ཡན་ཁྲི་རྫོང་མི་དམངས་ཞིབ་དཔྱོད་ཁང་།སྔ་མའི་པར་གཞི་དེ ཀླུ་བྷklumtso  ནས 2021-03-03 15:24ལ་འགྲུབ།

ཡན་ཁྲི་རྫོང་མི་དམངས་ཞིབ་དཔྱོད་ཁང་།

ཡན་ཁྲི་རྫོང་མི་དམངས་ཞིབ་དཔྱོད་ཁང་།
ཡན་ཁྲི་རྫོང་མི་དམངས་ཞིབ་དཔྱོད་ཁང་ནི་ཡན་ཁྲི་རྫོང་གི་མི་དམངས་ཞིབ་དཔྱོད་ལས་ཁུངས་ཀྱི་ཞིབ་དཔྱོད་སྒྲིག་གཞི་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
盐池县人民检察院
ཁོང་གཏོགས་ས་ཁུལ།
ཉིང་ཞཱ་ཧུའེ་རིགས་རང་སྐྱོང་ལྗོངས་ཝུའུ་ཀྲུང་གྲོང་ཁྱེར་ཡན་ཁྲི་རྫོང་།
ངོ་བོ།
སྲིད་གཞུང་གི་སྒྲིག་གཞི།
ཁོང་གཏོགས་ལས་ཁུངས།
ཉིང་ཞཱ་ཧུའེ་རིགས་རང་སྐྱོང་ལྗོངས་ཝུའུ་ཀྲུང་གྲོང་ཁྱེར་ཡན་ཁྲི་རྫོང་གི་མི་དམངས་ཞིབ་དཔྱོད་སྒྲིག་གཞི།
1 ནང་ཁུལ་གྱི་སྒྲིག་གཞི།

གཅིག ཁྲིམས་སྦྱོར་རྒྱུ་མཚན་ཞུ་འབུལ་ཞིབ་དཔྱོད་ཚན་ཁག

གྱོད་དོན་སྙན་ཞུ་དང་ཞུ་གཏུག་དང་ཐེར་འདོན་བཅས་བདག་སྤྲོད་དང་སྣེ་ལེན་བྱེད་པ་དང་། ཉེས་གསོག་མཁན་གྱི་རང་ཉེས་རང་ཞུ་བདག་སྤྲོད་བྱེད་སྐབས་མི་དམངས་ཞིབ་དཔྱོད་ཁང་གིས་འཛིན་བཟུང་བྱས་འཐུས་ཀྱི་ཆོག་མཆན་མི་འགོད་པ་དང་། ཞུ་གཏུག་མི་བྱེད་པ། གྱོད་གཞི་ཕྱིར་འཐེན་བྱེད་པ་བཅས་དང་དེ་བཞིན་ཐག་གཅོད་གཏན་འབེབས་གཞན་དག་ལ་མོས་མཐུན་མེད་པའི་རྒྱུ་མཚན་ཞུ་འབུལ་དང་ལེན་བྱེད་པ། མི་དམངས་ཁྲིམས་ཁང་གི་ཁྲིམས་ནུས་ཐོན་ཟིན་པའི་ཉེས་དོན་གྱི་དཔྱད་མཚམས་དང་བཀའ་བཅད་བཏང་དོན་བློར་མ་བབས་པའི་རྒྱུ་མཚན་ཞུ་འབུལ་བདག་སྤྲོད་བྱེད་པ། དེ་མིན་མི་དམངས་ཞིབ་དཔྱོད་ཁང་ལ་གུན་གསབ་འོས་འགན་ཡོད་པའི་ཉེས་དོན་གུན་གསབ་གྱོད་དོན་སོགས་ཀྱི་བྱ་བ་དང་ལེན་བྱེད་དགོས།

