ཞི་ཞཱ་ཁུལ་མི་དམངས་ཞིབ་དཔྱོད་ཁང་།སྔ་མའི་པར་གཞི་དེ ཀླུ་བྷklumtso  ནས 2021-03-03 15:21ལ་འགྲུབ།

ཞི་ཞཱ་ཁུལ་མི་དམངས་ཞིབ་དཔྱོད་ཁང་།

ཞི་ཞཱ་ཁུལ་མི་དམངས་ཞིབ་དཔྱོད་ཁང་།
དབྱིན་ཁྲོན་གྲོང་ཁྱེར་ཞི་ཞཱ་ཁུལ་མི་དམངས་ཞིབ་དཔྱོད་ཁང་ནི་དབྱིན་ཁྲོན་གྲོང་ཁྱེར་ཞི་ཞཱ་ཁུལ་གྱི་མི་དམངས་ཞིབ་དཔྱོད་སྒྲིག་གཞི་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
银川市西夏区人民检察院
ཁོང་གཏོགས་ས་ཁུལ།
དབྱིན་ཁྲོན་གྲོང་ཁྱེར་ཞི་ཞཱ་ཁུལ།
ཁོང་གཏོགས་སྡེ་ཁག
བྱིན་ཁྲོན་གྲོང་ཁྱེར་ཞི་ཞཱ་ཁུལ་མི་དམངས་སྲིད་གཞུང་།
ལས་ཐོག་འགོ་ཁྲིད།
ཝང་ཨན་ཡུན།
1 ནང་ཁུལ་གྱི་སྒྲིག་གཞི།

གཅིག མྱུལ་ཞིབ་ལྟ་སྐུལ་པུའུ།

འགན་འཁྲི་གཙོ་བོ་ནི་ཞིབ་བཤེར་ཆོག་མཆན་དང་འཛིན་བཟུང་ཐག་གཅོད་བྱེད་འགན་འཁུར་རྒྱུ་དང་། ཉེས་དོན་གྱི་གྱོད་དོན་ཐོ་འགོད་བྱེད་སྒོ་སྤེལ་ཚུལ་ལ་ལྟ་སྐུལ་བྱ་རྒྱུ། མྱུལ་ཞིབ་ལས་ཁུངས་ཀྱི་མྱུལ་ཞིབ་བྱ་སྤྱོད་ལ་མྱུལ་ཞིབ་ལྟ་སྐུལ་བྱ་རྒྱུ་བཅས་ཡིན་ལ། “བཅའ་ཁྲིམས་གཉིས་སྦྲེལ་མཐུད”ཀྱི་ཆ་འཕྲིན་ལས་སྟེགས་དང་ཞིབ་དཔྱོད་དཔོན་ལྟ་སྐུལ་གཞུང་ལས་ཁང་གི་ལས་དོན་ཁག་ལ་འགན་འཁུར་དགོས།

གཉིས། གཞུང་གཏུག་པུའུ།

འགན་འཁྲི་གཙོ་བོ་ནི་ཁོངས་གཏོགས་ཁུལ་གྱི་ཉེས་དོན་ཉེས་གསོག་གྱོད་གཞིར་ཞིབ་བཤེར་ཁྲིམས་སྦྱོར་དང་ཁྲིམས་རར་ཞུགས་ནས་གཞུང་གཏུག་རྒྱག་པ། བསྐྱར་གཅོད་ཞུ་གཏུག་བཅས་ཀྱི་ལས་དོན་ལ་འགན་འཁུར་དགོས།

གསུམ། ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་པུའུ།

འགན་འཁྲི་གཙོ་བོ་ནི་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་ནང་གི་ན་སོ་དར་ལ་མ་བབས་པའི་མིའི་ཉེས་དོན་གྱོད་གཞི་ཞིབ་བཤེར་འཛིན་བཟུང་དང་ཞིབ་བཤེར་ཞུ་གཏུག ཁྲིམས་རར་ཞུགས་ནས་གཞུང་གཏུག་དང་མྱུལ་ཞིབ་ལྟ་སྐུལ། འདྲི་གཅོད་ལྟ་སྐུལ་བཅས་ཀྱི་ལས་དོན་བསྒྲུབ་རྒྱུའི་འགན་འཁུར་རྒྱུ། དེ་མིན་ན་སོ་དར་ལ་མ་བབས་པའི་མིར་སློབ་གསོ་དང་རོགས་རམ། རྟོག་ཞིབ། ཡོ་བསྲང་བཅས་ཀྱི་ལས་ཀ་སྤེལ་བ་དང་། ན་སོ་དར་ལ་མ་བབས་པའི་མིར་ཁྲིམས་ལུགས་སློབ་གསོ་དང་དྲིལ་བསྒྲགས། ཉེས་གསོག་སྔོན་འགོག་བཅས་ཀྱི་ལས་ཀ་སྤེལ་དགོས།

