ཞིན་ཆིང་ཁུལ་མི་དམངས་ཞིབ་དཔྱོད་ཁང་།སྔ་མའི་པར་གཞི་དེ ཀླུ་བྷklumtso  ནས 2021-03-03 08:49ལ་འགྲུབ།

ཞིན་ཆིང་ཁུལ་མི་དམངས་ཞིབ་དཔྱོད་ཁང་།

ཞིན་ཆིང་ཁུལ་མི་དམངས་ཞིབ་དཔྱོད་ཁང་།
དབྱིན་ཁྲོན་གྲོང་ཁྱེར་ཞིན་ཆིང་ཁུལ་མི་དམངས་ཞིབ་དཔྱོད་ཁང་ནི་དབྱིན་ཁྲོན་གྲོང་ཁྱེར་ཞིན་ཆིང་ཁུལ་གྱི་མི་དམངས་ཞིབ་དཔྱོད་སྒྲིག་གཞི་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
兴庆区人民检察院
གནས་ཡུལ།
དབྱིན་ཁྲོན་གྲོང་ཁྱེར།
1 ​ནང་ཁུལ་གྱི་སྒྲིག་གཞི།

གཅིག གཞུང་ལས་ཁང་།

ལས་ཁུངས་ཀྱི་རིག་གནས་དང་གློག་འཕྲིན། ཚོགས་དོན། གསང་གནད་ཡིག་ཚགས། གསང་སྲུང་། ཕྱི་དོན་སོགས་ཀྱི་ལས་ཀའི་འགན་འཁུར་རྒྱུ། ཞིབ་དཔྱོད་ཁང་གི་ལས་ཀའི་བཀོད་སྒྲིག་གལ་ཆེན་དང་ཐབས་ཇུས་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པར་སྒྲིག་འཛུགས་དང་མཐུན་སྦྱོར་བྱེད་པ། འབྲེལ་ཡོད་ཡིག་ཆའི་ཟིན་བྲིས་འགོད་པ། གསང་བའི་ལས་དོན་དོ་དམ། ཞིབ་དཔྱོད་ཆ་འཕྲིན་ཐག་གཅོད། ནང་ཁུལ་གྱི་གསར་འགྱུར་གནད་བསྡུས་རྩོམ་སྒྲིག་དང་འགྲེམས་སྤེལ་བཅས་བྱེད་དགོས་ལ། མི་དམངས་ལྟ་སྐུལ་བའི་ལས་དོན་སྒྲིག་འཛུགས་དང་དེར་ཁྲིད་སྟོན་བྱེད་པ་དང་། གོང་རིམ་ཞིབ་དཔྱོད་ཁང་གིས་བསྒྲུབ་རྒྱུར་སྤྲད་པའི་དོན་དག་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འབྲེལ་གཏུག་ལས་ཀ་དང་ཆེད་བསྐོས་ཞིབ་དཔྱོད་པའི་འབྲེལ་གཏུག་ལས་ཀ་སྒྲུབ་འགན་འཁུར་དགོས་ལ། འགོ་ཁྲིད་བློ་མཐུན་གྱིས་ཞིབ་མཆན་འགོད་པའི་དོན་དག་ལ་ལྟ་ཞིབ་བྱེད་པའི་ལས་ཀ་དང་ཞིབ་དཔྱོད་ཁང་ཕྱི་ནང་གི་ཕྱོགས་བསྡུས་མཐུན་སྦྱོར་བྱེད་འགན་འཁུར་དགོས་པ་མ་ཟད། ལས་ཁུངས་ཀྱི་ནོར་དོན་དོ་དམ་དང་སྒྲིག་ཆས་དོ་དམ། རྒྱབ་ཕྱོགས་ཞབས་ཞུའི་འགན་སྲུང་སོགས་ཀྱི་ལས་ཀ་བྱེད་འགན་འཁུར་དགོས།