གཉིས། དམངས་དོན་སྲིད་འཛིན་ཞིབ་དཔྱོད་ཚན་ཁག

མི་དམངས་ཞིབ་དཔྱོད་ཁང་གི་བཅའ་ཁྲིམས་ཀྱི་ནུས་པ་ཐོན་པའི་དམངས་དོན་སྒྲུབ་འགན་འཁུར་བ་དང་། སྲིད་འཛིན་གྱི་དཔྱད་མཚམས་དང་བཀའ་བཅད་བཏང་དོན་ལ་དངོས་གནས་ནོར་འཁྲུལ་ཡོད་པའམ་ཁྲིམས་བཀོད་གོ་རིམ་དང་འགལ་ནས་གྱོད་དོན་ལ་དཔྱད་མཚམས་དང་བཀའ་བཅད་ཡང་དག་གཏོང་བར་འགལ་རྐྱེན་བཟོ་སྲིད་པ་ཤེས་ན། བཅའ་ཁྲིམས་ལྟར་བསྐྱར་གཅོད་ཡོང་རེ་ཞུ་བ་སོགས་ཀྱི་ལས་ཀ་བསྒྲུབ་དགོས།

གསུམ། མྱུལ་ཞིབ་ལྟ་སྐུལ་ཁང་།

སྤྱི་བདེ་ལས་ཁུངས་དང་ཞིབ་དཔྱོད་ལས་ཁུངས་ཀྱིས་རང་འགུལ་ངང་མྱུལ་ཞིབ་བྱས་ནས་འཛིན་བཟུང་བྱ་རྒྱུའི་ཆོག་མཆན་ཞུས་པའི་གྱོད་གཞི་ཞིབ་བཤེར་བྱས་ནས་འཛིན་བཟུང་བྱེད་མིན་གྱི་གཏན་འབེབས་བྱེད་པ་དང་། སྤྱི་བདེ་ལས་ཁུངས་ཀྱིས་གྱོད་དོན་ཐོ་འགོད་བྱས་ནས་མྱུལ་ཞིབ་བྱེད་དགོས་ཀྱང་ཐོ་འགོད་མི་བྱེད་པ་དང་དེ་བཞིན་མྱུལ་ཞིབ་བྱེད་སྒོ་ཁྲིམས་མཐུན་ཡིན་མིན་ལ་ལྟ་སྐུལ་བྱེད་པ་སོགས་ཀྱི་ལས་དོན་སྒྲུབ་འགན་འཁུར་དགོས། ལོ་བཅོ་བརྒྱད་ལ་མ་ལོན་པའི་མིའི་ཉེས་བསགས་གྱོད་དོན་དང་འབྲེལ་བ་ཡོད་པའི་མྱུལ་ཞིབ་ལས་ཀའི་འགན་འཁྲི་དང་དེ་བཞིན་ཁྲིམས་འགལ་ཉེས་གསོག་སྔོན་འགོག་སོགས་ཀྱི་ལས་ཀ་བྱེད་དགོས།

བཞི། ཆབ་སྲིད་ལས་དོན་ཚན་ཁག

ཞིབ་དཔྱོད་ཁང་དེ་གའི་ལས་བྱེད་པའི་ཆབ་སྲིད་བསམ་བློ་དང་རྩ་འཛུགས་མི་དོན་སོགས་ཀྱི་དོ་དམ་ལས་དོན་གྱི་འགན་འཁུར་ནས་བཅའ་ཁྲིམས་དང་སྲིད་ཇུས་སྤྱོད་འཐུས་དང་། ཞིབ་དཔྱོད་བརྟག་ཞིབ། ཞིབ་དཔྱོད་ཁང་ཡོངས་ཀྱི་སློབ་གསོ་གསོ་སྦྱོང་གི་ལས་གནས་སྦྱོང་བརྡར། ཆེད་ལས་སློབ་གསོའི་བྱེད་སྒོ་སྤེལ་རྒྱུ་དང་དེ་བཞིན་ཞིབ་དཔྱོད་མི་སྣའི་རིམ་པ་སྤོར་བ་སོགས་ཀྱི་ལས་དོན་གྱི་འགན་འཁུར་དགོས་ལ། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་འགན་འཁུར་པས་མང་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་གིས་ཞིབ་དཔྱོད་མི་སྣས་འགན་དབང་སྤྱད་དེ་ཁྲིམས་འགལ་གྱིས་གྱོད་དོན་སྒྲུབ་པ་དང་། དབང་ཚད་ལས་བརྒལ་ནས་གྱོད་དོན་སྒྲུབ་པ། ཚ་འདྲི་བྱས་ནས་ངོས་ལེན་ཞུ་རུ་འཇུག་པ། ལྐོག་ཟ་རྔན་ལེན་སོགས་ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་ཐེར་འདོན་དང་ཞུ་གཏུག་བྱེད་འགན་སྒྲུབ་པ་དང་འབྲེལ་ཞིབ་གཅོད་སོགས་ཀྱི་ལས་ཀ་སྒྲུབ་འགན་འཁུར་དགོས།

