གཅིག གཞུང་ལས་ཁང་།
ལས་ཁུངས་ཀྱི་ཡིག་ཆ་དང་ཚོགས་དོན། གསང་གནད་ཡིག་ཚགས། གསང་སྲུང་། ཕྱི་དོན་སོགས་ཀྱི་ལས་ཀ་བྱེད་འགན་འཁུར་དགོས་ལ། འགོ་ཁྲིད་ཀྱིས་ཞིབ་དཔྱོད་སྲིད་དོན་ཐག་གཅོད་བྱེ་དཔར་མཐུན་སྦྱོར་དང་ལས་ཀའི་བཀོད་སྒྲིག་གལ་ཆེན་དང་ཐབས་ཇུས་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པར་སྒྲིག་འཛུགས་བྱས་ཤིང་། འབྲེལ་ཡོད་ཡིག་ཆའི་ཟིན་བྲིས་དང་ཞིབ་བཤེར་གཏན་འབེབས་བྱེད་པ་དང་། དྲུང་ཡིག་ལས་དོན་ལ་དོ་དམ། ཞིབ་དཔྱོད་ཆ་འཕྲིན་ཐག་གཅོད་དང་ནང་ཁུལ་གྱི་གསར་འགྱུར་མདོར་བསྡུས་རྩོམ་སྒྲིག་དང་འགྲེམས་སྤེལ་བྱེད་དགོས་ལ། དེ་བཞིན་མི་དམངས་ལྟ་སྐུལ་བའི་ལས་དོན་སྒྲིག་འཛུགས་དང་དེར་ཁྲིད་སྟོན་བྱེད་པ་དང་གོང་རིམ་ཞིབ་དཔྱོད་ཁང་གིས་སྒྲུབ་འགན་སྤྲད་པའི་དོན་དག་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་འབྲེལ་གཏུག་བྱེད་པའི་ལས་ཀ་དང་ཆེད་བསྐོས་ཞིབ་དཔྱོད་པའི་འབྲེལ་གཏུག་ལས་ཀ་སྒྲུབ་འགན་འཁུར་དགོས།
གཉིས། ཞིབ་དཔྱོད་པུའུ་དང་པོ།
ཉེས་དོན་གྱོད་གཞིར་ཞིབ་བཤེར་འཛིན་བཟུང་དང་ཞིབ་བཤེར་ཁྲིམས་སྦྱོར། ཁྲིམས་རར་ཞུགས་ནས་གཞུང་གཏུག་དང་བསྐྱར་གཅོད་ཡོང་རེ་ཞུ་བར་རྒྱབ་སྐྱོར་བཅས་བྱེད་འགན་འཁུར་བ་དང་། འབྲེལ་ཡོད་གྱོད་དོན་ཐོ་འགོད་ལ་ལྟ་སྐུལ་དང་མྱུལ་ཞིབ་ལྟ་སྐུལ། འདྲི་གཅོད་ལྟ་སྐུལ་བཅས་དང་དེ་བཞིན་འབྲེལ་ཡོད་གྱོད་གཞིར་ཁ་གསབ་མྱུལ་ཞིབ་བྱེད་དགོས་ལ། ཡུང་ཉིང་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་བདག་སྐྱོང་བྱེད་ཁོངས་ཀྱི་འབྲེལ་ཡོད་ཉེས་དོན་ཞུ་སྦྱོར་གྱོད་གཞི་ཞིབ་གཅོད་བྱེད་དགོས།
གསུམ། ཞིབ་དཔྱོད་པུའུ་གཉིས་པ།
ཡུང་ཉིང་རྫོང་མི་དམངས་ཁྲིམས་ཁང་གི་དམངས་དོན་སྲིད་འཛིན་གཏུག་བཤེར་བྱེད་སྒོར་བཅའ་ཁྲིམས་ལྟར་ལྟ་སྐུལ་བྱེད་པའི་འགན་འཁུར་རྒྱུ་དང་། འདྲི་གཅོད་ལྟ་སྐུལ་གོ་རིམ་ཕུད་པའི་དམངས་དོན་སྲིད་འཛིན་འདྲི་གཅོད་ཀྱི་གོ་རིམ་གཞན་དག་ཁྲོད་ཀྱི་འདྲི་གཅོད་པའི་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་དཔྱོད་ཀྱི་གྲོས་འགོ་འདོན་རྒྱུ། དམངས་དོན་སྲིད་འཛིན་ལག་བསྟར་བྱེད་སྒོར་བཅའ་ཁྲིམས་ཐོག་ནས་ལྟ་སྐུལ་བྱ་རྒྱུ། དམངས་དོན་སྲིད་འཛིན་གྱི་རྒྱབ་སྐྱོར་གཏུག་བཤེར་ལས་ཀ་སྤེལ་དགོས་པ་དང་། སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི་སྒྲུབ་འགན་འཁུར་ནས་མི་དམངས་ཁྲིམས་ཁང་གིས་ཁྲིམས་ར་འཚོགས་ནས་སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི་ཞིབ་གཅོད་བྱེད་སྐབས་མི་སྣ་བཏང་ནས་ཁྲིམས་རར་ཞུགས་པ་དང་། འབྲེལ་ཡོད་གཏན་འབེབས་ལྟར་ཞིབ་དཔྱོད་ཀྱི་གྲོས་འགོ་འདོན་དགོས་ལ། ཡུང་ཉིང་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་བདག་ཁོངས་ཀྱི་དམངས་དོན་སྲིད་འཛིན་དང་སྤྱི་ཕན་གཏུག་བཤེར་ཞུ་སྦྱོར་གྱོད་དོན་ཞིབ་གཅོད་བྱེད་དགོས།
བཞི། ཞིབ་དཔྱོད་པུའུ་གསུམ་པ།
སྡེ་ཁུལ་ཡོ་བསྲང་སྒྲིག་གཞིའི་ཁྲིམས་འཛིན་བྱེད་སྒོར་ལྟ་སྐུལ་བྱེད་འགན་འཁུར་རྒྱུ་དང་། ཉེས་དོན་ཁྲུན་བཅད་དང་ཁྲུན་བཅད་ལག་བསྟར། བཀག་ཉར་དུས་ཚད་བཅས་ལ་ལྟ་སྐུལ་བྱེད་འགན་འཁུར་རྒྱུ། རྫོང་རིམ་པའི་མི་དམངས་ཞིབ་དཔྱོད་ཁང་གིས་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་ཁྲིམས་འཛིན་ལས་བྱེད་མི་སྣས་འགན་དབང་སྤྱད་དེ་ཁྲིམས་འགལ་གྱིས་བཀག་སྐྱིལ་དང་ཚ་འདྲི་བྱས་ནས་ངོས་ལེན་ཞུ་རུ་འཇུག་པ། ཁྲིམས་འགལ་གྱིས་སྔོག་བཤེར་བྱེད་པ་སོགས་སྤྱི་དམངས་ཀྱི་ཁེ་དབང་ལ་གནོད་འཚེ་གཏོང་བ་དང་ཁྲིམས་འཛིན་དྲང་གཞག་ལ་གནོད་འཚེ་གཏོང་བའི་ཉེས་གསོག་གྱོད་གཞི་མྱུལ་ཞིབ་བྱེད་འགན་འཁུར་རྒྱུ། ཡུང་ཉིང་རྫོང་མི་དམངས་ཞིབ་དཔྱོད་ཁང་ལ་ཁྲིམས་སྦྱོར་དང་རྒྱུ་མཚན་ཞུ་འབུལ་བྱས་རིགས་བདག་སྤྲོད་བྱེད་འགན་འཁུར་རྒྱུ། བདག་སྤྲོད་བྱེད་ཁོངས་ནང་གི་རྒྱལ་ཁབ་ཀྱི་སྐྱིན་ཚབ་དང་ཁྲིམས་འཛིན་རོགས་སྐྱོབ་ཀྱི་གྱོད་དོན་སྒྲུབ་འགན་འཁུར་རྒྱུ། ཡུང་ཉིང་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་འགན་འཁྲིའི་ཁྱབ་ཁོངས་ནང་གི་ཡིག་བསྐུར་ངོ་བཅར་གྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྒྲིག་འཛུགས་དང་ལག་བསྟར་བྱེད་འགན་འཁུར་རྒྱུ། གྱོད་གཞི་གཅིག་གྱུར་བདག་སྤྲོད་དང་འཁོར་རྒྱུག གྱོད་གཞི་ཞིབ་གཅོད་བརྒྱུད་རིམ་ལ་ལྟ་སྐུལ་ཚོད་འཛིན། གྱོད་འབྲེལ་རྒྱུ་ནོར་ལ་ལྟ་སྐུལ་དོ་དམ། བཅའ་ཁྲིམས་ཡིག་རིགས་ལ་ལྟ་སྐུལ་དོ་དམ། གྱོད་གཞིའི་ཆ་འཕྲིན་ཡོངས་བསྒྲགས་བཅས་བྱེད་འགན་འཁུར་དགོས་ལ། གྱོད་དོན་ཞིབ་གཅོད་ཀྱི་སྤུས་ཚད་དཔྱད་བསྡུར་དང་ལས་སྒོའི་དཔྱད་བསྡུར། ལས་སྒོ་བསྡོམས་རྩིས་དབྱེ་ཞིབ་བཅས་སྒྲིག་འཛུགས་བྱེད་འགན་འཁུར་དགོས།
ལྔ། ཆབ་སྲིད་པུའུ།
ཞིབ་དཔྱོད་ཁང་གི་ཏང་རྩ་འཛུགས་ལ་གཞོགས་འདེགས་བྱས་ནས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་དང་དཔུང་ཁག་འཛུགས་སྐྱོང་གི་ལས་དོན་ལེགས་པར་བསྒྲུབ་དགོས་ལ། དེ་གའི་སྒྲིག་གཞིའི་སྒྲིག་ཁོངས་དོ་དམ་དང་མི་སྣ་རིགས་དབྱེ་དོ་དམ། ངལ་རྩོལ་གླ་ཕོགས་དོ་དམ། གཟེངས་བསྟོད་བྱ་དགའ་སོགས་ཀྱི་ལས་དོན་སྒྲུབ་འགན་འཁུར་རྒྱུ། ཞིབ་དཔྱོད་ཁང་དེ་གའི་ལས་བྱེད་པར་དཔྱད་ཞིབ་དང་བསྐོ་འཐེན། བཀོད་སྒྲིག་སོགས་ཀྱི་ལས་དོན་གྱི་འགན་འཁུར་རྒྱུ། ཞིབ་དཔྱོད་ཁང་ལས་ཁུངས་ཀྱི་གསར་འགྱུར་དྲིལ་བསྒྲགས་ལས་ཀ་དང་ཞིབ་དཔྱོད་རིག་གནས་འཛུགས་སྤེལ་བྱེད་འགན་འཁུར་རྒྱུ། ཁྲིམས་འཛིན་ཉེན་རྟོག་པའི་ཉིན་རྒྱུན་གྱི་དོ་དམ་བྱ་བ་འགན་འཁུར་དགོས་པ་མ་ཟད་ལས་ཁུངས་ཀྱི་ལས་བྲལ་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་ལས་ཀ་བྱེད་འགན་འཁུར་དགོས།
ཀྲང་ཞུའེ་ཞིན། ཡུང་ཉིང་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་ཞིབ་དཔྱོད་འགོ་འཛིན(རིམ་པ་གསུམ་པའི་མཐོ་རིམ་ཞིབ་དཔྱོད་དཔོན)ཡིན།
ཝང་ཏིང་ཀུའོ། ཡུང་ཉིང་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཏང་རྩ་འཛུགས་ཀྱི་ཁོངས་མི་དང་ཞིབ་དཔྱོད་འགོ་འཛིན་གཞོན་པ(རིམ་པ་བཞི་པའི་མཐོ་རིམ་ཞིབ་དཔྱོད་དཔོན)ཡིན།
ཝང་ཝེ། ཡུང་ཉིང་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཏང་རྩ་འཛུགས་ཀྱི་ཁོངས་མི་དང་ཡུང་ཉིང་རྫོང་སྒྲིག་ཨུའི་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་བཤེར་ལྟ་ཞིབ་ཚོ་ཆུང་བདུན་པའི་ཙུའུ་ཀྲང་ཡིན།
ལི་ཧྲའོ་པོ། ཡུང་ཉིང་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཏང་རྩ་འཛུགས་ཀྱི་ཁོངས་མི་དང་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཨུ་ཡོན(རིམ་པ་བཞི་བའི་མཐོ་རིམ་ཞིབ་དཔྱོད་དཔོན)བཅས་ཡིན།
ཝུའུ་ཞིན་ལི། ཡུང་ཉིང་རྫོང་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཨུ་ཡོན(རིམ་པ་དང་པོའི་ཞིབ་དཔྱོད་དཔོན)ཡིན།
སྤྱི་ལོ2020ལོའི་ཟླ་བཅུ་གཅིག་པར་སྐབས་དྲུག་པའི་རྒྱལ་ཡོངས་ཀྱི་དཔལ་ཡོན་ཚན་པར་བདམས་པ་རེད།