའི་ལོ་ཤས་རིང་ཅིང་ཐའེ་རྫོང་མི་དམངས་ཁྲིམས་ཁང་ལ་སྔ་རྗེས་སུ་པའེ་དབྱིན་གྲོང་ཁྱེར་གྱི་སྤྱི་ཚོགས་བཅོས་སྐྱོང་གྱོད་གཞི་ཕྱོགས་བསྡུས་བཅོས་སྐྱོང་གི་བདེ་འཇགས་ཚན་པ་དང་། ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་ཁྲིམས་ཁང་། གྲོང་ཁྱེར་ཡོངས་ཀྱི་གསོག་གྱོད་གཙང་སེལ་ལག་བསྟར་གྱི་སྔོན་ཐོན་ཐུན་མོང་། རྫོང་ཡོངས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་སྔོན་ཐོན་ཐུན་མོང་། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཁང་འདུམ་འགྲིག་ལས་དོན་གྱི་སྔོན་ཐོན་ཁྲིམས་ཁང་སོགས་གཟི་བརྗིད་མཚན་སྙན་ཐོབ་པ་དང་། གཞན་ཁྲིམས་ཁང་གི་ལས་བྱེད་པ་བདུན་ལ་ཞིང་ཆེན་ཨུ་ཡོན་དང་སྲིད་ཁྲིམས་ཨུ་ལྷན། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་སྔོན་ཐོན་མི་སྒེར་དང་ཁྲིམས་དཔོན་ཕུལ་བྱུང་སོགས་ཀྱི་བྱ་དགའ་དང་གཟེངས་བསྟོད་གནང་བ་དང་། མི་བཅུ་ལ་མི་སྒེར་གྱི་བྱས་རྗེས་རིམ་པ་གསུམ་པའི་མཚན་བཏགས་ཀྱང་ཐོབ།