ལྔ། གཞུང་ལས་ཁང་།

རང་ཞིབ་དཔྱོད་ཁང་གི་ཕྱོགས་བསྡུས་མཐུན་སྦྱོར་དང་ཆ་འཕྲིན་བསྡོམས་རྩིས། ཁྲིམས་ལུགས་དྲིལ་བསྒྲགས། ཡིག་ཚགས། རླངས་འཁོར་དོ་དམ།ཞིབ་དཔྱོད་ཨུ་ཡོན་གྱི་རྒྱུན་ལྡན་བྱ་བའི་འགན་འཁུར་རྒྱུ་དང་། ཁྲིམས་འཛིན་ཉེན་རྟོག་པ་དང་ནོར་དོན་རྒྱབ་ཕྱོགས་ཞབས་འདེགས། སྲིད་འཛིན་སྒྲིག་ཆས་དོ་དམ་སོགས་ཀྱི་བྱ་བའི་འགན་འཁུར་རྒྱུ། དེ་མིན་ལག་རྩལ་མི་སྣས་འབྲེལ་ཡོད་གྱོད་གཞིའི་ལས་ཡུལ་དངོས་སུ་རྩད་བཤེར་བྱས་ནས་གྱོད་གཞི་དང་འབྲེལ་བ་ཡོད་པའི་རྗེས་ཤུལ་དངོས་དཔང་འཚོལ་བསྡུ་དང་འབྲེལ་ཚན་རིག་དང་མཐུན་པའི་སྒོ་ནས་གསལ་འབྱེད་བྱས་ཏེ་འབྲེལ་ཡོད་ལས་སྒོ་སྡེ་ཚན་གྱིས་གྱོད་གཞི་སྒྲུབ་སྐབས་ལག་རྩལ་རང་བཞིན་གྱི་གནད་དོན་དང་འབྲེལ་བ་ཡོད་པའི་དཔང་རྟགས་ལ་ཞིབ་བཤེར་དང་གསལ་འབྱེད་བྱེད་པའི་ལས་དོན་སྤེལ་དགོས།

