གཅིག གཞུང་ལས་ཁང་།
ལས་ཁུངས་ཀྱི་ཡིག་ཆ་དང་ཚོགས་དོན། གསང་གནད་ཡིག་ཚགས། གསང་སྲུང་། ཕྱི་དོན་སོགས་ཀྱི་ལས་ཀ་བྱེད་འགན་འཁུར་རྒྱུ་དང་འགོ་ཁྲིད་ཀྱིས་ཞིབ་དཔྱོད་སྲིད་དོན་ཐག་གཅོད་བྱེད་པ་དང་ཞིབ་དཔྱོད་ཁང་གི་ལས་ཀའི་བཀོད་སྒྲིག་གལ་ཆེན་དང་ཐབས་ཇུས་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པར་སྒྲིག་འཛུགས་དང་མཐུན་སྦྱོར་བྱེད་པ། འབྲེལ་ཡོད་ཡིག་ཆའི་ཟིན་བྲིས་དང་ཞིབ་བཤེར་གཏན་འབེབས་བྱེད་པ། དྲུང་ཡིག་ལས་དོན་ལ་དོ་དམ་བྱེད་པ། ཞིབ་དཔྱོད་ཆ་འཕྲིན་ཐག་གཅོད་བྱེད་པ། ནང་ཁུལ་གྱི་གསར་འགྱུར་མདོར་བསྡུས་རྩོམ་སྒྲིག་དང་འགྲེམས་སྤེལ་བཅས་བྱེད་དགོས་ལ། གོང་རིམ་ཞིབ་དཔྱོད་ཁང་གིས་བསྒྲུབ་རྒྱུར་སྤྲོད་པའི་དོན་དག་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་འབྲེལ་གཏུག་བྱེད་པའི་ལས་ཀ་སྒྲུབ་འགན་འཁུར་དགོས།
གཉིས། ཞིབ་དཔྱོད་པུའུ་དང་པོ།
བཅའ་ཁྲིམས་ཀྱི་གཏན་འབེབས་ནང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་སྒྲུབ་གཉེར་བྱས་པའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་དང་སྤྱི་བའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག སྤྱི་དམངས་ཀྱི་མི་ལུས་ཁེ་དབང་ལ་གནོད་འཚེ་གཏོང་བའི་ཉེས་གསོག དམངས་གཙོའི་ཁེ་དབང་ལ་གནོད་འཚེ་གཏོང་བའི་ཉེས་གསོག སྤྱི་ཚོགས་དོ་དམ་གྱི་སྒྲིག་ལམ་ལ་གནོད་འཚེ་གཏོང་བའི་ཉེས་གསོག་བཅས་ཀྱི་གྱོད་གཞི་ཞིབ་བཤེར་འཛིན་བཟུང་དང་། ཞིབ་བཤེར་ཞུ་གཏུག ཁྲིམས་རར་ཞུགས་ནས་གཞུང་གཏུག་ལ་རྒྱབ་སྐྱོར། བསྐྱར་གཅོད་ཞུ་གཏུག་བཅས་བྱེད་འགན་འཁུར་དགོས་པ་དང་། འབྲེལ་ཡོད་གྱོད་གཞི་ཐོ་འགོད་ལྟ་སྐུལ་དང་མྱུལ་ཞིབ་ལྟ་སྐུལ། འདྲི་གཅོད་ལྟ་སྐུལ་བཅས་བྱེད་དགོས།
གསུམ། ཞིབ་དཔྱོད་པུའུ་གཉིས་པ།
བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་གཅོད་བྱེད་པའི་གྲོང་ཁྱེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ལས་ཐོག་ཉེས་གསོག་གི་གྱོད་གཞི་དང་ཞིབ་དཔྱོད་པུའུ་གསུམ་པས་ཐད་ཀར་བདག་སྤྲོད་བྱས་རྗེས་གྱོད་གཞི་སྐྱེལ་སྤྲོད་བྱས་པའི་ཞིབ་བཤེར་འཛིན་བཟུང་དང་། ཞིབ་བཤེར་ཁྲིམས་སྦྱོར། ཁྲིམས་རར་ཞུགས་ནས་གཞུང་གཏུག་བྱེད་པར་རྒྱབ་སྐྱོར། བསྐྱར་གཅོད་ཞུ་གཏུག་བཅས་བྱེད་འགན་འཁུར་རྒྱུ་དང་། འབྲེལ་ཡོད་འདྲི་གཅོད་ལྟ་སྐུལ་དང་དེ་བཞིན་འབྲེལ་ཡོད་གྱོད་གཞིར་མྱུལ་ཞིབ་ཁ་གསབ་བྱ་རྒྱུ། བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་ལམ་ལ་གཏོར་བཤིག་གཏོང་བའི་ཉེས་གསོག་དང་རྒྱུ་ནོར་ལ་བཙན་གནོད་གཏོང་བའི་ཉེས་གསོག་གྱོད་གཞི་ཞིབ་གཅོད་འཛིན་བཟུང་དང་། ཞིབ་བཤེར་ཁྲིམས་སྦྱོར།ཁྲིམས་སར་ཞུགས་ནས་གཞུང་གཏུག་ལ་རྒྱབ་སྐྱོར། བསྐྱར་གཅོད་ཞུ་གཏུག་བཅས་བྱེད་འགན་འཁུར་རྒྱུ་དང་། འབྲེལ་ཡོད་གྱོད་དོན་ཐོ་འགོད་ལྟ་སྐུལ་དང་མྱུལ་ཞིབ་ལྟ་སྐུལ། འདྲི་གཅོད་ལྟ་སྐུལ། དེ་བཞིན་འབྲེལ་ཡོད་གྱོད་གཞིར་མྱུལ་ཞིབ་ཁ་གསབ་བཅས་བྱེད་དགོས།
བཞི། ཞིབ་དཔྱོད་པུའུ་གསུམ་པ།
བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་གྲོང་ཁྱེར་རིམ་པའི་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་གཅོད་བྱས་པའི་ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་དང་ཉེས་བསགས་གྱོད་གཞིར་ཞིབ་བཤེར་འཛིན་བཟུང་དང། ཞིབ་བཤེར་ཁྲིམས་སྦྱོར། ཁྲིམས་སར་ཞུགས་ནས་གཞུང་ཕྱོགས་ཀྱི་ཁྲིམས་སྦྱོར་དང་བསྐྱར་གཅོད་ཡོང་རེ་ཞུ་བར་རྒྱབ་སྐྱོར། འབྲེལ་ཡོད་གྱོད་དོན་ཐོ་འགོད་ལྟ་སྐུལ་དང་མྱུལ་ཞིབ་ལྟ་སྐུལ། འདྲི་གཅོད་ལྟ་སྐུལ། དེ་བཞིན་འབྲེལ་ཡོད་གྱོད་གཞིར་མྱུལ་ཞིབ་ཁ་གསབ་བཅས་བྱེད་འགན་འཁུར་དགོས།
ལྔ། ཞིབ་དཔྱོད་པུའུ་བཞི་བ།
གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ལ་ཁྲིམས་སྦྱོར་དང་རྒྱུ་མཚན་ཞུ་འབུལ་བྱས་རིགས་བདག་སྤྲོད་བྱེད་འགན་འཁུར་དགོས་པ་དང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་བདག་སྤྲོད་བྱེད་པའི་རྒྱལ་ཁབ་སྐྱིན་གསབ་གྱོད་དོན་དང་རྒྱལ་ཁབ་ཁྲིམས་འཛིན་རོགས་སྐྱོབ་གྱོད་དོན། གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་འགན་འཁྲིའི་ཁྱབ་ཁོངས་ནང་གི་ཡིག་བསྐུར་ངོ་བཅར་གྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྒྲིག་འཛུགས་བྱེད་འགན་འཁུར་དགོས།
དྲུག ཆབ་སྲིད་པུའུ།
གྲོང་ཁྱེར་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་ཀ་དང་བསམ་བློ་དང་ཆབ་སྲིད་ལས་དོན། འགོ་ཁྲིད་ཚན་པ་འཛུགས་སྐྱོང་། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་། དྲིལ་བསྒྲགས་ལས་ཀ་བཅས་སྒྲིག་འཛུགས་དང་མཛུབ་ཁྲིད་བྱེད་འགན་འཁུར་དགོས་ལ། རྫོང(ཁུལ)གི་ཏང་ཨུ་དང་མཉམ་དུ་རྫོང(ཁུལ)ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཕུད་པའི་འགོ་ཁྲིད་མི་སྣ་གཞན་དག་གི་རྒྱུན་གཏན་གྱི་དོ་དམ་ལྟ་སྐུལ་དང་རྒྱུན་གཏན་གྱི་དཔྱད་ཞིབ་ལས་དོན་གྱི་འགན་འཁུར་དགོས་པ་མ་ཟད། འབྲེལ་ཡོད་སྒྲིག་གཞིའི་སྒྲིག་ཁོངས་དང་རྒན་གསོའི་འགན་བཅོལ། ངལ་རྩོལ་གླ་ཕོགས་སྙོམས་སྒྲིག བྱ་དགའི་ལས་དོན། ཆེད་ལས་ལག་རྩལ་གྱི་གོ་གནས་དཔྱད་བསྡུར་དང་གདན་ཞུའི་ལས་ཀ་བཅས་སྒྲུབ་འགན་འཁུར་དགོས།
