ཞི་ཅི་རྫོང་མི་དམངས་ཞིབ་དཔྱོད་ཁང་།སྔ་མའི་པར་གཞི་དེ ཀླུ་བྷklumtso  ནས 2021-03-03 15:20ལ་འགྲུབ།

ཞི་ཅི་རྫོང་མི་དམངས་ཞིབ་དཔྱོད་ཁང་།

ཞི་ཅི་རྫོང་མི་དམངས་ཞིབ་དཔྱོད་ཁང་།
ཞི་ཅི་རྫོང་མི་དམངས་ཞིབ་དཔྱོད་ཁང་ནི་སྤྱི་ལོ1950ལོའི་ཟླ10པར་བཙུགས་པ་དང་། ཐོག་མའི་མིང་ལ་ཞི་ཅི་རྫོང་མི་དམངས་ཞིབ་དཔྱོད་ཧྲུའུ་ཟེར་ལ། སྔ་རྗེས་སུ་ཀན་སུའུ་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཧྲུའུ་ཕིང་ལྭིང་ཆེད་ཁུལ་ཡན་ལག་ཧྲུའུ་དང་ཞི་ཧའེ་ཀུའུ་ཧུའེ་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཀུའུ་ཡོན་ཡན་ལག་ཁང་དང་ཀུའུ་ཡོན་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཁོངས་སུ་གཏོགས་ལ། སྤྱི་ལོ1954ལོའི་ཟླ12པར་ཞི་ཅི་རྫོང་མི་དམངས་ཞིབ་དཔྱོད་ཁང་དུ་མིང་བསྒྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
西吉县人民检察院
གནས་ཡུལ།
ཀུའུ་ཡོན་གྲོང་ཁྱེར།
1 ​ནང་ཁུལ་གྱི་སྒྲིག་གཞི།
1_1 གཅིག གཞུང་ལས་ཁང་།

ལས་ཁུངས་ཀྱི་ཡིག་ཆ་དང་ཚོགས་དོན། གསང་གནད་ཡིག་ཚགས། གསང་སྲུང་། ཕྱི་དོན་སོགས་ཀྱི་ལས་ཀ་བྱེད་འགན་འཁུར་རྒྱུ། ཞིབ་དཔྱོད་ཁང་གི་ཏང་རྩ་འཛུགས་ཀྱི་གྲོས་ཚོགས་དང་ཞིབ་དཔྱོད་འགོ་འཛིན་གྱི་གྲོས་ཚོགས། ལས་དོན་གྲོས་ཚོགས་བཅས་ཀྱི་ལས་ཀ་བྱེད་འགན་འཁུར་རྒྱུ། ལས་རོགས་ཁང་གི་འགོ་ཁྲིད་ཀྱིས་ཞིབ་དཔྱོད་སྲིད་དོན་ཐག་གཅོད་བྱེད་པ་དང་ཞིབ་དཔྱོད་ཁང་གི་ལས་དོན་བཀོད་སྒྲིག་གལ་ཆེན་དང་ཐབས་ཇུས་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྒྲིག་འཛུགས་དང་མཐུན་སྦྱོར་བྱས་ཏེ་འབྲེལ་ཡོད་ཡིག་ཆ་དང་ཟིན་བྲིས་འགོད་རྒྱུ་དང་ཞིབ་བཤེར་བྱེད་པ་དང་། དྲུང་ཡིག་ལས་དོན་ལ་དོ་དམ་བྱེད་པ། ཞིབ་དཔྱོད་ཆ་འཕྲིན་ཐག་གཅོད་བྱས་ནས་ནང་ཁུལ་གྱི་གསར་འགྱུར་མདོར་བསྡུས་བཟོས་ཏེ་འགྲེམས་སྤེལ་བྱེད་པ།  གོང་རིམ་ཞིབ་དཔྱོད་ཁང་གིས་སྒྲུབ་འགན་སྤྲད་པའི་དོན་དག་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་འབྲེལ་གཏུག་བྱེད་པའི་ལས་ཀ་དང་ཆེད་བསྐོས་ཞིབ་དཔྱོད་པའི་འབྲེལ་གཏུག་ལས་ཀ་སྒྲུབ་འགན་འཁུར་དགོས་ལ། འགོ་ཁྲིད་བློ་མཐུན་གྱིས་ཞིབ་མཆན་འགོད་པའི་དོན་དག་ལ་ལྟ་ཞིབ་བྱེད་པའི་ལས་ཀ་དང་ཞིབ་དཔྱོད་ཁང་ཕྱི་ནང་གི་ཕྱོགས་བསྡུས་མཐུན་སྦྱོར་བྱེད་འགན་འཁུར་དགོས། གཞན་ལས་ཁུངས་ཀྱི་ནོར་དོན་དོ་དམ་དང་སྒྲིག་ཆས་དོ་དམ། རྒྱབ་ཕྱོགས་ཞབས་ཞུའི་འགན་སྲུང་སོགས་ཀྱི་ལས་ཀ་བྱེད་འགན་འཁུར་དགོས་ལ། ལས་ཁུངས་ཀྱི་འཕྲིན་གཏོང་དང་རྩིས་འཁོར་དྲ་རྒྱ། རིག་ནུས་ཚོགས་འདུ། ཆ་འཕྲིན་བདེ་འཇགས། ཆ་འཕྲིན་བེད་སྤྱོད། གཙོ་ཆེའི་དྲ་ཚིགས་བཅས་ཀྱི་རྒྱུན་ལྡན་དོ་དམ་དང་སྲུང་སྐྱོང་། འགན་སྲུང་སོགས་ཆ་འཕྲིན་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་ལས་ཀ་བྱེད་འགན་འཁུར་དགོས།