གཉིས། ཞིབ་དཔྱོད་པུའུ་དང་པོ།

ཉེས་དོན་གཏུག་བཤེར་བྱེད་སྒོར་བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་འཁྲི་སྒྲུབ་དགོས།་པ་དང་། སྤྱིར་བཏང་ཉེས་དོན་གྱོད་གཞི་དང་ལྟ་ཞིབ་ཨུ་ལྷན་གྱིས་ལས་ཐོག་ཉེས་གསོག་གྱོད་གཞི་སྐྱེལ་སྤྲོད་བྱེད་པ། ཞིབ་དཔྱོད་པུའུ་གཉིས་པས་ཐད་ཀར་བདག་སྤྲོད་དང་མྱུལ་ཞིབ་བྱས་རྗེས་གྱོད་གཞི་སྐྱེལ་སྤྲོད་བྱེད་པ། ཉེས་དོན་ཉེས་གསོག་གྱོད་གཞི་ཚབས་ཆེན་ཞིབ་བཤེར་འཛིན་བཟུང་དང་ཞིབ་བཤེར་ཞུ་གཏུག ཁྲིམས་རར་ཞུགས་ནས་གཞུང་གཏུག་ལ་རྒྱབ་སྐྱོར་བྱེད་པ། བསྐྱར་གཅོད་ཞུ་གཏུག་བྱེད་པ་བཅས་དང་དེ་བཞིན་འབྲེལ་ཡོད་མྱུལ་ཞིབ་ལྟ་སྐུལ་དང་འདྲི་གཅོད་ལྟ་སྐུལ། དེ་བཞིན་འབྲེལ་ཡོད་གྱོད་གཞིར་ཁ་གསབ་མྱུལ་ཞིབ་བྱེད་འགན་འཁུར་དགོས།

གསུམ། ཞིབ་དཔྱོད་ཁང་གཉིས་པ།

སྡེ་ཁུལ་ཡོ་བསྲང་སྒྲིག་གཞི་སོགས་ཁྲིམས་འཛིན་བྱེད་སྒོར་ལྟ་སྐུལ་བྱེད་འགན་འཁུར་རྒྱུ་དང་། ཉེས་དོན་ཁྲུན་བཅད་དང་ཁྲུན་བཅད་ལག་བསྟར། བཙན་འདོམས་སྨན་བཅོས་ལག་བསྟར། བཀག་ཉར། གྱོད་གཞི་སྒྲུབ་ཡུན་བཅས་ལ་ལྟ་སྐུལ་བྱ་རྒྱུ་དང་བཀག་ཉར་དགོས་དོན་ལ་ཞིབ་བཤེར་བྱེད་པ་དང་། ཉེས་ཅན་གྱིས་སླར་ཡང་བྱས་ཉེས་བསགས་པའི་གྱོད་གཞི་ཞིབ་གཅོད་བྱེད་དགོས།

བཞི། ཞིབ་དཔྱོད་པུའུ་གསུམ་པ།

རྫོང(གྲོང་ཁྱེར་དང་ཁུལ)མི་དམངས་ཞིབ་དཔྱོད་ཁང་གི་དམངས་དོན་སྲིད་འཛིན་གཏུག་བཤེར་བྱེད་སྒོར་བཅའ་ཁྲིམས་ཐོག་ནས་ལྟ་སྐུལ་བྱེད་པའི་འགན་འཁུར་རྒྱུ་དང་། འདྲི་གཅོད་ལྟ་སྐུལ་གྱི་གོ་རིམ་ཕུད་པའི་དམངས་དོན་སྲིད་འཛིན་འདྲི་གཅོད་ཀྱི་གོ་རིམ་གཞན་དག་ནང་འདྲི་གཅོད་མི་སྣའི་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་དཔྱོད་བྱ་རྒྱུའི་གྲོས་འགོ་འདོན་རྒྱུ། དམངས་དོན་སྲིད་འཛིན་གྱི་རྒྱབ་སྐྱོར་གཏུག་བཤེར་ལས་ཀ་སྤེལ་དགོས་པ་དང་། སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི་སྒྲུབ་འགན་འཁུར་ནས་མི་དམངས་ཁྲིམས་ཁང་གིས་ཁྲིམས་ར་འཚོགས་ནས་སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི་ཞིབ་གཅོད་བྱེད་སྐབས་མི་སྣ་བཏང་ནས་ཁྲིམས་རར་ཞུགས་པ་དང་། འབྲེལ་ཡོད་གཏན་འབེབས་ལྟར་ཞིབ་དཔྱོད་ཀྱི་གྲོས་འགོ་འདོན་དགོས།

ལྔ། ཞིབ་དཔྱོད་པུའུ་བཞི་པ།

བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་རྫོང་རིམ་པའི་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་གཅོད་བྱེད་པའི་ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་དང་ཉེས་བསགས་ལ་གནོད་འཚེ་གཏོང་བའི་གྱོད་གཞིར་ཞིབ་བཤེར་འཛིན་བཟུང་དང་། ཞིབ་བཤེར་ཁྲིམས་སྦྱོར། ཁྲིམས་རར་ཞུགས་ནས་གཞུང་ཕྱོགས་ཀྱི་ཁྲིམས་སྦྱོར་ལ་རྒྱབ་སྐྱོར། བསྐྱར་གཅོད་ཞུ་གཏུག་བཅས་བྱེད་འགན་འཁུར་རྒྱུ་དང་། འབྲེལ་ཡོད་གྱོད་དོན་ཐོ་འགོད་ལྟ་སྐུལ་དང་མྱུལ་ཞིབ་ལྟ་སྐུལ། འདྲི་གཅོད་ལྟ་སྐུལ། དེ་བཞིན་འབྲེལ་ཡོད་གྱོད་དོན་ལ་མྱུལ་ཞིབ་ཁ་གསབ་བཅས་བྱ་རྒྱུའི་འགན་འཁུར་དགོས།