དྲུག ཁྲིམས་འཛིན་ཉེན་རྟོག་རུ་ཁག

ལས་ཁུངས་ཀྱི་གཞུང་ལས་ཁུལ་གྱི་བདེ་འཇགས་སྲུང་སྐྱོབ་བྱས་ཏེ། ལས་ཁུངས་ཀྱི་རྒྱུན་ལྡན་གྱི་གཞུང་སྒྲུབ་སྒྲིག་ལམ་ལ་གནོད་པ་བཟོ་བའི་གནས་ཚུལ་སྣ་ཚོགས་འབྱུང་བར་སྔོན་འགོག་བྱེད་དགོས། ཞིབ་དཔྱོད་ཁང་གི་ལས་ཁུངས་ཀྱི་མང་ཚོགས་ངོ་བཅར་བྱེད་སར་རྒྱུན་ཆད་མེད་པར་བདེ་འཇགས་སྐོར་ཞིབ་བྱས་ཏེ་དོགས་ཡོད་གནས་ཚུལ་ཤེས་རྟོགས་བྱུང་བ་མ་ཟད་དུས་ཐོག་ཏུ་སྙན་སེང་ཞུ་དགོས་ལ། མང་ཚོགས་ངོ་བཅར་ཡོང་སའི་སྒྲིག་ལམ་སྲུང་སྐྱོང་དང་། ངོ་བཅར་ཡོང་བའི་སྒྲིག་ལམ་ལ་བརྩི་སྲུང་མི་བྱེད་པའི་མི་སྣར་ཁ་ཏ་བསླབ་བྱ་དང་བློ་འགུག་བྱས་ཏེ་དྲག་ཤུགས་ཀྱིས་ངོ་བཅར་ཡོང་རིགས་དང་ཟིང་སློང་གི་བྱ་སྤྱོད་བཀག་འགོག་བྱེད་དགོས།

2 མི་སྣའི་སྒྲིག་ཁོངས།

ཡན་ཁྲི་རྫོང་ཞིབ་དཔྱོད་ཁང་དུ་སྔར་སྲིད་ཁྲིམས་ཆེད་དོན་སྒྲིག་ཁོངས་སུ་ཡོད་པའི་མི52ཡོད་པ་དང་། སྤྱི་ལོ2017ལོར་སྒྱུར་བཀོད་བྱས་རྗེས་སྲིད་ཁྲིམས་ཆེད་དོན་སྒྲིག་ཁོངས་སུ་མི40དང་བྱ་གཞག་སྒྲིག་ཁོངས་སུ་མི3སོར་འཇོག་བྱས་ཡོད། ད་ཆ་སྲིད་ཁྲིམས་ཆེད་དོན་སྒྲིག་ཁོངས་ཀྱི་ལས་བྱེད་ཉེན་རྟོག་པ38དང་བྱ་གཞག་སྒྲིག་ཁོངས་ཀྱི་ལས་བྱེད་པ2 གདན་ཞུའི་དྲུང་ཡིག8བཅས་ཡོད་ལ། ཁྲིམས་འཛིན་སྒྱུར་བཅོས་ཀྱི་བླང་བྱ་གཞིར་བཟུང་ད་ལྟ་ནང་ཁུལ་དུ་ཉེས་དོན་ཞིབ་དཔྱོད་པུའུ་དང་གཏུག་བཤེར་ལྟ་སྐུལ་པུའུ། ལས་སྒོ་དོ་དམ་པུའུ། ཞུ་གཏུག་དང་རྒྱུ་མཚན་ཞུ་འབུལ་ཞིབ་དཔྱོད་པུའུ། ཕྱོགས་བསྡུས་འགན་སྲུང་པུའུ་བཅས་ཀྱི་སྒྲིག་གཞི་ལྔ་བཙུགས་ཡོད། 

3 ལས་ཁུངས་ཀྱི་མཚན་སྙན།

ཡན་ཁྲི་རྫོང་མི་དམངས་ཞིབ་དཔྱོད་ཁང་ལ་སྔ་རྗེས་སུ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཐུན་མོང་གི་བྱས་རྗེས་རིམ་པ་དང་པོ་དང་རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཞིབ་དཔྱོད་ཁང་། རྒྱལ་ཡོངས་ཀྱི་དཔེ་བཟང་ཞིབ་དཔྱོད་ཁང་། རྒྱལ་ཡོངས་ཀྱི་དཔལ་ཡོན་ཚན་པ་སོགས་ཀྱི་གཟི་བརྗིད་མཚན་སྙན་གནང་བ་དང་། དེ་ཉིད་ནི་ཉིང་ཞཱ་ཡི་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི“གཟི་བརྗིད་ཆེན་པོ་གསུམ”ཐོབ་པའི་གཞི་རིམ་ཞིབ་དཔྱོད་ཁང་ཁོ་ན་དེ་རེད།


དཔྱད་གཞིའི་ཡིག་ཆ།