1_2 གཉིས། ཞིབ་དཔྱོད་པུའུ་དང་པོ།

ཉེས་དོན་གྱི་གྱོད་གཞི་ཞིབ་བཤེར་འཛིན་བཟུང་དང་ཞིབ་བཤེར་ཁྲིམས་སྦྱོར་། ཁྲིམས་རར་ཞུགས་ནས་གཞུང་ཕྱོགས་ཀྱི་ཁྲིམས་སྦྱོར་དང་བསྐྱར་གཅོད་ཡོང་རེ་ཞུ་བར་རྒྱབ་སྐྱོར་བྱེད་འགན་འཁུར་རྒྱུ་དང་། འབྲེལ་ཡོད་ཀྱི་གྱོད་དོན་ཐོ་འགོད་ལ་ལྟ་སྐུལ་དང་མྱུལ་ཞིབ་ལ་ལྟ་སྐུལ། འདྲི་གཅོད་ལ་ལྟ་སྐུལ། དེ་བཞིན་འབྲེལ་ཡོད་ཀྱི་གྱོད་དོན་ལ་ཁ་གསབ་མྱུལ་ཞིབ་བཅས་བྱ་དགོས། གཞན་ཞི་ཅི་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་བདག་སྐྱོང་བྱེད་ཁོངས་ཀྱི་འབྲེལ་ཡོད་ཉེས་དོན་ཞུ་སྦྱོར་གྱོད་གཞི་ཞིབ་གཅོད་བྱེད་དགོས།