དྲུག ཕྱོགས་བསྡུས་ལས་སྒོ་པུའུ།

གྱོད་གཞི་གཅིག་གྱུར་བདག་སྤྲོད་དང་འཁོར་རྒྱུག གྱོད་གཞི་ཞིབ་གཅོད་བརྒྱུད་རིམ་ལ་ལྟ་སྐུལ་ཚོད་འཛིན། གྱོད་འབྲེལ་རྒྱུ་ནོར་ལ་ལྟ་སྐུལ་དོ་དམ། བཅའ་ཁྲིམས་ཡིག་རིགས་ཀྱི་ལྟ་སྐུལ་དོ་དམ། གྱོད་གཞིའི་ཆ་འཕྲིན་ཡོངས་བསྒྲགས་བཅས་ཀྱི་འགན་འཁུར་དགོས་ལ། གྱོད་དོན་ཞིབ་གཅོད་ཀྱི་སྤུས་ཚད་དཔྱད་བསྡུར་དང་ལས་སྒོའི་དཔྱད་བསྡུར། ལས་སྒོ་བསྡོམས་རྩིས་དབྱེ་ཞིབ་བཅས་སྒྲིག་འཛུགས་བྱེད་འགན་འཁུར་དགོས་པ་མ་ཟད། ཞིབ་དཔྱོད་ཁང་དེ་གའི་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་རྒྱུན་ལྡན་ལས་ཀ་སྒྲུབ་འགན་འཁུར་དགོས་པ་དང་འབྲེལ་ཡོད་ཞིབ་དཔྱོད་ལས་ཀའི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གྲོས་གཞི་འདྲི་རྩད་ཀྱི་བསམ་འཆར་བསྡུ་ལེན་ལས་ཀ་སྒྲུབ་འགན་འཁུར་དགོས།

བདུན། ཆབ་སྲིད་པུའུ།

ཞིབ་དཔྱོད་ཁང་གི་ཏང་རྩ་འཛུགས་ལ་གཞོགས་འདེགས་བྱས་ནས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་དང་དཔུང་ཁག་འཛུགས་སྐྱོང་གི་ལས་ཀ་ལེགས་པར་བསྒྲུབ་པ་དང་། ཞིབ་དཔྱོད་ཁང་དེ་གའི་སྒྲིག་གཞིའི་སྒྲིག་ཁོངས་དོ་དམ་དང་མི་སྣ་རིགས་དབྱེ་དོ་དམ། ངལ་རྩོལ་གླ་ཕོགས་དོ་དམ། གཟེངས་བསྟོད་བྱ་དགའ་སོགས་ཀྱི་ལས་དོན་སྒྲུབ་འགན་འཁུར་དགོས་ལ། ཞིབ་དཔྱོད་ཁང་གི་ལས་ཁུངས་ཀྱི་ལས་བྱེད་པ་དཔྱད་ཞིབ་དང་བསྐོ་འཐེན། བཀོད་སྒྲིག་སོགས་ཀྱི་ལས་ཀའི་འགན་འཁུར་དགོས་པ་མ་ཟད། ཞིབ་དཔྱོད་ཁང་ལས་ཁུངས་ཀྱི་གསར་འགྱུར་དྲིལ་བསྒྲགས་ལས་ཀ་དང་ཞིབ་དཔྱོད་རིག་གནས་འཛུགས་སྤེལ་བྱེད་འགན་འཁུར་དགོས་ལ། ཁྲིམས་འཛིན་ཉེན་རྟོག་པའི་ཉིན་རྒྱུན་གྱི་དོ་དམ་བྱ་བའི་འགན་ཡང་འཁུར་དགོས།

2 ལས་ཐོག་འགོ་ཁྲིད།

ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་ཞིབ་དཔྱོད་འགོ་འཛིན། ཚའོ་ཞང་ཉིང་།

3 གཟི་བརྗིད་མཚན་སྙན།

སྤྱི་ལོ2017ལོའི་ཟླ་བཅུ་གཅིག་པར་དབྱིན་ཁྲོན་གྲོང་ཁྱེར་ཞིང་ཆིང་ཁུལ་མི་དམངས་ཞིབ་དཔྱོད་ཁང་ལ་ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མཛུབ་ཁྲིད་ཨུ་ལྷན་གྱིས་སྤྲད་པའི་རྒྱལ་ཡོངས་དཔལ་ཡོན་ཚན་པ་སྐབས་ལྔ་པའི་གཟི་བརྗིད་མཚན་སྙན་ཐོབ།


དཔྱད་གཞིའི་ཡིག་ཆ།