ཀྲང་རྫོང་མི་དམངས་ཁྲིམས་ཁང་།སྔ་མའི་པར་གཞི་དེ ཀླུ་བྷklumtso  ནས 2021-03-03 15:27ལ་འགྲུབ།

ཀྲང་རྫོང་མི་དམངས་ཁྲིམས་ཁང་།

ཀྲང་རྫོང་མི་དམངས་ཁྲིམས་ཁང་།
ཏིང་ཞི་གྲོང་ཁྱེར་ཀྲང་རྫོང་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1950ལོའི་ཟླ1པོར་བཙུགས་པ་དང་། ཁྲིམས་ཁང་གི་འདྲི་གཅོད་གཞུང་ལས་ཐོག་ཁང་ད་ལྟ་ཀྲང་རྫོང་ཝུའུ་དབྱང་གྲོང་རྡལ་པིང་ཧུ་ཤར་ལམ་གྱི་ཨང་རྟགས2པར་གནས་ཡོད་ལ། ཁྲིམས་ཁང་ཡོངས་སུ་ལས་བྱེད་མི་སྣ53ཡོད་པ་དང་སྒྲིག་ཁོངས་སུ་ཚུད་པའི་མི་སྣའི་ཁྲོད་ཆེད་སྦྱོང་གི་སློབ་གཉེར་བརྒྱུད་རིམ་ལྡན་པའི་མི17ཡོད་པ་དེས་སྤྱིའི་མི་གྲངས་ཀྱི32.1%ཟིན་པ་དང་། དངོས་གཞིའི་ཚན་ཁག་གི་སློབ་གཉེར་བརྒྱུད་རིམ་ལྡན་པའི་མི33ཡོད་པ་དེས་སྤྱིའི་མི་གྲངས་ཀྱི62.3%ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
定西市漳县人民法院
འབྲེལ་གཏུགས་ཁ་པར།
0932—4862274
གནས་ཁུལ།
ཀྲང་རྫོང་ཝུའུ་དབྱང་གྲོང་རྡལ།
བཙུགས་ལོ།
སྤྱི་ལོ1950ལོའི་ཟླ1པོ།
གནས་ཡུལ།
ཀྲང་རྫོང་ཝུའུ་དབྱང་གྲོང་རྡལ་པིང་ཧུ་ཤར་ལམ་གྱི་ཨང་རྟགས2པ།
མི་གྲངས།
53
སྦྲག་སྲིད་ཨང་གྲངས།
748300
ཡོན་ཀྲང་།
ཁྲའེ་ཡུང་ཞང་།
1 ​ཁྲིམས་ཁང་ངོ་སྤྲོད།

ཏིང་ཞི་གྲོང་ཁྱེར་ཀྲང་རྫོང་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1950ལོའི་ཟླ1པོར་བཙུགས་པ་དང་། ཁྲིམས་ཁང་གི་འདྲི་གཅོད་གཞུང་ལས་ཐོག་ཁང་ད་ལྟ་ཀྲང་རྫོང་ཝུའུ་དབྱང་གྲོང་རྡལ་པིང་ཧུ་ཤར་ལམ་གྱི་ཨང་རྟགས2པར་གནས་ཡོད་ལ། ཁྲིམས་ཁང་ཡོངས་སུ་ལས་བྱེད་མི་སྣ53ཡོད་པ་དང་སྒྲིག་ཁོངས་སུ་ཚུད་པའི་མི་སྣའི་ཁྲོད་ཆེད་སྦྱོང་གི་སློབ་གཉེར་བརྒྱུད་རིམ་ལྡན་པའི་མི17ཡོད་པ་དེས་སྤྱིའི་མི་གྲངས་ཀྱི32.1%ཟིན་པ་དང་། དངོས་གཞིའི་ཚན་ཁག་གི་སློབ་གཉེར་བརྒྱུད་རིམ་ལྡན་པའི་མི33ཡོད་པ་དེས་སྤྱིའི་མི་གྲངས་ཀྱི62.3%ཟིན་ཡོད་ལ། ཁྲིམས་ཁང་གི་དཔུང་ཁག་ལ་ཤེས་ཡོན་ཅན་དང་ཆེད་ལས་ཅན་གྱི་ཁྱད་ཆོས་མངོན་ཡོད།

2 སྒྲིག་གཞིའི་སྒྲིག་བཀོད།

ཀྲང་རྫོང་ཁྲིམས་ཁང་དུ་ད་ལྟ་གྱོད་དོན་ཐོ་འགོད་ཀྱི་ཁྲིམས་ར་དང་ཉེས་དོན་འདྲི་གཅོད་ཀྱི་ཁྲིམས་ར། དམངས་དོན་འདྲི་གཅོད་ཀྱི་ཁྲིམས་ར་དང་པོ། དམངས་དོན་འདྲི་གཅོད་ཀྱི་ཁྲིམས་ར་གཉིས་པ(ཚོང་དོན་འདྲི་གཅོད་ཁྲིམས་ར) ལག་བསྟར་ཅུའུ། འདྲི་གཅོད་ལྟ་སྐུལ་ཁང་། འདྲི་གཅོད་དོ་དམ་གཞུང་ལས་ཁང་། སྲིད་འཛིན་ཁྲིམས་ར། ཁྲིམས་འཛིན་ཉེན་རྟོག་རུ་ཆེན་དང་གཞུང་ལས་ཁང་། ཆབ་སྲིད་ལས་དོན་ཁང་། སྒྲིག་བཤེར་ལྟ་ཞིབ་ཁང་། ཡིག་བསྐུར་ངོ་བཅར་ཁང་། ཞིན་སི། སན་ཁྲ། སི་ཙུའུ་བཅས་མི་དམངས་ཁྲིམས་ར་གསུམ་ཐེ་བའི་ཁྱོན་བསྡོམས་སྡེ་ཁག16དང་འགྲིམ་འགྲུལ་དོན་རྐྱེན་སྐོར་སྐྱོད་ཁྲིམས་ར་1བཅས་བཙུགས་ཡོད།