1_3 གསུམ། ཞིབ་དཔྱོད་པུའུ་གཉིས་པ།

ཞི་ཅི་རྫོང་མི་དམངས་ཞིབ་དཔྱོད་་ཁང་གི་དམངས་དོན་སྲིད་འཛིན་གཏུག་བཤེར་བྱེད་སྒོར་བཅའ་ཁྲིམས་ལྟར་ལྟ་སྐུལ་བྱེད་པའི་འགན་འཁུར་རྒྱུ་དང་། འདྲི་གཅོད་ལྟ་སྐུལ་གོ་རིམ་ཕུད་པའི་དམངས་དོན་སྲིད་འཛིན་འདྲི་གཅོད་གོ་རིམ་གཞན་དག་ཁྲོད་ཀྱི་འདྲི་གཅོད་པའི་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་དཔྱོད་ཀྱི་གྲོས་འགོ་འདོན་རྒྱུ། དམངས་དོན་སྲིད་འཛིན་ལག་བསྟར་བྱེད་སྒོར་བཅའ་ཁྲིམས་ཀྱི་ལྟ་སྐུལ་བྱ་རྒྱུ། དམངས་དོན་སྲིད་འཛིན་གྱི་རྒྱབ་སྐྱོར་གཏུག་བཤེར་ལས་ཀ་སྤེལ་དགོས་པ། དེ་མིན་སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི་སྒྲུབ་འགན་ཁུར་ནས་མི་དམངས་ཁྲིམས་ཁང་གིས་ཁྲིམས་ར་འཚོགས་ནས་སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི་ཞིབ་གཅོད་བྱེད་སྐབས་མི་སྣ་བཏང་ནས་ཁྲིམས་རར་ཞུགས་པ་དང་། འབྲེལ་ཡོད་གཏན་འབེབས་ལྟར་ཞིབ་དཔྱོད་ཀྱི་གྲོས་འགོ་འདོན་དགོས་ལ། ཞི་ཅི་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་བདག་ཁོངས་ཀྱི་དམངས་དོན་སྲིད་འཛིན་དང་སྤྱི་ཕན་གཏུག་བཤེར་གྱི་ཞུ་སྦྱོར་གྱོད་དོན་ཐག་གཅོད་བྱེད་དགོས།

1_4 བཞི། ཞིབ་དཔྱོད་པུའུ་གསུམ་པ།

ལྟ་སྲུང་ཁང་དང་སྡེ་ཁུལ་ཡོ་བསྲང་སྒྲིག་གཞི་སོགས་ཁྲིམས་བསྟར་བྱེད་སྒོར་ལྟ་སྐུལ་བྱེད་འགན་འཁུར་རྒྱུ་དང་། ཉེས་དོན་ཁྲུན་བཅད་དང་ཁྲུན་བཅད་ལག་བསྟར། བཙན་འདོམས་སྨན་བཅོས་ལག་བསྟར། བཀག་ཉར། གྱོད་གཞི་ཞིབ་གཅོད་དུས་བཀག་བཅས་ལ་ལྟ་སྐུལ་བྱ་རྒྱུ་དང་བཀག་ཉར་གྱི་དགོས་ངེས་རང་བཞིན་ལ་ཞིབ་བཤེར་བྱ་རྒྱུ། ཉེས་ཅན་གྱིས་སླར་ཡང་བྱས་ཉེས་བསགས་པའི་གྱོད་གཞི་ཞིབ་གཅོད་བྱེད་པ། རྫོང་རིམ་པའི་མི་དམངས་ཞིབ་དཔྱོད་ཁང་གིས་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་ཁྲིམས་འཛིན་ལས་བྱེད་མི་སྣས་འགན་དབང་སྤྱད་དེ་ཁྲིམས་འགལ་གྱིས་བཀག་སྐྱིལ་དང་ཚ་འདྲི་བྱས་ནས་ངོས་ལེན་ཞུ་རུ་འཇུག་པ། ཁྲིམས་འགལ་གྱིས་སྔོག་བཤེར་བྱེད་པ་སོགས་སྤྱི་དམངས་ཀྱི་ཁེ་དབང་ལ་གནོད་འཚེ་གཏོང་བ་དང་ཁྲིམས་འཛིན་དྲང་གཞག་ལ་གནོད་འཚེ་གཏོང་བའི་ཉེས་གསོག་གྱོད་གཞི་མྱུལ་ཞིབ་བྱེད་འགན་འཁུར་དགོས་པ། དེ་མིན་ཞི་ཅི་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཁྲིམས་སྦྱོར་དང་རྒྱུ་མཚན་ཞུ་འབུལ་བདག་སྤྲོད་བྱེད་པའི་འགན་འཁུར་དགོས་ལ། བདག་སྤྲོད་བྱེད་ཁོངས་ནང་གི་རྒྱལ་ཁབ་ཀྱི་སྐྱིན་ཚབ་དང་ཁྲིམས་འཛིན་རོགས་སྐྱོབ་ཀྱི་གྱོད་དོན་སྒྲུབ་འགན་འཁུར་རྒྱུ། རྫོང་རིམ་པའི་མི་དམངས་ཞིབ་དཔྱོད་ཁང་གི་འགན་འཁྲིའི་ཁྱབ་ཁོངས་ནང་གི་ཡིག་བསྐུར་ངོ་བཅར་གྱི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་སྒྲིག་འཛུགས་དང་ལག་བསྟར་བྱེད་འགན་འཁུར་རྒྱུ། གྱོད་གཞི་གཅིག་གྱུར་བདག་སྤྲོད་དང་འཁོར་རྒྱུག གྱོད་གཞི་ཞིབ་གཅོད་བརྒྱུད་རིམ་ལ་ལྟ་སྐུལ་ཚོད་འཛིན། གྱོད་འབྲེལ་རྒྱུ་ནོར་ལ་ལྟ་སྐུལ་དོ་དམ། བཅའ་ཁྲིམས་ཡིག་རིགས་ལ་ལྟ་སྐུལ་དོ་དམ། གྱོད་གཞིའི་ཆ་འཕྲིན་ཡོངས་བསྒྲགས་བཅས་བྱེད་འགན་འཁུར་དགོས། 

