ཝེ་ཡོན་རྫོང་ཁྲིམས་འཛིན་ཅུའུ།སྔ་མའི་པར་གཞི་དེ ཀླུ་བྷklumtso  ནས 2021-03-03 15:19ལ་འགྲུབ།

ཝེ་ཡོན་རྫོང་ཁྲིམས་འཛིན་ཅུའུ།

ཝེ་ཡོན་རྫོང་ཁྲིམས་འཛིན་ཅུའུ།
ཝེ་ཡོན་རྫོང་ཁྲིམས་འཛིན་ཅུའུ་ནི་རྫོང་སྲིད་གཞུང་གིས་རྫོང་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་ལ་དོ་དམ་བྱེད་པའི་འགན་ནུས་སྡེ་ཁག་ཅིག་ཡིན་པ་དང་། སྲིད་འཛིན་ལས་ཁུངས་སུ་གཏོགས་ལ་དེའི་ནང་ཁུལ་དུ་འགན་ནུས་སྒྲིག་གཞི5བཙུགས་ཡོད་ལ། སྒྲིག་ཁོངས་སུ་ཡོད་པའི་ལས་བྱེད་མི་སྣ26ཡོད་པའི་ནང་སྲིད་འཛིན་སྒྲིག་ཁོངས་སུ་ཡོད་པའི་མི26ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
渭源县司法局
སྒྲིག་ཁོངས་མི་གྲངས།
26
ཕྱི་ཡིག་གི་མིང་།
Weiyuan County Bureau of Justice
འགན་འཁྲི་གཙོ་བོ།
རྫོང་ཡོངས་ཀྱི་གཞུང་དཔང་ལས་དོན་ལ་འགན་འཁུར་དགོས་པ།
1 འགན་འཁྲི་གཙོ་བོ།

གཅིག རྫོང་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་བྱ་བའི་བྱེད་ཕྱོགས་དང་སྲིད་ཇུས། ལམ་ལུགས་སྣ་ཚོགས་གཏན་འབེབས་བྱས་ཏེ། རྫོང་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་བྱ་བའི་འཆར་འགོད་དང་ལོ་རེའི་འཆར་གཞི་སྒྲིག་བཟོ་བྱེད་དགོས།

གཉིས། རྫོང་ཡོངས་དང་ལས་རིགས་ཁག་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ལས་ཀར་མཛུབ་སྟོན་བྱེད་འགན་འཁུར་དགོས།

གསུམ། རྫོང་ཡོངས་ཀྱི་སྤྱི་ཚོགས་བཅའ་ཁྲིམས་ཞབས་ཞུའི་ལས་དོན་དོ་དམ་བྱེད་འགན་འཁུར་དགོས།

བཞི། རྫོང་ཡོངས་ཀྱི་གཞུང་དཔང་ལས་ཀར་དོ་དམ་བྱེད་འགན་འཁུར་དགོས།

ལྔ། རྫོང་ཡོངས་ཀྱི་ཁྲིམས་འཛིན་ཁང་གི་བྱ་བར་དོ་དམ་དང་འགོ་ཁྲིད་བྱེད་དགོས།

དྲུག རྫོང་ཨུ་དང་རྫོང་སྲིད་གཞུང་། གོང་རིམ་ལས་སྒོ་གཙོ་གཉེར་སྡེ་ཁག་བཅས་ཀྱིས་བསྒྲུབ་རྒྱུར་སྤྲད་པའི་ལས་ཀ་གཞན་དག་སྒྲུབ་འགན་འཁུར་དགོས།

2 ལས་ཐོག་འགོ་ཁྲིད།

ཝེ་ཡོན་རྫོང་ཁྲིམས་འཛིན་ཅུའུ་ཡི་ཅུའུ་ཀྲང་ཏུང་ཅན་ཅུན།

དཔྱད་གཞིའི་ཡིག་ཆ།