3 ཁྲིམས་ཁང་འཛུགས་སྐྲུན།

ཉེ་བའི་ལོ་ཤས་རིང་ཀྲང་རྫོང་མི་དམངས་ཁྲིམས་ཁང་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་ཚན་ཁག་དང་ལས་བྱེད་ཉེན་རྟོག་པའི་དཔུང་ཁག་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་བྱང་ཚད་མཐོ་བའི་ཁྲིམས་དཔོན་གྱི་དཔུང་ཁག་ཅིག་འཛུགས་སྐྱོང་བྱ་རྒྱུ་དེ་ཁྲིམས་འཛིན་དྲང་གཞག་བྱེད་པའི་དམིགས་ཚད་ཨང་དང་པོར་བརྩིས་ནས་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་བྱ་རྒྱུ་ལྟེ་བར་བྱེད་པ་དང་། ལས་བྱེད་ཉེན་རྟོག་པའི་ལས་སྒོའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དམིགས་ཡུལ་དུ་བྱེད་པ། དཔུང་ཁག་གི་བྱང་ཚད་མཐོ་རུ་གཏོང་རྒྱུ་རྩ་བར་འཛིན་པ། བྱེད་པོའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ། འགོ་ཁྲིད་ཚན་ཁག་གི་སྤྱི་ཡོངས་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ། ལས་བྱེད་ཉེན་རྟོག་དཔུང་ཁག་གི་སྤྱི་ཡོངས་ཀྱི་བྱང་ཚད་ཇེ་མཐོར་འགྲོ་བ་བཅས་ལ་ཤུགས་བརྒྱབ་པར་བསྟེན། ཁྲིམས་ཁང་དེ་ཡོངས་ཀྱིས་ལོ་རེར་ཆ་སྙོམས་གྱོད་གཞི1200ཙམ་ཞིབ་གཅོད་བྱས་པ་དང་གྱོད་གཞི་ཐག་གཅོད་ཐུབ་ཚད98%ལས་བརྒལ་ལ། འདུམ་འགྲིག་ཐག་གཅོད་ཐུབ་ཚད80%ཡན་ཟིན་ཡོད་པ་རེད།

4 གཟི་བརྗིད་མཚན་སྙན།

ཀྲང་རྫོང་མི་དམངས་ཁྲིམས་ཁང་གིས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ལས་དོན་ཁག་འཕེལ་རྒྱས་མྱུར་པོ་བྱུང་བ་དང་ཀྲང་རྫོང་ཁྲིམས་ཁང་ལ་ཏང་ཨུ་དང་གོང་རིམ་ཁྲིམས་ཁང་གི་གཟེངས་བསྟོད་ཐེངས་མང་ཐོབ་ནས་སྔ་རྗེས་སུ་ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལས་དོན་གྱི་སྔོན་ཐོན་ཚན་པའི”གཟི་བརྗིད་མཚན་སྙན་སྤྲད་པ་དང་། ཀྲུང་གུང་ཀན་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས“ཞིང་ཆེན་རིམ་པའི་དཕལ་ཡོན་ཚན་པ”ཞེས་པའི་མིང་བཏགས་གནང་ལ། ཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས“སྤྱི་ལོ2003ལོ་ནས་སྤྱི་ལོ2007ལོའི་བར་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་སྔོན་ཐོན་ཐུན་མོང”གི་གཟི་བརྗིད་མཚན་སྙན་སྤྲད་ཅིང་། དེ་མིན་ཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས“སྤྱི་ལོ2008ལོ་ནས་སྤྱི་ལོ2009ལོའི་བར་གྱི་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་ཁྲིམས་ཁང”གི་མཚན་སྙན་ཡང་སྤྲད། གཞན་སྤྱི་ལོ1997ལོ་དང་སྤྱི་ལོ2011ལོར་ཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཐུན་མོང་གི་བྱས་རྗེས་རིམ་པ་གཉིས་པ་དང་གསུམ་པའི་གཟེངས་བསྟོད་གནང་ལ། ཏིང་ཞི་གྲོང་ཨུ་སྲིད་ཁྲིམས་ཨུ་ལྷན་གྱིས“གྲོང་ཁྱེར་ཡོངས་ཀྱི་སྔོན་ཐོན་གཞི་རིམ་སྲིད་ཁྲིམས་ཚན་པ”སོགས་གཟི་བརྗིད་མཚན་སྙན་སྤྲད་པ་དང་། ཉེ་ཆར་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས“རྒྱལ་ཡོངས་ཀྱི་ཕུལ་བྱུང་ཁྲིམས་ཁང”གི་འོས་མིའི་ཚན་པར་འོས་སྦྱོར་བྱས་ཡོད།


དཔྱད་གཞིའི་ཡིག་ཆ།