བཞི། ཉེས་དོན་ལག་བསྟར་ཞིབ་དཔྱོད་པུའུ།

འགན་འཁྲི་གཙོ་བོ་ནི་ཁོངས་གཏོགས་ཁུལ་ནང་གི་སྡེ་ཁུལ་ཡོ་བསྲང་ལས་ཀར་བཅའ་ཁྲིམས་ཀྱི་ལྟ་སྐུལ་བྱེད་འགན་འཁུར་བ་དང་། ཁོངས་གཏོགས་ཁུལ་དུ་ནུས་པ་ཐོན་པའི་རྒྱུ་ནོར་གྱི་ཁྲིམས་ཆད་ལག་བསྟར་བྱས་ཚུལ་ལ་བཅའ་ཁྲིམས་ཀྱི་ལྟ་སྐུལ་བྱེད་འགན་འཁུར་དགོས།

ལྔ། དམངས་དོན་སྲིད་འཛིན་ཞིབ་དཔྱོད་པུའུ།

འགན་འཁྲི་གཙོ་བོ་ནི་མི་དམངས་ཁྲིམས་ཁང་གིས་བཅའ་ཁྲིམས་ཀྱི་ནུས་པ་ཐོན་ཟིན་པའི་དམངས་དོན་དང་སྲིད་འཛིན་གྱི་དཔྱད་མཚམས་དང་བཀའ་བཅད་ལ་དངོས་གནས་ནོར་འཁྲུལ་ཡོད་པའམ་ཁྲིམས་བཀོད་ཀྱི་གོ་རིམ་དང་འགལ་བའི་རྐྱེན་གྱིས་གྱོད་དོན་ལ་ཡང་དག་པའི་སྒོ་ནས་དཔྱད་མཚམས་དང་བཀའ་བཅད་གཏོང་བར་ཤུགས་རྐྱེན་ཐེབས་སྲིད་པའམ་ཡང་ན་ནུས་པ་ཐོན་པའི་དམངས་དོན་འདུམ་འགྲིག་ཡི་གེར་རང་མོས་ཀྱི་རྩ་དོན་དང་འགལ་ཡོད་པ་ཤེས་ནས་རྒྱལ་ཁབ་ཀྱི་ཁེ་ཕན་ནམ་སྤྱི་ཚོགས་ཀྱི་སྤྱི་བའི་ཁེ་ཕན་ལ་གནོད་འཚེ་བཏང་རིགས། དེ་བཞིན་མི་དམངས་ཁྲིམས་ཁང་གིས་ལག་བསྟར་བྱེད་པ་དང་གཏུག་བཤེར་མིན་པའི་རིགས་ཀྱི་གྱོད་དོན་ལ་ནོར་འཁྲུལ་ཡོད་ཚེ། ཁྲིམས་ལྟར་བསྐྱར་གཅོད་ཡོང་རེ་ཞུ་བའམ་ཞིབ་དཔྱོད་བྱེད་པའི་འགན་འཁུར་དགོས།

དྲུག ཁྲིམས་སྦྱོར་རྒྱུ་མཚན་ཞུ་འབུལ་ཞིབ་དཔྱོད་པུའུ།

འགན་འཁྲི་གཙོ་བོ་ནི་གྱོད་དོན་སྙན་སེང་ཞུ་བ་དང་ཞུ་གཏུག་དང་ཐེར་འདོན་གོང་ཞུ་བཅས་སྒྲུབ་འགན་འཁུར་རྒྱུ་དང་། ཉེས་ཅན་གྱི་རང་ཉེས་རང་ཞུ་དང་ལེན་བྱ་རྒྱུ། མི་དམངས་ཞིབ་དཔྱོད་ཁང་གིས་འཛིན་བཟུང་ཆོག་མཆན་མི་འགོད་པ་དང་ཁྲིམས་སྦྱོར་མི་བྱེད་པ། གྱོད་དོན་ཕྱིར་འཐེན་བྱེད་པ་བཅས་དང་དེ་བཞིན་ཐག་གཅོད་གཏན་འབེབས་གཞན་དག་ལ་མོས་མཐུན་མེད་པའི་རྒྱུ་མཚན་ཞུ་འབུལ་བདག་སྤྲོད་བྱ་རྒྱུ། གཞན་མི་དམངས་ཁྲིམས་ཁང་གི་ཁྲིམས་ནུས་ཐོན་ཟིན་པའི་ཉེས་དོན་གྱི་དཔྱད་མཚམས་དང་བཀའ་བཅད་བཏང་དོན་བློར་མ་བབས་པའི་རྒྱུ་མཚན་ཞུ་འབུལ་བདག་སྤྲོད་བྱ་རྒྱུ། མི་དམངས་ཞིབ་དཔྱོད་ཁང་ལ་གུན་གསབ་འོས་འགན་ཡོད་པའི་ཉེས་དོན་གུན་གསབ་གྱོད་དོན་སོགས་ཀྱི་བྱ་བ་དང་ལེན་དང་། ཐེར་འདོན་བྱ་དགའ་སྤྲོད་པ་དང་བཅའ་ཁྲིམས་དྲིལ་བསྒྲགས་སོགས་ཀྱི་ལས་ཀ་ལེགས་པར་བསྒྲུབ་དགོས།