1_5 ལྔ། ཆབ་སྲིད་པུའུ།

ཞིབ་དཔྱོད་ཁང་གི་ཏང་རྩ་འཛུགས་ལ་གཞོགས་འདེགས་བྱས་ནས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་དང་། འདུ་ཤེས་འཛིན་སྟངས་དོ་དམ། དཔུང་ཁག་འཛུགས་སྐྱོང་བཅས་ཀྱི་ལས་དོན་ལེགས་པར་བསྒྲུབ་དགོས་ལ། ཞིབ་དཔྱོད་ཁང་གི་ཏང་རྩ་འཛུགས་ཀྱི་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་སློབ་སྦྱོང་དང་ལས་བྱེད་ཉེན་རྟོག་པའི་སློབ་གསོ་གསོ་སྦྱོང་ལས་ཀའི་འགན་འཁུར་དགོས། དེ་མིན་ད་དུང་ཞིབ་དཔྱོད་ཁང་དེ་གའི་སྒྲིག་གཞིའི་སྒྲིག་ཁོངས་དོ་དམ་དང་མི་སྣ་རིགས་དབྱེ་དོ་དམ། ངལ་རྩོལ་གླ་ཕོགས་དོ་དམ། གཟེངས་བསྟོད་བྱ་དགའ་སོགས་ཀྱི་ལས་དོན་སྒྲུབ་འགན་འཁུར་དགོས་པ་དང་། ཞིབ་དཔྱོད་ཁང་གི་ལས་ཁུངས་ཀྱི་ལས་བྱེད་པ་དཔྱད་ཞིབ་དང་བསྐོ་འཐེན། བཀོད་སྒྲིག་སོགས་ཀྱི་ལས་ཀའི་འགན་འཁུར་དགོས་ལ། ཞིབ་དཔྱོད་ཁང་ལས་ཁུངས་ཀྱི་གསར་འགྱུར་དྲིལ་བསྒྲགས་ལས་ཀ་དང་ཞིབ་དཔྱོད་རིག་གནས་འཛུགས་སྤེལ་བྱེད་འགན་འཁུར་དགོས་པ་མ་ཟད། ཁྲིམས་འཛིན་ཉེན་རྟོག་པའི་ཉིན་རྒྱུན་གྱི་དོ་དམ་བྱ་བར་འགན་འཁུར་དགོས།