ཀྲའོ་ཧུང་ཞང་། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་ཞིབ་དཔྱོད་འགོ་འཛིན།
ཧྲི་ཐེན་ཀྲུང་། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་གཞོན་པ་དང་ཞིབ་དཔྱོད་འགོ་འཛིན་གཞོན་པ།
མཱ་ལི། ཞིབ་དཔྱོད་འགོ་འཛིན་གཞོན་པ།
ཆང་ཅི་ཧུང་། ཏང་རྩ་འཛུགས་ཀྱི་ཁོངས་མི་དང་ཞིབ་དཔྱོད་འགོ་འཛིན་གཞོན་པ།
ལི་ཡའོ་པང་། ཏང་རྩ་འཛུགས་ཀྱི་ཁོངས་མི་དང་གྲོང་ཁྱེར་སྒྲིག་ཨུའི་ལྟ་ཞིབ་ཨུ་ལྷན་གྱིས་མངགས་གཏོང་བྱས་པའི་སྒྲིག་བཤེར་ལྟ་ཞིབ་ཚོ་ཆུང་གི་ཙུའུ་ཀྲང་།
ཝན་ཞའོ་ཧུང་། ཏང་རྩ་འཛུགས་ཀྱི་ཁོངས་མི་དང་ཆབ་སྲིད་པུའུ་ཡི་ཀྲུའུ་རེན།
སུན་ཧྥེང་ལིན། ཏང་རྩ་འཛུགས་ཀྱི་ཁོངས་མི།
ཞུའུ་ཆིང་ཧྲན། ཏང་རྩ་འཛུགས་ཀྱི་ཁོངས་མི་དང་ཞིབ་དཔྱོད་ཨུ་ལྷན་གྱི་ཆེད་བསྐོས་ཨུ་ཡོན།
ཀྲུང་ཝེ་གྲོང་ཁྱེར་ཞིབ་དཔྱོད་ཁང་ལ་ལོ་གཉིས་ལ་བསྟུད་མར“རྒྱལ་ཡོངས་གཞི་རིམ་ཞིབ་དཔྱོད་ཁང་འཛུགས་སྐྱོང་གི་རྩ་འཛུགས་བྱ་དགའ”དང“རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་དོན་གྱི་སྔོན་ཐོན་ཐུན་མོང”གི་བྱ་དགའ་ཐོབ་པ་དང་། ལོ་གསུམ་ལ་བསྟུད་མར“རང་སྐྱོང་ལྗོངས་ཀྱི་སྲིད་ཁྲིམས་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་གྱི་གསར་གཏོད་བྱ་དགའ”ཐོབ་ལ། རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱི་འོས་སྦྱོར་ཚོགས་འདུའི་ཐོག་ཉམས་མྱོང་སྤེལ་རེས་བྱས། གཞན་སྤྱི་ལོ2015ལོར་རང་སྐྱོང་ལྗོངས་ཀྱི་དཔལ་ཡོན་ཚན་པར་བདམས་པ་དང་སྤྱི་ལོ2016ལོར་སྔ་རྗེས་སུ་ཀྲུང་གུང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུས་རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི“སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས”ཀྱི་གཟི་བརྗིད་མཚན་སྙན་སྤྲད་པ་རེད། གཞན་སྤྱི་ལོ2017ལོའི་ཟླ་བ་གཉིས་པར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན་ཚའོ་ཅན་མིང་གིས་ཆེད་མངགས་ཀྲུང་ཝེ་གྲོང་ཁྱེར་ཞིབ་དཔྱོད་ཁང་གི་ཏང་འཛུགས་སྐྱོང་ལས་དོན་ལ་གཟིགས་ཞིབ་གནང་བའི་གོ་རིམ་ཁྲོད་ཀྲུང་ཝེ་གྲོང་ཁྱེར་ཞིབ་དཔྱོད་ཁང་ནི་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱི་དཔུང་ཁག་འཛུགས་སྐྱོང་གི་སྣེ་ཁྲིད་དམག་དང་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་དར་ཆ་ཞིག་རེད་ཅེས་བསྔགས་བརྗོད་གནང་བ་རེད།