བདུན། ལས་སྒོ་དོ་དམ་པུའུ།

འགན་འཁྲི་གཙོ་བོ་ནི་རང་ཞིབ་དཔྱོད་ཁང་གིས་ཞིབ་གཅོད་བྱས་པའི་གྱོད་གཞིར་གཅིག་གྱུར་བདག་སྤྲོད་དང་བརྒྱུད་རིམ་ལ་ལྟ་སྐུལ་ཚོད་འཛིན། གྱོད་གཞི་རྗེས་ཀྱི་དཔྱད་བཤེར། བསྡོམས་རྩིས་དབྱེ་ཞིབ། ཆ་འཕྲིན་འདྲི་རྩད། ཕྱོགས་བསྡུས་དཔྱད་ཞིབ་སོགས་ལག་བསྟར་བྱས་ནས་གྱོད་གཞི་སྒྲུབ་གཉེར་གྱི་དུས་བཀག་དང་། གྱོད་གཞི་སྒྲུབ་གཉེར་གྱི་གོ་རིམ། གྱོད་གཞི་སྒྲུབ་གཉེར་གྱི་སྤུས་ཚད་སོགས་ལ་དོ་དམ་དང་ལྟ་སྐུལ། སྔོན་བརྡ་གཏོང་བ་བཅས་བྱེད་དགོས་ལ། དེ་མིན་ཞིབ་དཔྱོད་ཁང་དེ་གའི་མིང་ཐོག་ནས་བཟོས་པའི་འབྲེལ་ཡོད་བཅའ་ཁྲིམས་ཡིག་རིགས་ལ་ལྟ་སྐུལ་དོ་དམ་བྱེད་པའི་གཅིག་གྱུར་གྱིས་འགན་འཁུར་དགོས།

བརྒྱད། སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ཁང་།

འགན་འཁྲི་གཙོ་བོ་ནི་ཞིབ་དཔྱོད་ཁང་དེ་གའི་ལས་བྱེད་ཉེན་རྟོག་པའི་ཁྲིམས་འགལ་སྒྲིག་འགལ་གྱི་གྱོད་གཞི་དང་གལ་ཆེའི་རིགས་དང་རྙོག་འཛིང་ཆེ་བའི་གྱོད་གཞི་གཞན་དག་ཞིབ་བཤེར་ཐག་གཅོད་བྱེད་རྒྱུའི་འགན་འཁུར་རྒྱུ་དང་། ཞིབ་དཔྱོད་མི་སྣས་ཏང་གི་སྒྲིག་ཡིག་བརྩི་སྲུང་དང་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། ཆོད་དོན། བཀའ་རྒྱ་བཅས་ལག་བསྟར་བྱས་ཚུལ་དང་དེ་བཞིན་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བྱས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་དགོས།

2 ལས་ཐོག་འགོ་ཁྲིད།

ཝང་ཨན་ཡུན། དབྱིན་ཁྲོན་གྲོང་ཁྱེར་ཞི་ཞཱ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་ཞིབ་དཔྱོད་འགོ་འཛིན།

ཀྲང་ཅེ་ཝུའུ། དབྱིན་ཁྲོན་གྲོང་ཁྱེར་ཞི་ཞཱ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཏང་རྩ་འཛུགས་ཀྱི་ཁོངས་མི་དང་ཞིབ་དཔྱོད་འགོ་འཛིན་གཞོན་པ།

ཀུའོ་ཧའེ་ཧུང་། དབྱིན་ཁྲོན་གྲོང་ཁྱེར་ཞི་ཞའ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཏང་རྩ་འཛུགས་ཀྱི་ཁོངས་མི་དང་ཞིབ་དཔྱོད་འགོ་འཛིན་གཞོན་པ།

ཀྲའོ་ཆི་ཆིན། དབྱིན་ཁྲོན་གྲོང་ཁྱེར་ཞི་ཞའ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཏང་རྩ་འཛུགས་ཀྱི་ཁོངས་མི་དང་སྒྲིག་བཤེར་ཚོ་ཆུང་གི་འགོ་འཛིན།

ཀྲང་མིང་། དབྱིན་ཁྲོན་གྲོང་ཁྱེར་ཞི་ཞཱ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཏང་རྩ་འཛུགས་ཀྱི་ཁོངས་མི་དང་གཞུང་གཏུག་པུའུ་ཡི་པུའུ་ཀྲང་གཞོན་པ།

དབྱང་ཡན། དབྱིན་ཁྲོན་གྲོང་ཁྱེར་ཞི་ཞཱ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཏང་རྩ་འཛུགས་ཀྱི་ཁོངས་མི་དང་ལས་སྒོ་དོ་དམ་པུའུ་ཡི་པུའུ་ཀྲང་གཞོན་པ།

ཀའོ་ཧྥེང་ཡན། དབྱིན་ཁྲོན་གྲོང་ཁྱེར་ཞི་ཞཱ་ཁུལ་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་ཨུ་ལྷན་གྱི་ཆེད་བསྐོས་ཨུ་ཡོན།

མའེ་ཞིན། དབྱིན་ཁྲོན་གྲོང་ཁྱེར་ཞི་ཞཱ་ཁུ་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཨུ་ཡོན།


དཔྱད་གཞིའི་ཡིག་ཆ།