2 མི་སྣའི་སྒྲིག་ཁོངས།

ཞི་ཅི་རྫོང་མི་དམངས་ཞིབ་དཔྱོད་ཁང་ནི་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཀྱི་སྒྲིག་གཞི་ཚང་བའི་གཞི་རིམ་ཞིབ་དཔྱོད་ཁང་ཞིག་ཡིན་པ་དང་། ད་ཆ་སྲིད་ཁྲིམས་ཆེད་དོན་སྒྲིག་ཁོངས་སུ་ཡོད་པའི་མི་གྲངས47དང་དངོས་གནས་ཞིབ་དཔྱོད་ལས་བྱེད་ཉེན་རྟོག་པ43(སྲིད་ཁྲིམས་ཆེད་དོན་སྒྲིག་ཁོངས་སུ་ཡོད་པའི་ལས་ཀ་བྱེད་མཁན3ཡོད)ཡོད་པ་དང་། ཏང་ཡོན33ཡོད་པ་དེས70.2%ཟིན་མཔ་དང་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་ཉེན་རྟོག་པ24ཡོད་པ་དེས་བརྒྱ་ཆའི51དང། བུད་མེད་ལས་བྱེད་པ12ཡོད་པ་དེས་བརྒྱ་ཆའི26ཟིན་ཡོད། གཞན་ཁྲུའུ་རིམ་པའི་ལས་བྱེད་པ1དང་ཁོའོ་རིམ་པ་རྒན་པའི་ལས་བྱེད་པ13 ཁོའོ་རིམ་པ་གཞོན་པའི་ལས་བྱེད་པ11(ཀྲུའུ་རེན་གཞོན་པ་ཁོའོ་ཡོན2ཚུད་པ)བཅས་ཡོད། དེ་མིན་ད་དུང་བཅད་གྲངས་ལམ་ལུགས་ཀྱི་ཞིབ་དཔྱོད་དཔོན14དང་ལས་རོགས་ཞིབ་དཔྱོད་པ14 ཁྲིམས་འཛིན་ཉེན་རྟོག་པ5 ཞིབ་དཔྱོད་ཁང་གི་ཏང་རྩ་འཛུགས་ཀྱི་ཁོངས་མི5 ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན11བཅས་ཡོད་ལ། དེའི་ནང་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཨུ་ཡོན2ཡོད། མིག་སྔར་ལམ་ལུགས་མང་ཆེ་བའི་བསྒྱུར་བཅོས་ཀྱི་བླང་བྱ་ལྟར་ནང་ཁུལ་དུ་བཙུགས་པའི་སྒྲིག་གཞི5གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ཡོད་པ་སྟེ། དེ་དག་ནི་གཞུང་ལས་ཁང་དང་ཆབ་སྲིད་པུའུ། ཞིབ་དཔྱོད་པུའུ་དང་པོ། ཞིབ་དཔྱོད་པུའུ་གཉིས་པ། ཞིབ་དཔྱོད་པུའུ་གསུམ་པ་བཅས་ཡིན།

3 ལས་ཁུངས་ཀྱི་མཚན་སྙན།

ཞི་ཅི་རྫོང་མི་དམངས་ཞིབ་དཔྱོད་ཁང་ལ་སྔ་རྗེས་སུ་སྐབས་ལྔ་པའི“རྒྱལ་ཡོངས་ཀྱི་དཔལ་ཡོན་ཚན་པ”དང་ཁུལ་ཡོངས་ཀྱི་ཁྲིམས་ལྟར་བཅོས་སྐྱོང་དཔེ་སྟོན་ཚན་པ་སོགས་ཐུན་མོང་གི་གཟི་བརྗིད་མཚན་སྙན40ལྷག་ཙམ་ཐོབ་ཡོད་པ་དང་། སྤྱི་ལོ2020ལོའི་ཟླ་བཅུ་གཉིས་པར་སྤྱི་ལོ2019ནས་སྤྱི་ལོ2020ལོའི་བར་གྱི་གྲོན་ཆུང་ཅན་གྱི་སྤྱི་བའི་སྒྲིག་གཞིའི་དཔེ་སྟོན་ཚན་པའི་མིང་ཐོའི་ནང་ཚུད་པ་རེད།


དཔྱད་གཞིའི་ཡིག་ཆ།